མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་བཏང་བ་དེ་ཁྲིམས་ལུགས་དབང་འཛིན་རྨང་ནས་བསྒྱེལ་བ་ཞིག་རེད་ཅེས་གསལ་བསྒྲགས་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་གསུམ་གྱིས་སྤྱི་འཐུས་ལྷན་ཚོགས་ནས་བྱ་རིམ་གང་ཡང་མེད་པར་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་བཏང་བ་དེ་ཉེན་ཁ་ཆེན་པོ་རེད་ཅེས་གསལ་བཤད་བསྒྲགས་གཏམ་ཞིག་སྤེལ་ཏེ་དེ་རིང་ཕྱི་དྲོ་ནས་ཁྲིམས་ཞིབ་པའི་ལས་གནས་ནས་བཤོལ་སོང་།

དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣།༣༠ སྟེང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་ལགས་དང་བསྟན་འཛིན་ལུང་རྟོགས་ལགས་བཅས་ལྷན་འཛོམས་ཐོག ཁ་སང་ཕྱི་ཚེས་ ༢༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་དང་འབྲེལ་བའི་གསལ་བཤད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ང་ཚོར་བཅའ་ཁྲིམས་ལ་བྱ་ར་བྱེད་པའི་གོ་སྐབས་བྱུང་བར་སྤོབས་པ་ཡོད་པ་དང་། བཅའ་ཁྲིམས་དང་གནོད་འགལ་བྱས་པའི་གནོངས་སྐྱོན་གཏན་ནས་མེད་ལ། ད་ལན་བོད་མི་མང་སྤྱི་འཐུས་ཀྱིས་གྲོས་འཆར་ཞིག་འཁུར་ནས་བྱ་རིམ་གང་ཡང་མེད་པའི་ཐོག་ནས་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་བཏང་བ་དེ་མ་འོངས་པར་ཉེན་ཁ་ཆེན་པོ་ཡིན་སྐོར་དང་། དེ་དག་བཅའ་ཁྲིམས་ནང་མེད་སྟབས་གསར་དུ་བཟོ་དགོས་གལ་ཆེན་པོ་ཡིན་པ་ལས། བྱེད་ཐབས་དེ་ཁྲིམས་ཀྱི་དབང་བསྒྱུར་ཞིག་མིན་ལ། རྒྱ་ཆེའི་མང་ཚོགས་ཀྱིས་དམངས་གཙོའི་ལམ་ལུགས་ལ་ཡིད་ཆེས་དང་། ཁྲིམས་ཀྱི་དབང་བསྒྱུར་ལ་འདུན་མོས་མ་ལྷོད་པར། སྤྱི་ཚོགས་ནང་ཟིང་སློང་མི་ཡོང་བའི་འགན་ཁུར་བཞེས་ཐུབ་པ་ཡིན་ན། འཕྲལ་རྐྱེན་གེགས་བར་འདིའི་རིགས་ལས་སྒྲོལ་བའི་ཐབས་ལམ་གང་མགྱོགས་རྙེད་ངེས་ཡིན་སྐོར་གསུངས་སོང་།

ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་བསོད་ནོར་བུ་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། གྲོས་ཚོགས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སོ་སོའི་གནང་ཕྱོགས་དེ་འགྲིག་གི་ཡོད་པ་བཤད་ཀྱི་ཡོད་ཀྱང་། མང་ཚོགས་ངོས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསལ་བསྒྲགས། དེ་བཞིན་གྲོས་འཆར་བཅས་ལ་བལྟས་ནས་གཤིབ་བསྡུར་བྱས་ཚེ། སུས་ཁྲིམས་འགལ་བྱས་ཡོད་མེད་ཤེས་རྟོགས་ཐུབ་རྒྱུ་ཡིན་པ་དང་། གལ་ཏེ་གྲོས་ཚོགས་ངོས་ནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཀྱིས་ངོས་བཞེས་ཞེས་པ་དེ་ཞྭ་དཔེ་ལྷམ་འགེབས་ཡིན་པར་བཤད་ཀྱི་ཡོད་ན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྒྲིག་ཕལ་ཆེ་བ་རྒྱ་གར་གྱི་ཁྲིམས་ནས་བླངས་པ་ཡིན་སྟབས། ཁྲིམས་སྒྲིག་གཞན་རྣམས་ཀྱང་དེ་ལྟར་འགྱུར་ཉེན་ཡོད་པ་དང་། སྤྱིར་གྲོས་ཚོགས་ཀྱི་བྱེད་སྟངས་བྱེད་ལུགས་དེར་འགྲིག་མཐུན་བྱུང་མེད་ནའང་། ཁྲིམས་ཞིབ་པ་གསུམ་ཀ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་རྙིང་པ་ཡིན་སྟབས། བཅའ་ཁྲིམས་དང་གྲོས་ཚོགས་ཀྱི་གྲོས་འཆར་ལ་བརྩི་བཀུར་དང་ལེན་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

ཡང་ཁོང་གིས་རྒྱ་གར་ལ་མཚོན་ན་ཁྲིམས་ཞིབ་པ་ཆེ་བ་དང་སྲིད་འཛིན་ལྟ་བུ་ཞིག་ཕྱིར་ཕུད་གཏོང་བར། འབྲེལ་ཡོད་ཁྲིམས་ཞིབ་པ་དེས་ཚབས་ཆེའི་ངན་སྤྱོད་དམ། ལས་འགན་མ་ཐེག་པ་གཉིས་བཅས་གཞི་རྩར་བཟུང་ནས་བྱ་རིམ་མང་པོ་བརྒྱུད་དེ་འཕོ་འགྱུར་གཏོང་དགོས་པ་དང་། ཉེ་ཆར་ཨ་རིའི་སྲིད་འཛིན་ཊོམ་ཕུ་ལའང་བརྒྱུད་རིམ་མང་པོ་བརྒྱུད་ཡོད་ཀྱང་། ད་ལན་བོད་མི་མང་སྤྱི་འཐུས་ཀྱིས་གྲོས་འཆར་ཞིག་འཁུར་ནས་བྱ་རིམ་གང་ཡང་མེད་པའི་ཐོག་འཕོ་འགྱུར་བཏང་བ་དེ་མ་འོངས་པར་ཉེན་ཁ་ཆེན་པོ་ཡིན་སྐོར་དང་། དེ་དག་བཅའ་ཁྲིམས་ནང་མེད་སྟབས་གསར་དུ་བཟོ་དགོས་གལ་ཆེན་པོ་ཡིན་པ་ལས། བྱེད་ཐབས་དེ་ཁྲིམས་ཀྱི་དབང་བསྒྱུར་ཞིག་མིན་པ་དང་། འབྱུང་འགྱུར་བྱེད་སྟངས་དེ་དག་གིས་དམངས་གཙོ་དང་ལྗིད་མཉམ་སྟངས་འཛིན་སོགས་མེད་པར་ཆགས་པ་མ་ཟད། གྲོས་ཚོགས་དབང་ཆ་ཆེན་པོ་ཆགས་ཏེ། གཞན་ཚོས་འཕོ་འགྱུར་འགྲོ་བར་ཞེད་སྣང་སྐྱེ་རྒྱུའི་གནས་སྟངས་ལ་འགྱུར་སྲིད་སྐོར་འགྲེལ་བརྗོད་གནང་སོང་།

ཡིག་ཐོག་གསལ་བཤད་ནང་། ཁྲིམས་ཞིབ་པ་ཆེ་བ་དང༌ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གཏོང་རྒྱུའི་སྐུ་དབང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་སྨོས་མེད་ཡིན་ནའང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། སྒྲིག་གཞི་ཁག་ནང་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གཏོང་བའི་གཞི་རྩར་ཚབས་ཆེའི་ངན་སྤྱོད་དམ། ལས་འགན་མ་ཐེག་པ་ (ground of proved misbehavior or incapacity) ཇི་ཡིན་དང་། ལག་བསྟར་བྱ་རིམ་གང་ཡང་མེད་བཞིན་དུ། སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དེའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ (༤) གཞིར་བཟུང་སྟེ་འཕོ་འགྱུར་བཏང་བ་ཡིན་ལུགས་བཀོད་པ་ནི། ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ཡུན་ཚད་སྐོར་ལ་ཡིན་པ་ལས། འཕོ་འགྱུར་གཏོང་རྒྱུའི་བྱ་རིམ་ཞིག་མིན་ལ། ཁྲིམས་ཡིག་གི་གཞི་རྩ་མེད་པར་འཕོ་འགྱུར་གྱི་བྱ་རིམ་ལག་བསྟར་བྱས་པ་ནི་ཁྲིམས་འགལ་ཡིན་པས་མ་ཚད། མ་འོངས་པར་བོད་མིའི་སྒྲིག་འཛུགས་འཐོར་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁ་ཚབས་ཆེན་ཞིག་བྱེད་སྟངས་འདི་རིགས་ནང་སྦས་ཡོད། ཅེས་བཀོད་འདུག

ཡང་བསྒྲགས་ཡིག་ནང་། བཅའ་ཁྲིམས་དོན་ཚན་ ༥༨ པའི་དགོངས་དོན་ལྟར། སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་ཆོག་གི་མེད་ནའང་། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་གྲོས་ཆོད་གྲོས་འཆར་དེ་འདོན་ཕྱོགས་དང་། ཁྱེར་སྟངས། ཆ་རྐྱེན། བགྲོ་གླེང༌། འོས་བསྡུ་བྱེད་སྟངས་བཅས་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང༌། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལེའུ་ ༡༢ དང་ ༡༣ དང་མཐུན་པའི་ཐག་གཅོད་ཅིག་མིན་སྐོར། དེ་བཞིན་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ཏུ་གསལ་བའི་ཁྲིམས་ཀྱིས་ངོས་བཞེས་ལ་ཁྲིམས་ལུགས་ཀྱི་རྒྱུན་ཤེས་མི་ལྡན་པའི་སྒོ་ནས་འགྲེལ་ལོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༥༡ པར་ལྟོས་མེད་བྱས་ཏེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་དུས་གཅིག་ཏུ་འཕོ་འགྱུར་གཏོང་རྒྱུའི་གྲོས་ཆོད་གྲོས་འཆར་ལ་གསང་བའི་འོས་བསྡུ་བྱེད་དུ་བཅུག་པ་བཅས་ནི་ཁྲིམས་མེད་ལུགས་མེད་ཀྱི་བྱེད་སྟངས་ཤིག་ཆགས་ཡོད་སྐོར་བཀོད་འདུག

ཡང་བསྒྲགས་གཏམ་གྱི་མཇུག་ཤོག་ནང་། སྤྱི་འཐུས་ཚོགས་གཙོ་ཡིས་གྲོས་ཚོགས་ཀྱི་བྱ་རིམ་ཚུལ་མིན་སྤྱད་པ་དང༌། སྤྱི་འཐུས་རྣམས་ལོག་འཁྲིད་བྱས་མཐར། ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གྱི་གྲོས་ཆོད་འཇོག་ཏུ་བཅུག་པ་ནི། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོ་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་ལུགས་དབང་འཛིན་རྨང་ནས་བསྒྱེལ་བ་ཞིག་ཡིན་སྐོར་དང་། རྒྱ་ཆེའི་མང་ཚོགས་ཀྱིས་དམངས་གཙོའི་ལམ་ལུགས་ལ་ཡིད་ཆེས་དང་། ཁྲིམས་ཀྱི་དབང་བསྒྱུར་ལ་འདུན་མོས་མ་ལྷོད་པར། སྤྱི་ཚོགས་ནང་ཟིང་སློང་མི་ཡོང་བའི་འགན་ཁུར་བཞེས་ཐུབ་པ་ཡིན་ན། འཕྲལ་རྐྱེན་གེགས་བར་འདིའི་རིགས་ལས་སྒྲོལ་བའི་ཐབས་ལམ་གང་མགྱོགས་རྙེད་ངེས་ཡིན་སྐོར་གསུངས་འདུག

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 7

  1. བློ་བཟང་། says:
    ལོ་ 5 སྔོན།

    ཕལ་ཆེར་སྤྱི་འཐུས་གྲོས་ཚོགས་ནང་དབུས་བོད་མའི་ཁྲིམས་དང་སྒྲིག་གཞིའི་གནད་དོན་ཐོག་གོ་རྟོགས་ཧ་ཅང་ཞན་པའི་སྣང་བ་ཞིག་རང་བཞིན་གྱིས་སླེབས་སོང་། གང་ལ་ཟེར་ན་མང་གཙོ་ཀ་བ་གསུམ་གྱི་ཡ་གལ་ཆེ་མཐོ་ཁྲིམས་ཞིབ་ཁང་ལ་བྱ་རིམ་སོགས་གང་མེད་པའི་ཐོག་ནས་དུས་ཡུན་ཐུང་ངུའི་ནང་འཕོ་འགྱུར་བཏང་བ་ནི་དབང་ཆ་བེད་སྤྱད་ནས་གང་བྱུང་བྱས་པ་ཙམ་ལས་ཕུགས་ལ་བསམ་བློ་གང་ཡང་བཏང་མིན་འདུག ཡག་ཤོས་བྱུང་ན་གཏན་འབེབས་ཟིན་པའི་ལས་དོན་ཐོག་བསྐྱར་ཞིབ་ཀྱི་ཐག་གཅོད་ཡང་དག་ཞིག་གནང་ཐུབ་ན་གོང་འོག་ཚང་མར་བློ་བདེ་བག་ཕེབས་ངོ་བར་ཕན་རླབས་ཆེ་བར་སྣང་།

    Reply
  2. བློ་བཟང་བསྟན་འཛིན་ says:
    ལོ་ 5 སྔོན།

    ད་ལྟའི་སྤྱི་འཐུ་གྲོས་ཚོགས་འདི་ནི་སྒེར་ནད་འཁོན་ལན་བྱས་ས་ཞིག་ཆགས་འདྱག

    Reply
  3. དགེ་སྒྲུབ། says:
    ལོ་ 5 སྔོན།

    སྤྱི་འཐུས་ཚོས་དམངས་གཙོའི་བོད་གཞུང་གི་སྒྲིག་གཞི་ལ་གཏོར་བརླག་མི་བྱེད་གང་འགྱོགས་སྒོས་སྤྱི་ཕན་གྱི་བྱ་བ་བཟངཔོ་སྒྲུབས་རོགས་ཞུུ་ཞུུ་ཞུུ་ཞུུ་ཞུུ་ཞུུ་ཞུུ་ཞུུ་ཞུུ་ཞུུ་ཞུུ་།

    Reply
  4. བློ་བཟང་། says:
    ལོ་ 5 སྔོན།

    བོད་ཀྱི་བཅའ་ཁྲིམས་རིན་པོ་ཆེའི་ནང་འབྲེལ་ཡོད་འཕོ་འགྱུར་གྱི་བྱ་རིམ་སོགས་མེད་ན། ད་ལྟའི་འཕོ་འགྱུར་གྱི་ཐག་གཅོད་གང་གནང་བ་ཐམས་ཅད་ཐེ་ཚོམ་གྱི་གནས་ཁོ་ན་ཡིན་པར་ཆེས་གསལ། བྱ་རིམ་དེ་དག་བཅའ་ཁྲིམས་སུ་འཁོད་མེད་ཚེ་དེའི་ཐད་ལམ་ལུགས་ཤིག་དགོས་ངེས་ཅན་རེད། ཁྲིམས་ཞིབ་པ་རྣམ་པ་གསུམ་པོ་བོད་གཞུང་གི་སྲི་ཞུ་བའི་ཐུགས་འགན་བཞེས་ཏེ་ལོ་ངོ་བཅུ་ཕྲག་གསུམ་ཙམ་ཡོལ་ཟིན་པ་དང་། ཉམས་མྱུང་ཡོད་བཞིན་དུ་ཤེས་བཞིན་ནོར་འཁྲུལ་བྱེད་ག་ལ་སྲིད། གལ་ཏེ་བྱས་པའི་དབང་དུ་བཏང་ཡང་ཉིན་མོ་ཕར་བཞག་མཚན་མོའང་གཉིད་ག་ལ་ལོག་ཞེས་གསུང་སྟངས་ལ་མནོ་བསམ་ཞིག་བཏང་ན་གནས་ཚུལ་མང་དག་ཅིག་བདེན་པའམ་འུ་ཐུག་གིས་ངར་སྒྲ་བསྒྲགས་པ་ལྟ་བུར་ཚོར་སྣང་བྱུང། བློ་ཆུང་ཕྲན་གྱིས་བསམ་ཚུལ་ཞུས་པ་ཙམ་མོ།།

    Reply
    • བླ་སྟེངས་བསྟན་དར། says:
      ལོ་ 5 སྔོན།

      ང་ཚོའི་སྤྱི་འཐུས་དང་། ཆབ་་སྲིད་ཀྱི་འགོ་འཁ྄ིད་ཚོས་གསུང་བཤད་གནང་སྐབས་ང་ཚོར་མང་གཙོ་ཀ་བ་གསུམ་ཡོད་པ་དང་། དེ་ཡང་མང་ཚོ་ཚད་ལྡན་ཡོང་བར་ཆ་ལག་གལ་ཆེ་ཡིན་སྐོར་སོགས་ཡང་ཡང་འབོད་སྒྲོག་མཛད་ཀྱི་འདུག་ནའང་ད་རེས་སྤྱི་འཐུས་སྐབས་བཅུ་དྲུག་པའི་སྤྱི་འཐུས་སུམ་ཅུ་སོ་གཅིག་གིས་མང་མོས་རྒྱབ་སྐྱོར་འོག་མང་གཙོའི་ཀ་བ་གསུམ་ནས་ཀ་བ་གཅིག་དེ་ལས་སླ་པོར་སྟོར་སྒྱེལ་མཛད་པ་འདི་ང་ལྟ་བུའི་མི་དཀྱུས་མ་ཞིག་བློར་གཤོང་དཀའ་ལ། ང་ཚོའི་ལམ་ཕྱོགས་དེ་ག་པར་འགྲོ་ཡོང་སྙམ་པའི་སེམས་མི་བདེ་བ་ཞིག་ཆགས་སོང་།

      Reply
  5. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 5 སྔོན།

    ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་ལ་ཡ་རབས་དང་བཟང་སྤྱོད་འདུག་པ་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་ཡོད་ཞུ་གི་ཡོད་ལ་སྤྱི་འཐུས་གྲོས་ཚོགས་ཀྱི་ཐག་གཅོད་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིགས་གཞི་ཁག་དང་ཕྱོགས་མཐུན་བྱུང་ཡོད་ཐོག་རྗེས་སུ་བསམ་ཚུལ་སྤེལ་ཆོག་པ་ཞུ་།

    Reply
    • གཞུང་པ་ཚེ་དབང་བསོད་ནམས། says:
      ལོ་ 5 སྔོན།

      ནོར་བཅོས་ ཕྱོགས་མཐུན་བྱུང་ཡོད་མེད་ཐོག་།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese