མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་མཁན་གཉིས་སང་ཉིན་ལྡི་ལིར་འབྱོར་གྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་གནང་མཁན་ཚེ་རིང་ཡེ་ཤེས་ལགས་དང་འཆི་མེད་རྟ་མགྲིན་ལགས་གཉིས་ནས་ད་ལྟའི་སྐབས་སུ་བོད་མི་ཚོ་ཁ་བཙུམས་ནས་མི་བཞུགས་པར་བོད་དོན་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་པའི་རེ་སྐུལ་ལས་འགུལ་སྤེལ་གྱི་ཡོད་པ་རེད།
དེ་རིང་ཕྱི་ཚེས་ ༥ ཉིན་རྒྱ་གར་རྒྱལ་ཡོངས་ཀྱི་བོད་མིའི་གཞིས་ཆགས་ཁག་ནང་སྦག་སྦག་སྐོར་སྐྱོད་བྱེད་མཁན་ཚེ་རིང་ཡེ་ཤེས་དང་འཆི་མེད་རྟ་མགྲིན་ལགས་གཉིས་ཉིན་གྲངས་ ༡༥ ཙམ་གྱི་རིང་བོད་མི་འདུས་སྡོད་ཀྱི་གཞིས་ཆགས་དང་ས་ཁུལ་ཁག་ ༣༠ ཙམ་ལ་སྐོར་སྐྱོད་བྱས་ཏེ། སང་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་གྱི་ཡོད་པ་ལྟར། འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་སྦག་སྦག་སྐོར་སྐྱོད་བྱེད་མཁན་གཉིས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་སྐབས་ཚེ་རིང་ཡེ་ཤེས་ལགས་ཀྱིས། ཉེ་ལམ་ཅན་དྷི་གྷར་དུ་འབྱོར་སྐབས་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་མཆོག་ནས་ཞལ་པར་འབྱོར་ཏེ། ལས་འགུལ་བ་གཉི་ག་བོད་པ་ཡིན་པའི་ཆ་ནས་སོ་སོའི་བོད་པའི་བླ་མ་ཞིག་ལ་གཟེངས་རྟགས་དེ་འབུལ་དགོས་འདུག་ཅེས་རྒྱ་གར་གཞུང་ལ་ཞུས་པ་ཡིན་ན་མཛེས་པོ་ཞེ་དྲགས་མེད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ནང་སྐུ་མགྲོན་གྱི་ཚུལ་དུ་བཞུགས་ཡོད་སྟབས། རྒྱ་གར་གཞུང་དང་དཔོན་རིགས་ལ་སུན་པོ་མ་བཟོས་ན་ཡག་པོ་ཡོད་པ། དེ་བཞིན་ད་ལྟ་བར་དུ་༧གོང་ས་མཆོག་ལ་གཟེངས་རྟགས་དང་གསོལ་རས་ཧ་ཅང་མང་པོ་ཞིག་ཕུལ་ཡོད་པ་ཚང་མ་འཛམ་གླིང་གི་ལུང་པ་སོ་སོའི་འདོད་པ་གཞིར་བཟུང་ཕུལ་ཡོད་དུས། རྒྱ་གར་གྱི་གཟེངས་རྟགས་དེའང་རྒྱ་གར་གཞུང་དང་མི་མང་གི་འདོད་པ་དང་ཁོང་ཚོས་དང་དུ་བླངས་ནས་ཕུལ་བ་ཡིན་ན་ཡག་པོ་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་བྷ་ར་ཊི་ནཱ་འབུལ་ལམ་ཞུ་དགོས་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེ་མཚམས་འཇོག་ཐུབ་ན་ཡག་པོ་ཡོད་པའི་རེ་སྐུལ་གནང་ཡོད་སྐོར་བརྗོད་བྱུང་།

ད་ལྟ་ལས་འགུལ་བ་གཉིས་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་མཚམས་བཞག་ཡོད་ཀྱང་ལས་འགུལ་མུ་མཐུད་སྤེལ་གྱི་ཡོད་སྐོར་ལ། ངེད་གཉིས་ཀྱིས་ཅན་དྷི་གྷར་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་བྷ་ར་ཊི་ནཱ་འབུལ་ལམ་ཞུ་དགོས་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེ་མཚམས་འཇོག་བྱས་པ་ཡིན། ཡིན་ནའང་ང་ཚོས་ལས་འགུལ་དེ་ས་གནས་ས་ཐོག་ཏུ་བཅར་ནས་སྤེལ་བཞིན་ཡོད་སྟབས། ལས་འགུལ་གྱི་མིང་ལ་ (Ride for Pride) ཞེས་བཏགས་ཏེ། ཞུ་དོན་གཙོ་བོ་དེ་ང་ཚོ་བོད་མི་རྣམས་རྒྱ་གར་ལ་སླེབས་ནས་ལོ་ངོ་ ༦༢ འཁོར་ཚར་ཡོད་པ་དང་། ལས་འགུལ་འདྲ་མིན་སྤེལ་ཡོད་ནའང་གྲུབ་འབྲས་ཅི་སོན་ཚང་མས་མཐོང་གསལ་ཡིན་པ། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགུང་གྲངས་ ༡༡༣ བར་དུ་བཞུགས་རྒྱུའི་ཞལ་བཞེས་གནང་ཡོད་སྟབས་མི་མང་གི་སེམས་ནང་རང་བཞིན་གྱི་དགའ་སྣང་ཞིག་ཡོང་གི་ཡོད་ནའང་། དགའ་སྣང་དེ་དང་ལྷན་དུ་ང་ཚོར་སེམས་ཁྲལ་བྱེད་དགོས་པ་ཞིག་ཡོད་པ་ནི་ཕྱོགས་གཅིག་ནས་བལྟས་ན་ཁོང་དགུང་ལོ་ ༡༡༣ བཞུགས་རྒྱུ་ཡིན་གསུངས་པ་དེ་ཡག་པོ་ཞིག་དང་། ཕྱོགས་གཞན་ཞིག་ནས་དུས་ཚོད་གཏན་འཁེལ་གནང་ཡོད་པ་ལྟ་བུ་ཞིག་ཆགས་ཡོད་པས། འདས་ལོ་ནས་རྒྱ་ནག་གཞུང་ལ་ཁ་གཏད་དུ་རྒྱ་གར་གཞུང་གིས་ཁ་པར་གྱི་མཉེན་ཆས་མང་པོ་བཀག་འགོག་དང་ཚོང་འབྲེལ་གྱི་སྒྲིག་གཞི་མང་པོ་ཞིག་ལ་འགྱུར་བ་བཏང་བ། ལ་དྭགས་ཀྱི་གྷལ་ཝན་ནང་རྒྱ་དཀར་ནག་གི་དམག་མིའི་བར་རྩོད་རྙོག་བྱུང་སྐབས་རྒྱ་གར་མི་མང་ཁྲོད་རྒྱ་ནག་ལ་སྡང་སེམས་ཀྱི་རྣམ་པ་ཤུགས་ཆེན་པོ་ཞིག་སྐྱེས་ཡོད་པའི་གནས་སྟངས་འོག ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་ཁ་བཙུམས་ནས་བསྡད་ན་འགྲིག་གི་མེད་པས་བོད་མི་སུ་འདྲ་ཞིག་ཡིན་ནའང་། ཚོགས་པ་དང་མི་སྒེར་གྱི་ངོས་ནས་བོད་དོན་གྱི་ལས་འགུལ་འདྲ་མིན་སྤེལ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་པའི་རེ་སྐུལ་ཞུ་བཞིན་ཡོད་སོགས་སྐོར་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་བཞུགས་སྒར་དྷ་སའི་མེག་གྷན་ཁྲོམ་གཞུང་དུ། བོད་མི་ཚེ་རིང་ཡེ་ཤེས་ལགས་དང་འཆི་མེད་རྟ་མགྲིན་ལགས་རྣམ་གཉིས་ཀྱིས། རྒྱ་གར་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཊི་ར་ཊི་ནཱ་འབུལ་ལམ་ཞུ་བའི་སྦག་སྦག་སྐོར་བསྐྱོད་བརྒྱུད་བོད་མིའི་ཚོགས་པ་ཁག་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་མགོ་འཛུགས་བྱས་ཏེ། ཕྱི་ཚེས་ ༢༣ ཉིན་དྷ་ས་ནས་སྦིར་ས་གནས་ཀྱི་བོད་མིའི་གཞིས་ཆགས་དང་མཚོ་པདྨ་ཁུལ། མ་ན་ལི་དང་སིམ་ལ། བོན་གཞིས་དང་ཅན་དྷི་གྷར། རྡེ་ར་ལྡུན་དང་ཧ་པ་པུ། མ་སུ་རུ་དང་ལྡི་ལི། ཝར་ན་དང་གྷ་ཡ། སི་ལི་གྷོ་རི་དང་འབྲས་ལྗོངས། སྒང་ཏོག་དང་ཤི་ལོང་། འབུམ་སྡེ་ལ་སོགས་དང་ཨོ་རི་ས། དེ་ནས་ལྷོ་ཕྱོགས་ཀྱི་བོད་མི་འདུས་སྡོད་ཁུལ་ཁག་དང་མོམ་བྷེ། གྷོ་ཝ་དང་གྷོ་ཇི་ར་དྷི་མངའ་སྡེ། ཧི་མ་ཅལ་མངའ་སྡེའི་དྷ་ལ་ཧོ་སི་གཞིས་ཆགས་དང་ལ་དྭགས་སོགས་སུ་ཕྱིན་རྗེས་མཐར་རྒྱལ་ས་ལྡི་ལིར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་མཇུག་བསྒྲིལ་རྒྱུ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. Sonam Gyaltsen says:
    ལོ་ 5 སྔོན།

    གཞོན་ནུ་ཚོགས་པ། བོད་རང་བཙན་སློབ་ཕྲུག ཐོད་རས་དམར་པོ་དཀྲིས་མཁན་དེ་ཚོས་ བོད་རང་བཙན། ? ? ? ? ད་ཆ་ སྟོབ་ཆེན་རྒྱལ་ཁབ་ཡིན་ཟེར་མཁན་ ཨ་རི། USA ?? ཨིན་ཇི། Britain ?? ཇ་པན། Japan ?? རྒྱ་གར། India ?? ཨཱས་ཀྲ་ལི་ཡ་ Australia ?? ཚོས་ རྒྱ་ནག་ལ་ རུབ་རྡུང་རྒྱག་ཡ་ཆ་གཞི་གདིང་སྡོད་ཡོད། ཐོད་རས་དམར་པོ་དཀྲིས་མཁན་དེ་་་ སྣང་བ་སྐྱིད་སྐྱིད་ དེལ་ལི་བར་ འཆམ་འཆམ་དང་སྦྲགས་གོམ་འགྲོས།?‍♂️གཞོན་ནུ་ཚོགས་པ་སྣང་བ་སྐྱིད་སྐྱིད་ སྦག་སྦག་ཊཱུར། ? བོད་རང་བཙན་སློབ་ཕྲུག་ སྣང་བ་སྐྱིད་སྐྱིད་ Ice Hockey ⛸ ? ད་དུང་བོད་རང་བཙན། ད་ག་འདྲ་པོ་ཧམ་པ། ? བོད་པ་ཚོ་ ད་ ཁོང་ཚོའི་མགོ་སྐོར་འོག་ལ་མ་འཚུད་པ་ཟབ་ཟབ་གནང་། རྒྱ་མི་གུང་ཁྲན་ལས་དེ་ཚོ་སྡུག་གི་རེད་ད།

    Reply
  2. Sonam Gyaltsen says:
    ལོ་ 5 སྔོན།

    སྔ་སྟོད་ རྒྱ་དཀར་ནག་གཉིས་ས་མཚམས་ བོད་ས་ཧབ་རྩོད་ལ་གདོང་ཐུག་བྱུང་ནས་ རྒྱ་གར་དམག་མི་ ༢༠ རྐྱེན་ལམ་དུ་བཏང་པས་རྐྱེན་གྱི་ རྒྱ་གར་བ་ཚོས་་་ ད་ལན་ རྒྱ་གར་གྱིས་ཆེ་སྟོད་གཟེང་རྟགས་ (Bharat Ratna) ཞེས་པ་དེ་ ཏཱ་ལའི་བླ་མ་ལ་ཕུལ་ན་ རྒྱ་དམར་ལ་ཤ་ལེན་ཆགས་པ་རེད་བཤད་ཡོད། ༧གོང་ས་མཆོག་ནི་ནང་པའི་དགེ་སློང་འཚེ་བ་མེད་པའི་ལམ་ལ་ཕེབས་མཁན་ཞིག་རེད། རྒྱ་གར་གྱིས་ཆེ་སྟོད་གཟེང་རྟགས་དེ་ མདོར་བསྡུས་ན་ ཤ་ལེན་གཟེང་རྟགས་(Revenge Medal?) རེད། རྒྱ་གར་གྱིས་ཆེ་སྟོད་གཟེང་རྟགས་དེ་ ཡག་རྟགས་གང་ཡང་མ་རེད། བོད་པ་ཚང་མགོ་སྐོར་མ་ཐེབས་པ་ཟབ་ཟབ་གནང་དགོས། སྔ་སྟོད་ སྲིད་བློན་མོ་དིའི་་་ ལ་དྭགས་ལ་གཏམ་བཤད་ནང་ ༧གོང་ས་མཆོག་ལ་ ཟུར་ནས་གོ་རྒྱུ་བཏང་ཡོད། བྱམས་དང་སྙིང་རྗེ་བཤད་ནས་ ས་མཚམས་ཐོག་དོ་སྣང་དང་རྒྱ་གར་ལ་རྒྱབ་སྐྱོར་བྱེད་ཀྱི་མིན་འདུག་མདོག་མདོག བྱམས་དང་སྙིང་རྗེ་གསུངས་མཁན་དེ་སྟོན་པ་ཤཱཀྱ་ཐུབ་རེད་ བཤད་ཡོད། ངེད་ཅག་བོད་པ་ཚང་རྣམ་སྤྱོད་ལྡན་པ་ཞིག་ཡིན་ན་ རྒྱ་གར་གྱིས་ཆེ་སྟོད་གཟེང་རྟགས་ (Bharat Ratna) ཞེས་པ་དེ་དང་ རྒྱ་གར་གྱིས་ད་བར་ བོད་རྒྱ་ཁོངས་ཡིན་པ་ Tibet Is Part Of China འགྱུར་བ་གཅིག་ཀྱང་མེད་པ་མུ་འཐུད་གནས་མུས་ཡིན་པ་ དེ་གཉིས་གང་དེ་རིན་ཐང་ཆེ་བ་ ?? ཡིན་ད།

    Reply
  3. Sonam Gyaltsen says:
    ལོ་ 5 སྔོན།

    བོད་པ་རྒྱུག་ཁྱི་གཟའ་བརྒྱབ་གཉིས་དེ་ སྦག་སྦག་ཊཱུར་ བོད་མི་གནས་སྡོད་གཞིས་ཆགས་ཁག་ལ་མཚན་རྟགས་བསྡུ་རུབ། མཚན་རྟགས་མ་བཀོད་ན། ཡང་རྒྱ་གར་གྱི་་་ བོད་པ་ནང་རྒྱ་མི་སོ་པ་མང་པོ་ཡོད་ལུགས་བཤད་ཀྱི་རེད་པ། རྒྱ་གར་གྱི་དམིགས་ཡུལ་ནི་ བོད་དང་རྒྱ་གཉིས་འགལ་ཟླ་ཤུག་ཆེ་རུ་གཏོང་ཡ་གི་འཇུ་ངན་ཞིག་རེད་པ། རྗེས་མ་རྒྱ་གར་གྱི་་་ རྒྱ་མི་ལ་སྤྲེལ་ལད་ (Bharat Ratna)ཆེ་བསྟོད་གཟེངས་རྟགས་དེ། བོད་པ་ཚོས་་་ ད་ལཱཡི་བླ་མ་ལ་ ང་ཚོས་རྒྱ་གར་གྱིས་ ཆེ་བསྟོད་གཟེངས་རྟགས་ཐོབ་ཡ་ཆེད་དཀའ་ལས་ཞེ་པོ་རྒྱག་པ་རེད། ཆེ་སྟོད་གཟེང་རྟགས་ཆེད་ ངོ་ཐོག་རྒྱུག་མཁན་དེ་རྒྱ་གར་གྱི་རྒྱུག་ཁྱི་བོད་པ་གཟའ་བརྒྱབ་པ་ཉུང་ཤས་གཅིག་བྱས། མཁས་ཉེན་དེ་བོད་པའི་གང་ལ་གཡུག་ཡ་དེ་རེད། གང་ལྟར་ ནག་ཅན་དེ་བོད་པས་གང་ལ། Wao ! India’s One Full Of Resources. one skillful India. Really Thank Q INDIA ??

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese