སྐལ་བཟང་རྣམ་རྒྱལ། (སུད་སི།)
ཕྱི་ལོ་ ༡༩༩༡ ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་རིང་ལུགས་ལ་མདུན་སྤོས་ཆེན་པོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་གསོལ་སྩལ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གཅིག་པས་ (༡༩༩༡ ནས་ ༡༩༩༦ བར) བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཀྱིས་གཙོས་པའི་ཁྲིམས་དང་སྒྲིག་གཞི་མང་པོ་གཏན་འབེབས་ཀྱིས་མང་གཙོའི་རིང་ལུགས་ཡང་དག་པ་ཞིག་གི་ནང་བསྐྱོད་མགོ་ཚུགས་ཤིང་། སྐབས་དེའི་སྤྱི་འཐུས་ཚོགས་གཙོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གང་ཟག་གི་དབང་བསྒྱུར་ནས་ཁྲིམས་ཀྱི་དབང་བསྒྱུར་དུ་འཕོས་པ་ཡིན་ཞེས་སྐབས་མང་པོར་གསུངས་པ་མ་ཟད། དེ་ལྟ་བུ་ཞིག་ཡིན་པའི་ཚོར་སྣང་ཡང་བོད་མིའི་སྤྱི་ཚོགས་ལ་སྤྲད་ཐུབ་པ་བྱུང་ཡོད། དེ་བཞིན་སྤྱི་འཐུས་སྐབས་བཅུ་གཉིས་པ་ (༡༩༩༦ ནས་ ༢༠༠༡ བར) བཅས་སྐབས་གཉིས་རིང་བོད་མིའི་སྤྱི་ཚོགས་ནང་རྙོག་གླེང་ཆེན་པོ་མང་པོ་བྱུང་ཡོད་ཀྱང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དེ་དག་སེལ་ཐབས་ལ་ཕྱག་རྗེས་ཆེན་པོ་བཞག་ཡོད་པ་མ་ཟད། རང་གི་ས་མཚམས་ལས་ནམ་ཡང་བརྒལ་མེད། དེ་ནི་མང་གཙོའི་རིང་ལུགས་ཀྱི་དབང་ཚད་ཆ་བགོས་དང་སྟངས་འཛིན་ལྗིད་མཉམ་ལ་མེད་དུ་མི་རུང་བ་ཡིན།
འོན་ཀྱང་བར་ལམ་ལོ་ཤས་ནས་ང་ཚོ་བོད་པའི་སྤྱི་ཚོགས་ལ་མང་གཙོའི་རིང་ལུགས་དེ་འཚམས་པ་ཨེ་ཡོད་སྙམ་པའི་བསམ་བློ་ཡང་ཡང་འཁོར་ཞིང་། མང་གཙོའི་རིང་ལུགས་དེ་རང་གི་མི་ཚེའི་ཀུན་སྤྱོད་ནང་མེད་ན་ཇི་ཙམ་ཁ་ནས་བཤད་ཀྱང་དྭང་བ་འདྲེན་མི་ཐུབ་པ་ནི་ཉིན་ཤས་གོང་གི་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ཏུ་འཕོ་འགྱུར་བཏང་བ་ལས་གསལ་པོ་ཆགས་སོང་། དེ་སྔ་བོད་ནས་ཕེབས་པའི་མི་རབས་རྒན་པ་རྣམས་ཀྱི་སྐབས་སུ་བྱུང་ཡོད་ན་ཁོང་ཚོར་དེང་རབས་ཀྱི་ཤེས་ཡོན་མ་བྱུང་བས་ཐུགས་ཁག་མེད་ཀྱང་། ད་ལྟ་སྤྱི་འཐུས་ཕལ་ཆེ་བ་དེང་རབས་ཀྱི་ཤེས་ཡོན་ཐོབ་པ་ཤ་སྟག་ཏུ་རློམ་པ་ཡིན་པས་དེ་ལྟ་བུ་བསམ་བཞིན་དུ་ནོར་འཁྲུལ་ཚབས་ཆེ་གཏོང་དགོས་དོན་གང་ཡིན་ནམ། དངོས་གནས་དེ་ཚོས་མང་གཙོའི་རིང་ལུགས་ཀྱི་ལྟ་གྲུབ་ཀྱི་གཞི་རིམ་གྱི་གནས་ཚུལ་ཙམ་ཡང་མཁྱེན་གྱི་ཨེ་ཡོད་སྙམ་པ་ཞིག་ཡོང་གི་འདུག མ་གཞི་ནས་གྲོས་ཚོགས་ཀྱི་སྡིངས་ཆ་དེ་བོད་ཀྱི་རྩ་དོན་དང་བོད་མི་སྐྱབས་བཅོལ་བའི་བདེ་སྡུག་གླེང་སློང་ཞུ་ཡུལ་ཞིག་ཡིན་པ་ལས། སོ་སོ་སྒེར་གྱི་ང་རྒྱལ་ཆེ་ལོད་བསྟན་ས་དང་། ཆོལ་ཁའི་ཞེན་ཁོག་རོ་ལངས་བརྒྱབ་སའི་ས་ཆ་ཞིག་གཏན་ནས་མ་རེད། ལྷག་པར་དུ་ད་རེས་གྲོས་ཚོགས་ནང་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྐང་ལག་གཏུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་འཆར་ཞིག་འཁྱེར་ཡོད་ཀྱང་གཏན་འབེབས་ཐུབ་མེད། དེ་ཚོས་དབང་ཚད་ཆ་བགོས་དང་སྟངས་འཛིན་ལྗིད་མཉམ་གྱི་ལྟ་གྲུབ་ཕྱོགས་ཙམ་ཡང་མི་མཁྱེན་པ་མ་ཟད། ད་དུང་དགའ་རབ་ཤེས་ཀྱི་ཡོད་སྙམ་པའི་ང་རྒྱལ་དེ་བསྟན་གྱི་ཡོད། གལ་ཏེ་བོད་མིའི་མང་གཙོའི་རིང་ལུགས་ཀྱི་འཕྲོད་བསྟེན་ཐོག་ནས་བལྟས་ན་ད་རེས་ཆེས་མཐོའི་ཁྲིམས་ཞིབ་པ་འཕོ་འགྱུར་བཏང་བ་དེ་གནས་ཚུལ་ཧ་ཅང་ཚབས་ཆེན་ཞིག་ཡིན་རུང་། སྤྱི་འཐུས་དེ་ཚོས་གནས་ཚུལ་ཧ་ཅང་ཆུང་ངུ་ཞིག་ལ་བརྩི་ཚུལ་ལ་བལྟས་ན་དངོས་གནས་སྤྱི་འཐུས་ཚོའི་བསམ་བློའི་གནས་ཚད་ཇི་ཙམ་དམའ་པོ་ཡིན་པ་གསལ་པོ་རེད་འདུག ང་ཚོས་དེ་ཚོའི་ལག་ཏུ་དབང་ཆ་སྤྲད་ན་འཕྲལ་ཕུགས་གཉིས་ཀར་གནོད་གཞི་ལས་ཕན་ཐོགས་ཏིལ་འབྲུ་ཙམ་ཡང་མེད་པ་ཇེ་གསལ་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་མང་ཆེ་བ་ནི་ལུས་ངག་གི་རྣམ་རིག་ལ་བལྟས་ན་མང་གཙོའི་རིང་ལུགས་ཀྱི་དྲི་མ་ཙམ་ཡང་མེད་པར། སྤྱིར་བཏང་གི་མི་ཕལ་པ་ལས་ཁོང་ཁྲོ་ཆེ་བ་དང་། བརྣག་སེམས་ཆེ་བ། ཁེངས་དྲེགས་ཆེ་བ། ང་ལས་ལྷག་པ་སུ་ཡོད་སྙམ་པ་ཤ་སྟག་རེད། གྲོས་ཚོགས་ནི་མི་ངན་དེ་ཚོས་དབང་བསྒྱུར་ནས་སྤྱི་འཐུས་བསམ་ཤེས་ཅན་དང་ཡོན་ཏན་ཅན་འགའ་ཤས་ཡོད་པ་རྣམས་ཀྱང་མངོན་མ་ཐུབ་པ་ལྟ་བུ་ཆགས་འདུག ནུབ་ཕྱོགས་ཀྱི་དབུ་ཁྲིད་ཅིག་གིས་མང་གཙོའི་རིང་ལུགས་ནི་ལྐུགས་པས་དབང་བསྒྱུར་བ་ཞིག་རེད་ཅེས་གསུངས་པ་དེ་དེ་སྔ་གང་འདྲ་ཡིན་ནམ་སྙམ་པའི་ཐེ་ཚོམས་ཤིག་ཡོད་ཀྱང་། ད་ལྟ་ང་ཚོའི་མང་གཙོའི་རིང་ལུགས་ཀྱི་གནས་སྟངས་ལ་བལྟས་དུས་དངོས་རྭ་འཕྲོད་པ་ཞིག་ཡོང་གི་འདུག ད་གཟོད་གཞི་ནས་མང་གཙོའི་རིང་ལུགས་ཀྱི་སྐྱོང་བ་པོ་རྣམས་གནས་ཚད་ལྡན་པ་མེད་ན་ཇི་ཙམ་གནོད་སྐྱོན་གཏོང་ཐུབ་ཀྱི་ཡོད་པ་མིག་མཐོང་ལག་ཟིན་བྱུང་བ་དེས་ང་ཚོའི་སྤྱི་ཚོགས་ལ་མང་གཙོའི་རིང་ལུགས་འོས་འཚམས་མེད་པ་ལ་སླར་ཡང་དྲན་བསྐུལ་ཞིག་བཏང་སོང་།
༧གོང་ས་༧སྐྱབས་མགོན་ཆེན་པོས་བོད་གཞུང་གི་སྐུ་དབང་ཆ་ཚང་རྩིས་སྤྲོད་གནང་སྟེ་ལོ་བཅུ་མ་འཁོར་གོང་ནས་ང་ཚོས་མང་གཙོའི་རིང་ལུགས་ཀྱི་ཡན་ལག་མེད་དུ་མི་རུང་བ་གཅོད་འབྲེག་ལ་བླ་ན་མེད་པའི་ལག་རྗེས་བཞག་ཡོད་ཀྱང་། དེ་ལ་གནོངས་འགྱོད་སྤུ་ཙམ་མེད་པར། ད་དུང་འཇོན་མདོག་མཁས་མདོག་གིས་ཕྱོགས་ཀུན་ཏུ་རྒྱལ་རྔ་བརྡུངས་པ་ནི་བླུན་པོ་མིན་ན་གང་རེད། སོ་སོ་བསྡད་སའི་ཤིང་སྡོང་གི་ཡལ་ག་དེ་གཅོད་འབྲེག་ལ་འབད་ན་མཐར་སོ་སོའང་ལྷུང་རྒྱུ་རེད། དེ་ཙམ་ཡང་མི་མཁྱེན་པའི་བཀུར་འོས་སྤྱི་འཐུས་རྣམ་པ་དེ་ཚོས་གཞན་གྱི་སྐུ་ཚབ་ཇི་ལྟར་བྱེད་ཐུབ། དེར་བརྟེན་༧གོང་ས་༧སྐྱབས་མགོན་ཆེན་པོ་བོད་མིའི་སྤྱི་ཚོགས་ལ་ཆོས་ཀྱི་ཕྱོགས་ནས་ལྟ་ཅི། སྲིད་ཕྱོགས་ནས་ཀྱང་ཇི་ཙམ་མེད་དུ་མི་རུང་བ་དང་བཀའ་དྲིན་ཆེན་པོ་ཡིན་པ་ནི་ང་ཚོའི་ཁ་སྟབས་དེ་དག་ལས་ཧ་ཅང་གསལ་པོ་ཆགས་ཡོད། ད་དུང་༧གོང་ས་མཆོག་ལས་མཁས་པ་དང་འཇོན་པ་ཡོད་མདོག་བྱེད་མཁན་གྲོས་ཚོགས་ནང་སྤྱི་འཐུས་མི་ཉུང་བ་ཞིག་ཡོད། དེ་དག་གིས་སོ་སོའི་ཀུན་སྤྱོད་དང་། ཤེས་ཚད། འཇོན་ཐང་སོགས་ལེགས་པར་ཤེས་པར་བྱས་ནས་ད་བར་བོད་ཀྱི་རྩ་དོན་དང་བཙན་བྱོལ་སྤྱི་ཚོགས་ལ་སྨན་པའི་ཞབས་འདེགས་ག་རེ་བསྒྲུབས་ཡོད་མིན་ལའང་བསམ་བློ་ངེས་པར་གཏོང་དགོས། བཀའ་དྲིན་ཅན་རྣམས་ལ་བཀའ་དྲིན་བསམ་ཤེས་བྱེད་དགོས་པའི་འཇིག་རྟེན་མི་ཆོས་ཙམ་ཡང་མ་ཤེས་ན་མི་དེ་ཟག་པའི་མཐའ་ལ་ལྷུང་ཟིན་པས་རེ་བ་བརྒྱབ་རྒྱུ་ལྷག་མེད། དེར་བརྟེན་རྒྱ་ཆེ་མང་ཚོགས་ཀྱིས་སྤྱི་འཐུས་དེ་དག་ངོས་ཟིན་པ་གནང་ནས་སླར་ཡང་འདེམས་རྒྱུ་མེད་པའི་འབོད་སྐུ་ཞུ་རྒྱུ་ཡིན།
ད་ལྟའི་ང་ཚོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་མདོར་ན། ༡། བོད་ཀྱི་རྩ་དོན་སྒྲུབ་པ་ལ་འགོག་རྐྱེན་བྱེད་མཁན་དང་། ༢། མི་ངན་རྣམས་ཀྱི་གཡུལ་ས་དང་ཁ་ཕོ་སྒྲོགས་ས། ༣། ཆོལ་ཁའི་དུག་ནད་ཀྱི་འབྱུང་ཁུངས། ༤། མང་གཙོའི་རིང་ལུགས་ཀྱི་སྲོག་རྩ་གཅོད་ས་སོགས་ཡིན་ཞིང་། དེ་ལྟ་བུ་དེ་ཡོད་པ་ལས་མེད་པ་བཟང་བར་བརྟེན། ང་ཚོའི་སྤྱི་ཚོགས་ལ་མང་གཙོའི་རིང་ལུགས་དེ་འོས་འཚམས་མེད་ཅེས་བརྗོད་དགོས་པའི་རྒྱུ་མཚན་དེ་ལྟར་རེད།
མཐའ་མར་ད་ལན་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་པོ་འཕོ་འགྱུར་གྱི་གྲོས་འཆར་ལ་དགག་བྱ་གནང་མཁན་སྤྱི་འཐུས་བཅུ་པོས་ཞེན་ཁོག་དང་ང་རྒྱལ་གྱི་གཞན་དབང་དུ་མ་སོང་བར་ཁྲིམས་ཀྱི་དབང་བསྒྱུར་དང་མང་གཙོའི་རིང་ལུགས་སྲ་བརྟན་ལ་དགོངས་བཞེས་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན།
མཆན། གོང་བཀོད་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།
སྲིད་སྐྱོང་དབུས་བའི་བཀའ་བློན་དང་སྤྱི་འཐུས་༣༡་འཆམ་གྱི་གདོང་འབག་ཉོས་ནས་གཡོག་རན་འདུག
གང་སྐྱིད་ལས་བྱེད་གསུམ་གྱི་མ་ཟོད་ནས་མཐུན་མོང་གི་སྒྲག་གཏམ་སྤེལ་བའི་ནང་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་གཉིས་ནས་ངན་པ་ལག་འབྲེལ་གྱི་ཇུས་ངན་དེ་་ཕྱི་ལ་སྒྲག་པ་དེར་ཐུག་རྗེས་ཆེ་ཞུ།་ ཁྲིམས་ཀྱི་བྱ་རིམ་གང་ཡང་མེད་པར་གསང་བའི་ལོས་འཕེན་ནས་སྡེབ་ཅིག་ལ་ཁྲིམས་ཞིབ་པ་གསུམ་མེད་པར་བཟོས་ནས་དམང་གཙོའི་ཀ་བ་གཅིག་མེད་པར་བཟོས་པ་དེ་ཁོང་གཉིས་ཀྱི་བྱེད་རྗེ་ཡིན་བསམ་གྱི་ཡོད་པ་འདྲ། ངོ་ལ་གདོང་པག་གྱོན་ཚར་འདུག གཞུང་གི་རྩིས་འགོ་གཅིག་ནས་འགོ་འཁྲོལ་ཞུས་ནས་བཀའ་བློན་དང་སྲིད་སྐྱོང་་་སྤྱི་འཐུས་༣༡་བཅས་ལ་འཆམ་གྱི་གདོང་པག་རེ་བསྔགས་ཉོད་བྱས་ནས་གྱོན་བཅུག་ན་ཡག་པོ་འདུག།
སྨྱོ་བ་རང་ཏ་མ་རེད། བཅའ་ཁྲིམས་གྱི་སྒྲིག་གཞི་ལག་བསྟར་ལ་ཧོལ་རྒྱུགས་གནང་བ་རེད། ཁྲིམས་བཟོ་བ་ཡིན་ན་བཅའ་ཁྲིམས་འོག་ཕེབས་མི་དགོས་པའི་རང་དབང་ཡོད་མདོག་གིས་སྣང་བ་སྦད་དེ་ཁ་ལ་དག་སོང་བ་འདྲ། ཨ་ཁ། ད་ཆ་རྐྱེན་སེལ་ཡག་ཤོས་ནི། དང་པོ། ནོངས་འགྱོད་ཐོལ་བཤགས་གནང་། དེ་ནས། ཁྲིམས་བསྒྲགས་ཕྱིར་འཐེན་གནང་། དེ་རྗེས། མཁས་པའི་ཚོགས་ཆུང་གཅིག་བཙུགས། ཚོགས་ཆུང་གིས་བཀའ་སློབ་གང་གནང་བ་ལ་གྲོས་བསྡུར་བྱང་ཆུབ་པ་གནང་། དེ་ནས་བཅའ་ཁྲིམས་ལ་འགྱུར་བ་གནང་འོས་གནང་རྒྱུ་ནི་ཐབས་ལམ་བཟང་ཤོས་དེ་རེད། དེ་མིན་་་་་་་ སྲིད་སྐྱོང་གསར་པ་དང་། སྤྱི་འཐུས་གསར་པ་ཚོར་དམ་འབུལ་ཞུ་ས་ཡང་མི་རྙེད་པ་ནས་འགོ་བརྩམས་ཏེ་རྙོག་གྲའི་བང་རིམ་བསྒྲིགས་ཚར་སོང་ལགས།།
AH AH Mr. Kalsang Namgyal indicated self judge and his opinion is leaning totally one side with emotion. Some of his points are valid in terms of Chitus conduct during the parliament session. But discrimination and unfair opinion is a risk to provoke social disturbances. It is also irrational and irresponsible calling Chietues ” Stupid’. Chitues are elected body unlike appointed one and all of us who elect them are all stupid including himself because only stupid can elect stupid to the legislature, one of the most important body of the democracy too. If you experienced eating matured mango you would know the taste even better than all spectators. Today all the spectators who did not eat even one matured mango of the democratic process are pouring their legal expertise to utter who is elite and who is stupid. This reminds me the story of King Kri Kri who asked Buddha Dipraksha (Yodsung). that he dreamt where one monkey is drowned into the lake of feces and was laughing at some other monkeys who got little feces on the edge of their tails. The monkey was laughing, jumping inside the lake of feces and pointing finger at them, saying look at these monkeys have feces on their tails. Ah Ah Ah Ah.! Buddha siad to King Kri Kri, your majesty your dream is a prediction that after me the Buddha Sakyamuni will come and thousands of years after he passed away, among the human being those who are full with negative oneself would always call others stupid. That is what we see now in our day to day lives. Nobody has courage to accept ones own fault but very comfortable to blame other without any hesitation.
བཀུར་འོས་སྤྱི་འཐུས་རྣམས་སྨྱོས་པ་ཏ་མ་རེད། ཡིན་ན་ཡང་། མྱུལ་མ་རེ་ཡིན་ན་ཐང་།
Impeachment of our Judges is biggest mistake in the history of a nation, These Tibetan MPs truly dont have basic knowledge about our Charter and basic conceptual practice of democratic process. these MPs, specially monk MPs have proved that they knew nothing but they still believe that they knew everything.. unbelievable deeds .. When I watch parliamentary session where they discussed and impeaching three Judges, I feel pity on these monk MPs who know nothing but still acted like that they are above Law and they have ultimate authority on everything. This time they proved their stupidity in this session.. Please resign immediately because you are criminals and don’t deserve to represent us at all.. if you MPs want truly protect our Law and democratic government then please resign from Chithu on the ground of morality principle ..
Impeachment has its due process and rules and regulation written on In our charter.
No one above law .
དབུས་བོད་མིའི་སྒྲིག་འཛུགས་ནས་ལོ་འདི་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལོ་ལ་གཏན་འབེབས་གནང་ཡོད་ན་སྤྱི་འཐུས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་དུས་གཅིག་ལ་ཕོ་འགྱུར་བཏང་བ་དེ་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་གི་ཡོད་པ་ཡིན་ནམ?
Please take them back……
I find it very unfair……..termination is not a solution. We r refugee….we r Buddhist….we r follower of HIS HOLINESS …..so sometime we have to think more from heart then from head……….even more they all three havnt done any crime……….if they r guilty….then so you all…………….very much disappointment…………