མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སློབ་གྲྭ་ཆེན་མོ་ཞིག་གིས་ཁུང་ཙིའི་ལྟེ་གནས་ཁང་སྒོ་བརྒྱག་གཏན་འཁེལ་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་དྲག་གནོན་འོག་གནས་པའི་བོད་དང་ཡུ་གུར། ཧོང་ཀོང་དང་ཐའེ་ཝན། རྒྱ་རིགས་ལས་འགུལ་བ་སོགས་ཀྱིས་ཁུང་ཙི་ལྟེ་གནས་ཁང་སྒོ་བརྒྱབ་དགོས་པའི་ངོ་རྒོལ་རིམ་པ་སྤེལ་བ་བརྒྱུད། ད་རེས་ཨ་རིའི་ཊའོ་ཧྤི་ཊི་གཙུག་ལག་སློབ་གྲྭ་ཆེན་མོས་ཁུང་ཙི་ལྟེ་གནས་ཁང་ཟེར་བ་སྒོ་བརྒྱག་གཏན་འཁེལ་ཡོད་འདུག

ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉེ་བའི་ལོ་ཤས་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གཙོས་བོད་མི་དང་ཧོང་ཀོང་། ཡུ་གུར་དང་ཐའེ་ཝན་བཅས་དང་། ས་གནས་གྲོང་ཁྱེར་དང་མངའ་སྡེའི་མགོ་ཁྲིད་སོགས་ནས་ལས་འགུལ་བསྟུད་མར་སྤེལ་བ་བརྒྱུད། ཁ་སང་ཨ་རིའི་མངའ་སྡེ་བྷོ་སི་ཊོན་གྱི་གྲོང་ཁྱེར་མའེ་ཌི་ཧྥོར་ཌི་ (Medford) ནང་རྟེན་གཞི་བྱས་པའི་ཊའོ་ཧྥི་ཊི་ (Tufts) གཙུག་ལག་སློབ་གྲྭ་ཆེན་མོས། སློབ་གླིང་དེའི་ནང་རྒྱ་སྐད་རྒྱ་ཡིག་སློབ་འཁྲིད་ཀྱིས་རྒྱ་ནག་དམར་ཤོག་ལྟ་གྲུབ་རྒྱ་སྐྱེད་གཏོང་ཐབས་ཀྱི་ཁུང་ཙི་ལྟེ་གནས་ཁང་འདི་ལོའི་ཕྱི་ཟླ་ ༩ ནང་ནས་བཟུང་སྒོ་བརྒྱབ་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་ཡོད་འདུག

དེ་འབྲེལ་ཐད། ཊའོ་ཧྥི་ཊི་གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འཛིན་སྐྱོང་འགན་འཛིན་ (Diana Chigas) ལགས་ཀྱིས་ཁྱབ་ཁོངས་ཡན་ལག་སློབ་གྲྭ་ཁག་ལ་འཕྲིན་ཡིག་ཅིག་བཏང་སྟེ། འདི་ལོའི་ཕྱི་ཟླ་ ༩ ནང་ཁུང་ཙི་ལྟེ་གནས་ཁང་དང་སློབ་གླིང་གཉིས་བར་བཞག་པའི་རྒྱ་སྐད་རྒྱ་ཡིག་སློབ་འཁྲིད་ཀྱི་གྲོས་མཐུན་ཡིག་ཆ་ནུས་མེད་དུ་གཏང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཁུང་ཙི་ལྟེ་གནས་ཁང་དེ་ཕྱི་ལོ་ ༢༠༡༥ ལོར་ཐོག་མར་ཊའོ་ཧྥི་ཊི་གཙུག་ལག་སློབ་གཉེར་ཁང་གི་སློབ་གསོའི་ལམ་ལུགས་ནང་ཞུགས་ཤིང་། ཕྱི་ལོ་ ༢༠༡༩ ལོར་ཕྱོགས་གཉིས་དབར་གྱི་གྲོས་ཡིག་བསྐྱར་མཐུད་ཞུས་ཡོད་འདུག

ཁུང་ཙི་ལྟེ་གནས་ཁང་སྒོ་བརྒྱག་རྒྱུའི་གནས་ཚུལ་དང་འབྲེལ། ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། གནས་ཚུལ་འདི་ནི་བོད་མི་དང་ཡུ་གུར་བ། ཧོང་ཀོང་དང་ཐའེ་ཝན། རྒྱ་རིགས་ལས་འགུལ་བ་དང་། བྷོ་སི་ཊོན་གྲོང་ཁྱེར་ (Somerville) དང་མའེ་ཌི་ཧྥོར་ཌིའི་ཉེ་འཁྲིས་ཀྱི་ང་ཚོའི་མཐུན་གྲོགས་ཚོར་རྒྱལ་ཁ་ཞིག་ཆགས་ཀྱི་ཡོད་པ་དང་། ང་ཚོའི་ལས་འགུལ་འདིས་ཊའོ་ཧྥི་ཊིའི་འཛིན་སྐྱོང་དང་སློབ་གྲྭ་གཉིས་ནས་མི་རིགས་རྩ་གཏོར་གཏོང་མཁན་གྱི་གཞུང་ཞིག་དང་ལྷན་དུ་མཉམ་འབྲེལ་བྱས་ཚེ། ཊའོ་ཧྥི་ཊོའི་སློབ་མ་དང་ཉེ་འཁོར་སྤྱི་ཚོགས་ཀྱི་རིན་ཐང་དང་འགལ་གྱི་ཡོད་པ་གསལ་འདོན་བྱས་ཡོད། ཅེས་བརྗོད་ཡོད་པ་དང་། བོད་དང་ཡུ་གུར། ཐའེ་ཝན་སོགས་ཀྱི་ལས་འགུལ་བ་མང་པོས་སློབ་གླིང་དེས་ཁུང་ཙི་ལྟེ་གནས་ཁང་སྒོ་རྒྱག་སླད་བདུན་རེའི་རེས་གཟའ་ཉི་མ་རྒྱུན་པར་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པ་ལྟར། ད་བར་ཁོ་ཚོས་ཁྱོན་ངོ་རྒོལ་ལས་འགུལ་ཐེངས་ ༡༣ རིང་སྤེལ་ཡོད་པ་རེད་ལ། འབྱུང་འགྱུར་ཕྱི་ཟླ་ ༤ ཚེས་ ༢ ཉིན་ངོ་རྒོལ་ལས་འགུལ་མཐའ་མ་དེ་སྤེལ་གཏན་འཁེལ་ཡོད་པ་རེད།

ཨ་རིའི་ནང་ཁུང་ཙི་ལྟེ་གནས་ཁང་སྒོ་རྒྱག་དགོས་པའི་འདུན་པར་ཨ་རིའི་ཆབ་སྲིད་ཀྱི་མགོ་འཁྲིད་རྣམས་གཙོས་པའི་ལས་འགུལ་བ་དང་མང་ཚོགས་སོགས་མི་མང་པོས་རྒྱབ་སྐྱོར་གནང་གི་ཡོད་པ་ལྟར། ཨ་རིའི་གྲོས་ཚོགས་འཐུས་མི་སི་ཐི་མཱོལ་ཊོན་ (Seth Moulton) ལགས་ཀྱིས། ཊའོ་ཧྥི་ཊོན་གཙུག་ལག་སློབ་གྲྭ་ཆེན་མོས་ཁུང་ཙི་ལྟེ་གནས་ཁང་སྒོ་བརྒྱབ་རྒྱུའི་ཐག་གཅོད་བླངས་པ་ནི་ཧ་ཅང་འགྲིག་པ་ཞིག་ཡིན་ལ། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་ང་ཚོའི་རྒྱལ་ཁབ་དང་མཐོ་སློབ་ཁག་ལ་ཉེན་ཁ་བསྐྲུན་གྱི་ཡོད་པ་ཚོར་ཡོད་པའི་རྟགས་མཚན་ཞིག་ཀྱང་རེད། ཅེས་བརྗོད་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་ཨ་རི་རྒྱལ་ཡོངས་སུ་ཁུང་ཙི་ལྟེ་གནས་ཁང་  ༡༠ ཙམ་སྒོ་བརྒྱབས་ཡོད་པ་རེད།

ཡང་ཕྱི་ལོ་ ༢༠༡༩ ལོར་ཨ་རིའི་གྲོས་ཚོགས་ཀྱི་ཞིག་འཇུག་སྙན་ཐོ་ཞིག་གི་ནང་། རྒྱ་ནག་དམར་ཤོག་ཚོགས་པས་འདས་པའི་ལོ་ ༡༣ ལྷག་རིང་ཨ་སྒོར་ས་ཡ་ ༡༥༨ འགྲོ་གྲོན་བཏང་སྟེ།  ཨ་རིའི་རྒྱལ་ཡོངས་ཀྱི་གཙུག་ལག་སློབ་གཉེར་ཁང་ ༡༠༠ ལྷག་གི་ནང་ཁུང་ཙི་ལྟེ་གནས་ཁང་བཙུགས་པ་བརྒྱུད་རྒྱ་སྐད་རྒྱ་ཡིག་སློབ་འཁྲིད་ཀྱི་ཐོག་ནས་དམར་ཤོག་ཚོགས་པའི་ལྟ་གྲུབ་དང་རྒྱ་ནག་གི་འཇམ་པོའི་སྟོབས་ཤུགས་རྒྱ་སྐྱེད་གཏོང་གི་ཡོད་པ་མ་ཟད། ཨ་རིའི་སྔོན་འགྲོའི་སློབ་གྲྭ་ནས་འཛིན་རིམ་བཅུ་གཉིས་པའི་ནང་རྒྱ་ཡིག་དང་རྒྱའི་རིག་གཞུང་ལ་སློབ་སྦྱོང་བྱེད་དགོས་པའི་དྲིལ་བསྒྲགས་སྤེལ་གྱི་ཡོད་སྐོར་སོགས་བརྗོད་ཡོད་པ་རེད།

ཁུང་ཙི་ལྟེ་གནས་ཁང་ནི་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་དམར་ཤོག་ཚོགས་པའི་ལྟ་གྲུབ་ཁྱབ་སྤེལ་དང་་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་རྒྱ་བསྐྱེད་ཀྱི་ལག་ཆ་ཞིག་ཏུ་གྱུར་ཡོད་པ་ལྟར། རྒྱ་ནག་གཞུང་ཕྱོགས་ཀྱི་གྲངས་ཐོ་ལྟར་ན། འདས་པའི་ལོ་ཤས་ནང་ཕྱིའི་རྒྱལ་ཁབ་ ༡༦༢ ཀྱི་མཐོ་སློབ་ཁག་ནང་ཁུང་ཙི་ལྟེ་གནས་ཁང་ ༥༥༠ ལྷག་མཉམ་འབྲེལ་འཛུགས་སྐྲུན་དང་ཁུང་ཙི་སློབ་ཆུང་ཟེར་བ་ ༡༡༧༡ བཙུགས་ཡོད་པ་དང་། ད་ལྟའི་བར་སློབ་གྲྭ་དེ་དག་ནང་སློབ་གཉེར་བ་ཁྲི་ ༩༡༦ དང་། མི་གྲངས་ཁྲི་ ༡ ལྷག་གིས་ཁུང་ཙི་རིག་གནས་ལ་དང་ལེན་བྱས་ཡོད་སྐོར་སོགས་བརྗོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese