མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་བདུན་ལ་ནག་ཉེས་བཙུགས།

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་དམངས་གཙོའི་ཡབ་ཆེན་དུ་འབོད་པའི་སྐུ་ཞབས་མཱར་ཊིན་ལཱི་ (Martin Lee) ལགས་དང་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་ཕྱུག་བདག་ཇི་མེ་ལའེ་ (Jimmy Lai)ལགས་སོགས་དམངས་གཙོ་དོན་གཉེར་བ་བདུན་ལ་ཁྲིམས་ཁང་ནས་ནག་ཉེས་བཙུགས་འདུག

ཁ་སང་ཕྱི་ཚེས་ ༡ ཉིན་བྷི་བྷི་སི་སོགས་རྒྱལ་སྤྱིའི་གསར་ཁང་ཁག་གི་གནས་ཚུལ་ལྟར་ན། ཧོང་ཀོང་གི་ནུབ་ཀོ་ལུན་གྲོང་སྡེ་ཁྲིམས་ཁང་ (West Kowloon Magistrates’ Court) གིས། ཧོང་ཀོང་དམངས་གཙོའི་ཡབ་ཆེན་དུ་འབོད་པའི་མཱར་ཊིན་ལཱི་ (Martin Lee) ལགས་དང་། དམངས་གཙོའི་ལྟ་བ་འཛིན་བཞིན་པའི་(Apple Daily newspaper)འམ་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་སྦྱིན་བདག་ཕྱུག་བདག་ཇི་མེ་ལའེ་ (Jimmy Lai)ལགས། གྲོས་ཚོགས་འཐུས་མི་ཟུར་པ་ལི་ཁྲུག་ཡན་ (Lee Cheuk-yan)། ཨཱལ་བྷེ་ཊེ་ཧོ་ཁྲུན་ཡཱན་ (Albert Ho Chun Yan)། ལིའི་ཁོ་ཧཱ་ (Leung Kwok-hung)། མར་གྷ་རཊ་ (Margaret Ng) ། སིཌ་ཧོ་སོ་ལན་ (Cyd Ho Sau-lan) བཅས་མི་གྲངས་ ༧ ལ་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༢ དང་ ༡༨ ཉིན་ཧོང་ཀོང་གཞུང་གི་ཆོག་མཆན་མེད་པའི་འདུ་འཛོམས་ནང་ཁྲིམས་འགལ་གྱིས་མཉམ་ཞུགས་བྱས་ཡོད་པའི་ནག་ཉེས་བཙུགས་ཡོད་ཀྱང་། ཁོང་རྣམས་ནས་ཁྲིམས་འགལ་གྱི་འདུ་འཛོམས་བྱས་མེད་སྐོར་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་ཡོད་འདུག

དམངས་གཙོ་དོན་གཉེར་བ་བདུན་གྱིས་ཁོང་ཚོས་མི་མང་འདུ་འཛོམས་ཤུགས་ཆེན་བྱས་པ་དེ་ཁ་འཐོར་དུ་འགྲོ་ཆེད་སྐུལ་འདེད་བྱེད་པར་སོང་བ་ཡིན་སྐོར་བརྗོད་ཡོད་འདུག་ལ། དེའི་ཐད་ཁྲིམས་ཁང་དེའི་ཁྲིམས་ཞིབ་པ་ཨེ་མན་ཌ་ཇེན་ཝུཌ་ཁོག་ (Amanda Jane Woodcock) ཡིས། ཁོང་རྣམ་འདུ་འཛོམས་མེད་པར་བཟོ་བ་དང་ཞི་འཇགས་ཡོང་ཆེད་སོང་བ་ཞིག་མིན་སྐོར་དང་། འདུ་འཛོམས་མ་བྱུང་གོང་ནས་འདུ་འཛོམས་བྱེད་པའི་ཀུན་སློང་ཡོད་པ་མ་ཟད། འདུ་འཛོམས་ཞི་འཇགས་སུ་གཏོང་ཐབས་སུ་ཕྱིན་སྐོར་བརྗོད་ཀྱི་ཡོད་པ་ནི་མིང་ཙམ་ཡིན་པ་དང་། བདེན་པའི་གནས་ཚུལ་ནི་འཆར་གཞི་ལྡན་པའི་ཐོག་ནས་ཁྲིམས་འགལ་གྱིས་འདུ་འཛོམས་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག

ཁྲིམས་ཁང་དུ་ཉན་ཞིབ་མགོ་འཛུགས་མ་བྱས་གོང་དུ་གྲོས་ཚོགས་འཐུས་མི་གསར་པ་ལིའི་ཁོ་ཧཱ་ (Leung Kwok-hung) གྱིས་ཆབ་སྲིད་ཁྲིམས་གཅོད་དེ་ནི་ངོ་ཚ་དགོས་པ་ཞིག་ཡིན་སྐོར་གྱི་སྐད་འབོད་བྱས་ཡོད་འདུག་ལ། སྐབས་དེར་ཟུར་ཉན་བྱེད་མཁན་གྱི་ཁྲོད་དུ་ཧོང་ཀོང་མི་མང་གིས་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པ་རྣམས་བསྒྲུབ་དགོས་སྐོར་ཀྱི་འཕྲེད་དར་བཟུང་སྟེ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་འདུག

ཉེ་ལམ་ཧོང་ཀོང་གི་གཞུང་རྒོལ་ལས་འགུལ་ནང་ཆོག་མཆན་མེད་པར་ཞུགས་པའི་ཉེས་མིང་འོག་ལས་འགུལ་བ་གཉིས་ལ་ལོ་ངོ་ ༥ དང་ལྔའི་ཁྲིམས་ཐག་བཅད་ཡོད་འདུག་ལ། ཟླ་འདི་ཕྱི་ཚེས་ ༡༦ ཉིན་ཁྲིམས་ཁང་དེ་ཡིས་མཱར་ཊིན་ལཱི་ (Martin Lee)ལགས་དང་ཇི་མེ་ལའེ་ (Jimmy Lai)ལགས་གཉིས་ཀྱི་གཙོའི་དམངས་གཙོ་དོན་གཉེར་བ་དང་། ལས་འགུལ་བ་བདུན་ལའང་ལོ་ལྔ་ཙམ་གྱི་ཁྲིམས་ཆད་ཕོག་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག་པ་དང་། ཁོང་རྣམས་ཀྱི་ཁྲོད་རེ་ཟུང་ལ་ཁྲིམས་འགལ་གྱི་འདུ་འཛོམས་བྱས་པའི་ཉེས་མིང་ཙམ་དུ་མ་ཟད་ནག་ཉེས་གཞན་ཀྱང་བཀལ་ཡོད་འདུག

ཕྱི་ལོ་ ༡༩༩༧ ལོར་དབྱིན་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གཞི་རྩའི་ཁྲིམས་ཀྱི་དགོངས་དོན་ལྟར་ཧོང་ཀོང་ནང་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་སོགས་ཁག་ཐེག་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་གཞུང་གིས་རྒྱ་ནག་སྐམ་ས་དང་མཉམ་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཏན་འབེབ་བྱ་རྩིས་བྱས་པ་ལ་བརྟེན། དམངས་གཙོ་དོན་གཉེར་བས་སྣེ་ཁྲིད་པའི་གཞུང་རྒོལ་གྱི་ལས་འགུལ་ཤུགས་ཆེན་བྱུང་ཡོད་པ་དང་། ལས་འགུལ་ཁྲོད་དྲག་པོའི་དོན་རྐྱེན་ཡང་བྱུང་ཡོད་སྟབས། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བར་དམིགས་ཏེ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཞེས་པ་ཞིག་གཏན་འབེབ་བྱས་ཏེ། རྒྱལ་ཁབ་ཁ་བྲལ་དང་མགོ་རྟིང་སློག་པ། གྱེན་ལོག་གིས་མཚོན་པའི་བདེ་སྲུང་ལ་གནོད་པའི་བྱ་སྤྱོད་ཁག་བཀག་འགོག་བྱེད་པར་ཁ་གཡར་ཏེ་ཀོང་ཧོང་གི་ལས་འགུལ་བ་ཚོ་འཛིན་བཟུང་བྱེད་པ་དང་གྲོས་ཚོགས་འཐུས་མི་དམངས་གཙོ་དོན་གཉེར་ཕྱིར་ཐུག་གཏོང་བ་སོགས་བྱས་ཡོད་པ་རེད། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཏན་འབེབ་བྱས་ནས་ད་བར་མི་གྲངས་ ༡༠༠ འཛིན་བཟུང་བྱས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese