མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་གྱི་བྱིས་པ་ཚོ་བཙན་གྱིས་དྭ་ཕྲུག་ཁང་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༡/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༧ ལོ་ནས་རྒྱ་ནག་གིས་ཡུ་གུར་བའི་ཕ་མ་རྣམས་བཙན་གྱིས་ཤིན་ཅང་སློབ་གསོ་སྒྱུར་བཀོད་ཁང་ཟེར་བའི་ནང་འཇུག་པའི་མགོ་བརྩམས་ཡོད་པ་དང་བསྟུན། ཤུལ་དུ་ལུས་པའི་བྱིས་པ་རྣམས་བཙན་གྱིས་རྒྱ་གཞུང་གི་དྭ་ཕྲུག་ཁང་དང་གཏན་སློབ་སོགས་སུ་བཅུག་སྟེ་རྒྱ་རིགས་ཅན་དུ་བསྒྱུར་ཐབས་བྱེད་ཀྱི་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ལོའི་ལོ་མགོ་ནས་སྲིད་ཇུས་གསར་པ་ཞིག་བཟོས་ཏེ། བྱིས་པར་ལམ་སྟོན་དང་འབྲེལ་བའི་ལྟེ་གནས་ཁང་དང་གཏན་སློབ། དྭ་ཕྲུག་ཁང་སོགས་འཛུགས་སྐྲུན་བྱས་ཏེ། ཕ་མའི་ཆོག་མཆན་གང་ཡང་མེད་པར་བྱིས་པ་ཚོ་བཙན་གྱིས་རྒྱ་ནག་རང་གི་དྭ་ཕྲུག་ཁང་དུ་འཇུག་གི་ཡོད་པ་དང་། དེའི་ཁྲོད་སྐྱེས་མ་ཐག་པའི་བྱིས་པ་ནས་ལོ་ཆུང་བྱིས་པ་ཚང་མ་ཚུད་ཡོད་སྟབས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་དྭ་ཕྲུག་ཁང་དུ་བཅུག་ཡོད་པའི་ཡུ་གུར་མི་རིགས་ཀྱི་བྱིས་པ་ཡོངས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་གི་འདུག

སྙན་ཐོ་དེའི་ནང་། ཕྱི་ལོ་ ༢༠༡༧ ལོར་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་གྲོང་ཚོ་རིམ་པར་རྒྱ་ནག་དབུས་ནས་བཀའ་ཁྱབ་ཅིག་བཏང་སྟེ། ཕ་མ་ངལ་སྩོལ་དང་སློབ་གསོ་སྒྱུར་བཀོད་ཁང་དུ་ཕྱིན་ཞིང་ཤུལ་དུ་ལྷག་པའི་བྱིས་པ་རྣམས་རྒྱ་ནག་གིས་ཆེད་དུ་བཟོས་པའི་དྭ་ཕྲུག་ཁང་དུ་འཇུག་དགོས་ཀྱི་ཡོད་པ་དང་།  ཕྱི་ལོ་ ༢༠༡༧ ནས་ ༢༠༢༠ ལོའི་བར་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དུ་གྲོང་ཚོ་ ༨༠༠ ལྷག་ཡོད་པ་ལས། གྲོང་ཚོ་རེ་རེའི་ནང་རྒྱ་ནག་གིས་ཆེད་དམིགས་གཏན་སློབ་གཅིག་ནས་གཉིས་བར་འཛུགས་ཐུབ་པའི་དམིགས་འབེན་བཟུང་ཡོད་པ་དང་།  གཏན་སློབ་དང་དྭ་ཕྲུག་ཁང་དེ་དག་ནས་ཡུ་གུར་མི་རིགས་ཀྱི་བྱིས་པ་རྣམས་རྒྱ་རིགས་ཅན་དུ་བསྒྱུར་ཐབས་བྱེད་ཀྱི་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་ཡིག་ཆ་ཁག་ཏུ་གསལ་ཡོད་སྐོར་སོགས་བརྗོད་འདུག

ཕ་མ་དང་བུ་ཕྲུག་བཙན་གྱིས་ཁ་བྲལ་གཏོང་བ་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་ཞིག་ཆགས་ཀྱི་ཡོད་པ་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་རྩ་གཏོར་དང་འབྲེལ་བའི་གཏན་འབེབ་གྲོས་ཡིག་གི་དོན་ཚན་གཉིས་པའི་ནང་། མི་རིགས་ཤིག་གི་བྱིས་པ་རྣམས་བཙན་དབང་གིས་མི་རིགས་གཞན་གྱི་སྡེ་ཁག་ཏུ་བཅུག་པ་ནི་མི་རིགས་རྩ་གཏོར་གཏོང་གི་ཡོད་པའི་ནག་ཉེས་ཤིག་ཡིན་སྟབས། ད་རེས་སྙན་ཐོ་འདི་རྒྱ་ནག་གཞུང་ནས་ཡུ་གུར་མི་རིགས་རྩ་གཏོར་གཏོང་གི་ཡོད་པའི་བདེན་དཔང་གསར་བ་ཞིག་ཆགས་ཀྱི་ཡོད་པ་རེད་ལ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་ཨལ་ཁན་ (Alkan Akad) ལགས་ཀྱིས། ཡུ་གུར་བའི་ཕ་མ་རྣམས་རང་གི་བུ་ཕྲུག་ལ་བདག་སྐྱོང་སླད་ཕྱིར་རང་ཁྱིམ་དུ་ལོག་ཚེ་གང་བྱུང་འཛིན་བཟུང་བཀག་ཉར་དང་ཉེས་ཆད་ཕོག་གི་ཡོད་པ་དང་། བྱིས་པ་རྣམས་གཏན་སློབ་དང་དྭ་ཕྲུག་ཁང་ནས་ཕྱིར་ཐོན་ཆོག་གི་མེད་པས།  རྒྱ་ནག་གིས་ཤིན་ཅང་ཁུལ་དུ་ཡ་ང་སྙིང་རྗེ་བྲལ་ཞིང་མི་གྲངས་འབོར་ཆེན་བཀག་ཉར་བྱས་པ་དེས། ཁ་བྲལ་དུ་ཕྱིན་པའི་ཕ་མ་དང་བྱིས་པ་ཚོ་མཉམ་འཛོམས་ཡོང་ཐབས་བྲལ་བའི་གནས་སྟངས་ཤིག་གི་འོག་བཞག་ཡོད། ཅེས་བརྗོད་ཡོད་པ་རེད།

ཐེངས་འདིའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་སྙན་ཐོ་ལྟར་ན། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་བྱིས་པ་རྣམས་བཙན་གྱིས་དྭ་ཕྲུག་ཁང་དུ་འཇུག་དོན་ནི། གྲངས་ཉུང་མི་རིགས་གཞན་གྱི་ཕ་མ་རྣམས་ལ་བུ་ཕྲུག་གཅེས་སྐྱོང་དང་འབྲེལ་བའི་སྦྱོང་བརྡར་སྤྲོད་ཐབས་དང་། ཕྱོགས་གཞན་ཞིག་ནས་ཡུ་གུར་བའི་བྱིས་པ་རྣམས་རྒྱ་རིགས་བྱིས་པའི་འཚར་ལོངས་གཅིག་མཚུངས་བཞིན་རྒྱ་སྐད་རྒྱ་ཡིག་གི་ཁོར་ཡུག་ཁོ་ནའི་འོག་འཚར་ལོངས་བྱུང་འཇུག་གི་ཡོད་པ་དང་།  ཁོ་ཚོའི་ཚོགས་སྡེ་ཁག་དང་ཉིན་རེའི་འཚོ་བའི་ཁ་ཕྱོགས་སོགས་ལ་འགྱུར་བཅོས་ཀྱི་སྲིད་ཇུས་རིགས་སྤེལ་ཏེ་ཕྱོགས་ཡོངས་ནས་ཡུ་གུར་མི་རིགས་རྩ་གཏོར་གཏོང་འདོད་ཡོད་པའི་རྣམ་པ་མངོན་གསལ་དུ་གྱུར་ཡོད་པ་རེད།

རྒྱ་ནག་གི་ཤེས་རིག་ལྷན་ཁང་ལྟར་ན། ཕྱི་ལོ་ ༢༠༡༧ ནས་ ༢༠༡༩ བར་རྒྱ་ནག་གཞུང་གིས་གཏན་སློབ་ཁག་ཏུ། ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་ཕ་མ་དང་ཁ་བྲལ་དུ་ཕྱིན་པའི་བྱིས་པ་ ༨༨༠༥༠༠ སློབ་འཇུག་བྱས་ཏེ། དེ་སྔོན་སློབ་ཕྲུག་གྲངས་ ༤༩༧༨༠༠ ཡོད་པའི་གྲངས་འབོར་དང་བསྡུར་ཚེ་བརྒྱ་ཆ་ ༧༦།༩ ཙམ་འཕེལ་ཡོད་པ་རེད་ལ། ཕྱི་ལོ་ ༢༠༡༧ ལོ་ནི་ཏག་ཏག་རྒྱ་ནག་གིས་ཤིན་ཅང་ཁུལ་དུ་སློབ་གསོ་སྒྱུར་བཀོད་ཁང་ཟེར་བ་བཙུགས་ཏེ། ཡུ་གུར་བ་ས་ཡ་གཅིག་ལྷག་ལ་དམར་ཤོག་ཚོགས་པའི་ལྟ་གྲུབ་གཙོས་པའི་རྒྱ་སྐད་རྒྱ་ཡིག་སློབ་པ་དང་། ཆབ་སྲིད་ཀླད་པ་འཁྲུད་ཐབས་ཀྱི་སྲིད་ཇུས་དངོས་སུ་ལག་བསྟར་མགོ་བཙུགས་པའི་ལོ་ཞིག་ཡིན་པ་དང་། ཡུ་གུར་མི་རིགས་ཀྱི་གནས་བབ་དབྱེ་ཞིབ་པ་སྐུ་ཞབས་རྫན་ (Adrian Zenz) ལྟར་ན། ཕྱི་ལོ་ ༢༠༡༩ ལོའི་ཤིན་ཅང་གི་སློབ་གསོ་སྒྱུར་བཀོད་ཁང་ཟེར་བའི་ནང་ཡུ་གུར་བ་ས་ཡ་གཅིག་དང་ཕྱེད་ཀ་ཙམ་ཡོད་པ་གསལ་འདོན་གནང་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese