མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྟོད་ཆོལ་ཁའི་དངོས་གཞིའི་སྤྱི་འཐུས་འོས་མི་གསར་པ་གསུམ།

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཐུན་མོང་གི་དྲི་བ།

འཛིན་སྐྱོང་བཀའ་ཤག་གི་ལས་དོན་ཆེ་ཕྲ་ཀུན་ལ་སྤྱི་འཐུས་ལྷན་ཚོགས་ནས་གཟིགས་ཞིབ་དང་བྱ་ར་བྱེད་ཀྱི་ཡོད་དུས། ཁྱེད་རང་སྤྱི་འཐུས་ཆགས་པ་ཡིན་ན། རང་འཁྲིའི་འོས་འགན་གང་འདྲ་འཁུར་གནང་རྒྱུ་ཡིན་ནམ།

ངག་དབང་བློ་གྲོས་ལགས།

སྤྱིར་བཏང་སོ་སོ་ལྟ་བུ་ཡིན་ན། གཞིས་ཆགས་ནང་ལ་ད་བར་དུ་མུ་མཐུད་ནས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་སྐབས་གསུམ་གྱི་རིང་ལ་བྱས་ནས་ད་ལྟའང་ཚོགས་གཙོའི་འགན་འཁྱེར་བཞིན་ཡོད། ངས་ས་གནས་འཐུས་མི་བྱེད་པའི་སྐབས་སུ་འཛིན་སྐྱོང་དང་ས་གནས་མགོ་འཛིན་གྱི་ཕྱག་ལས་གནང་སྟངས་ཀྱི་ཐོག་ལ་མི་མང་རེ་རེའི་ནང་དུ་ཕྱིན་ཏེ། ཁོང་ཚོའི་བསམ་ཚུལ་ལ་ཉན་ནས་ས་གནས་ས་ཐོག་གི་དཀའ་ངལ་ག་རེ་ཡོད་རུང་བདེན་པ་དང་ཕྱི་གསལ་ནང་གསལ། དྲང་པོའི་ཐོག་ནས་སེལ་ཐབས་བྱེད་ཀྱི་ཡོད། ང་རང་ལ་གོ་སྐབས་གང་ཡང་རག་རུང་། དུས་རྒྱུན་དུ་ནས་ལས་ཁུངས་ལ་བཅར་བ་དང་གྲོས་ཚོགས་འཚོགས་པ་ཙམ་མིན་པར་མི་མང་ལ་བཀའ་བསྡུར་ཞུ་དགོས་པ་དེ་འདྲའི་ཐོག་ནས་འཛིན་སྐྱོང་གི་ལས་ཀ་བྱེད་ཕྱོགས་ཀྱི་ཐོག་ལ་བསམ་ཚུལ་ཡོད།  དེ་བཞིན་གལ་སྲིད་མ་འོངས་པར་ང་རང་བོད་ཀྱི་གྲོས་ཚོགས་ནང་བསླེབ་པ་ཡིན་ན། སོ་སོའི་ངོས་ནས་དུས་རྟག་ཏུ་འཛིན་སྐྱོང་གི་ཕྱག་ལས་གནང་སྟངས་ཐོག་ལ་ཞིབ་འཇུག་བྱེད་པའི་ཐོག མི་མང་གི་བསམ་ཚུལ་བསྡུ་རུབ་བྱས་ཏེ། གྲོས་ཚོགས་ཀྱི་ནང་ལ་སོ་སོའི་རྣམ་དཔྱོད་བེད་སྤྱོད་བཏང་ནས་བློ་གཟུ་བོར་གནས་པའི་ཐོག་ནས་འཛིན་སྐྱོང་གི་ཕྱག་ལས་གནང་སྟངས་ཀྱི་ཐོག་ལ་སོ་སོའི་ངོས་ནས་བསམ་ཚུལ་ཞུ་འདོད་ཡོད།

ཐུབ་བསྟན་བཀྲ་ཤིས་ལགས།

མ་འོངས་པ་ང་རང་བོད་མི་མང་སྤྱི་འཐུས་ཆགས་པ་ཡིན་ན། འཛིན་སྐྱོང་བཀའ་ཤག་ལ་སྟངས་འཛིན་དང་ལས་དོན་བྱེད་ཕྱོགས་ཐོག་ལ་ཆར་པ་ཆུ་གྲོགས་དང་། ཉི་མ་མེ་གྲོགས་ལྟ་བུའི་ལས་ཀ་བྱ་རྒྱུ་ཡིན། ང་རང་བཙན་བྱོལ་ལ་འབྱོར་ནས་ལོ་ངོ་བཅུ་དྲུག་བཅུ་བདུན་གྱི་བརྒྱུད་རིམ་ནང་། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་ལ་ལོ་ ༡༢ ལྷག་ལས་ཀ་བྱས་ཡིན། དེ་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ལས་ཀ་བྱས་ཡིན། ད་དུང་མོན་གྷོ་འདོད་རྒུ་གླིང་དུ་ས་གནས་གྲོས་ཚོགས་ཀྱི་འཐུས་མི་དང་རྒྱུན་ལས་བྱས་ཡིན་ལ། བོད་ཀྱི་བང་ཆེན་གསར་ཁང་གི་གསར་འགོད་པ་དང་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ལ་སོགས་པའི་སྤྱི་ཚོགས་ནང་ལ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནང་ལས་ཀ་མང་པོ་བྱས་ཡོད། དེའི་ཉམས་མྱོང་ལ་བརྟེན་ནས་མ་འོངས་པར་སྤྱི་འཐུས་ཆགས་པ་ཡིན་ན། སྤྱི་འཐུས་ཚད་ལྡན་བྱེད་ཐུབ་རྒྱུའི་བློ་ཁོག་དང་སྤོབས་པའི་ཐོག་ནས་ལངས་ཀྱི་ཡོད་ལ། དེ་བཞིན་སྤྱི་འཐུས་ཚད་ལྡན་གྱི་ཐོག་ནས་གཡས་དགའ་གཡོན་ལྷུང་མེད་པར་འཛིན་སྐྱོང་བཀའ་ཤག་གི་ལས་ཀ་བྱེད་ཕྱོགས་ལ་འཛིན་སྐྱོང་སྟངས་འཛིན་བྱེད་ཐུབ་ཀྱི་རེད་བསམ་པའི་གདེང་ཚོད་དང་སྤོབས་པ་ཆ་ཚང་ཡོད།

དབང་འདུས་རྡོ་རྗེ་ལགས།

གལ་སྲིད་ང་རང་གྲོས་ཚོགས་ར་བའི་ནང་བསླེབ་པ་ཡིན་ན། ད་ལྟ་བར་དུ་ངས་ཚོགས་པ་ཁག་ནང་ལོ་ ༡༥ ལྷག་རིང་ཞབས་ཕྱི་ཞུས་པ་དང་ཉམས་མྱོང་ཡོད་པ་དེ་ཚོ་གཞིར་བཟུང་ང་རང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ར་བ་ནང་ལ་སྤྱི་པའི་འཐུས་མི་ཞིག་གི་ངོ་བོ་ཙམ་མིན་པར། ཁ་ཡོད་ལག་ཡོད་ཀྱིས་བོད་ནང་ཡོད་པའི་གཞིས་ལུས་བོད་མིའི་མངོན་འདོད་སྒྲུབ་རྒྱུའི་དམིགས་ཡུལ་དེ་གྲོས་ཚོགས་ནང་འཁྱེར་རྒྱུ་ཡིན་ལ། བཙན་བྱོལ་དུ་ཡོད་པའི་མི་མང་ནང་དཀའ་ངལ་རབ་དང་རིམ་པ་འཕྲད་ཀྱི་ཡོད་རེད། དེ་ཚོའི་དཀའ་ངལ་སེལ་རྒྱུ་དང་དཀའ་ངལ་འཕྲད་པ་རྣམས་གྲོས་ཚོགས་ནང་ཁྱེར་ནས་གླེང་སློང་བྱ་རྒྱུ། དེ་མ་ཟད་ང་རང་ཚོ་སྤྱི་པའི་འཐུས་མིའི་ལས་འགན་འདི་གྲོས་ཚོགས་ཙམ་མིན་པར། གྲོས་ཚོགས་ནང་གླེང་སློང་བྱེད་ས་རེད་དེ། རྒྱ་ཆེ་ས་ལ་བསམ་བློ་བཏང་ན། ང་རང་ཚོ་སྤྱི་པའི་འཐུས་མིའི་ལས་འགན་ནི་གྲོས་ཚོགས་ཀྱི་ཕྱི་ལོག་ལ་རེད་བསམ་གྱི་འདུག  དེ་འདྲ་སོང་ཙང་གྲོས་ཚོགས་ཀྱི་སྤྱི་འཐུས་དང་མི་མང་གི་སྤྱི་པའི་འཐུས་མིའི་འགན་གཙོ་བོ་འཁྱེར་བའི་ཐོག་ནས། གྲོས་ཚོགས་ནང་ལོག་དང་གྲོས་ཚོགས་ཀྱི་ཕྱི་ལོག་ལ་རྒྱ་ཆེའི་སྡིངས་ཆ་ཐོག་ནས་མི་མང་གི་དཀའ་ངལ་སེལ་རྒྱུ་དང་གཞིས་བྱེས་མཉམ་འཛོམས་ཡོང་བའི་ཆེད་དུ། ད་བར་དུ་ངས་སྤྱི་ཚོགས་ནང་ལ་སྤྱི་པའི་དོན་ལ་ལས་ཀ་གང་ལ་གང་འཚམ་ལས་ཡོད་ལ། དེའི་ཉམས་མྱོང་དང་འདས་པའི་གྲུབ་འབྲས་གཞིར་བཟུང་གྲོས་ཚོགས་ནང་ལ་ང་ཚོའི་བཀའ་ཤག་གིས་ལས་ཀ་ཡག་པོ་གང་འདྲ་བྱེད་ཀྱི་ཡོད་མེད། ལས་ཀ་འཐུས་ཤོར་ག་པར་འགྲོ་ཡི་ཡོད་མེད། དེ་ཚོ་ལ་སྟངས་འཛིན་བྱེད་པའི་ཐོག་ནས་བླ་མ་དཀོན་མཆོག་གི་ལས་ཀ་བྱ་རྒྱུ་གཅིག་དང་། གྲོས་ཚོགས་ཀྱི་ཕྱི་ལོག་ལའང་རྐུབ་བཀྱག་རྩ་ཆེན་པོར་འཛིན་པའི་ཐོག་ནས་མུ་མཐུད་ཞབས་ཕྱི་ཞུ་རྒྱུའི་དམ་བཅའ་བརྟན་པོ་དང་ཀུན་སློང་གཙང་མ་ཡོད།

ཐུན་མོང་མིན་པའི་དྲི་བ།

བཙན་བྱོལ་བོད་མིའི་གསར་ཁང་དེ་ཚོས་ལས་དོན་བྱེད་ཕྱོགས་ག་འདྲ་འདུག  ཡར་རྒྱས་གཏོང་དགོས་པ་ག་རེ་གཟིགས་ཀྱི་འདུག

དབང་འདུས་རྡོ་རྗེ་ལགས།

ད་ལྟའི་ཆར་ང་རང་ཚོའི་གསར་ཁང་དེ་ཚོ་ཚང་མ་གཅིག་ལས་གཅིག་ཡག་པོ་དང་ཚད་ལྡན་ཤ་སྟག་རེད་འདུག  ང་རང་ཚོའི་གསར་ཁང་མང་ཆེ་བ་འཐབ་རྩོད་དང་འབྲེལ་བ་ཡོད་པ་ཡིན་ཙང་། མ་འོངས་པ་ལའང་འདི་དང་འདི་འདྲ་བའི་གསར་ཁང་གང་མང་མང་ང་རང་ཚོའི་བཙན་བྱོལ་ནང་དུ་ཙམ་མིན་པར་རྒྱ་ཆེའི་སྡིངས་ཆ་ནང་དུའང་བོད་པའི་གནད་དོན་ཐོག་ལ་དྲིལ་བསྒྲགས་བྱ་རྒྱུ་དང་། ད་ལྟའི་ཆར་གོ་རྟོགས་གང་མང་མང་སྤེལ་དགོས་འདུག  མ་ཟད་བོད་ནང་གི་ད་ལྟའི་དངོས་ཡོད་ཀྱི་ཛ་དྲག་གནས་སྟངས་དེ་ཚོ་རྣམ་པ་ཚོ་བོད་ཀྱི་དུས་བབ་དང་གསར་ཁང་གཞན་གྱིས་ཡག་པོ་སྤེལ་གནང་གི་འདུག  དེ་ལ་རྗེས་སུ་ཡི་རངས་ཞུ་ཡི་ཡོད། མ་འོངས་པར་མུ་མཐུད་ནས་ཡར་རྒྱས་གཏང་རོགས་ཞུ་ཡི་ཡོད།

གཞུང་མང་གཉིས་ཀྱི་ངོས་ནས་མཉམ་རུབ་དགོས་ཞེས་དུས་རྒྱུན་བཤད་ཀྱི་ཡོད་ཀྱང་། རྩ་དོན་འཐབ་རྩོད་ཁྲོད་གཞུང་མང་གཉིས་ངོ་བོ་ལོགས་སུ་ཆགས་ཏེ་མཚམས་རེར་འགལ་ཟླའང་ཡོང་གི་ཡོད་པ་དེ་སེལ་ཐབས་ག་རེ་འདུག་གམ།

ངག་དབང་བློ་གྲོས་ལགས།

  ང་རང་ལྟ་བུ་ཡིན་ན། ད་བར་དུ་ཝ་ར་ཎ་སི་མཐོ་རིམ་སློབ་གྲྭ་ནས་ཨཅརྱ་བསླབ་པ་མཐར་སོན་བྱུང་ནས་བཟུང་ལོ་ངོ་ ༡༠ ལྷག་རིང་ལ་བོད་པ་ཞིག་ཡིན་པའི་ཆ་ནས་འགན་འཁུར་དགོས་བསམ་ནས་མ་སྐུལ་དང་བླངས་ཀྱི་ཐོག་ནས་གཞིས་ཆགས་ནང་བསྡད་དེ། ས་འཐུས་ཚོགས་གཙོའི་འགན་འཁྱེར་བའི་ཐོག་ནས་མི་མང་གི་བདེ་སྡུག་ལ་ལྟ་བ་དང་གཞིས་ཆགས་ཀྱི་དཀའ་ངལ་སེལ་བ། གཞིས་ཆགས་སྲ་བརྟན་ཡོང་ཆེད་ལས་ཀ་བྱས་པ་ཡིན། དེ་བཞིན་གཙོ་ཆེ་ཤོས་ང་ཚོའི་བོད་དེ་མ་འོངས་པར་གནས་དང་མ་གནས་འདི་བོད་ཀྱི་མི་རིགས་དང་། བོད་ཀྱི་སྐད་དང་རིག་གཞུང་ལ་རག་ལས་ཀྱི་ཡོད་པ་དེ་དུས་རྟག་ཏུ་དྲན་གྱི་ཡོད། དེར་བརྟེན་ང་ཚོ་བོད་ཀྱི་ངོ་བོ་རྩ་བརླག་མ་འགྲོ་བའི་ཆེད་དུ་སོ་སོའི་ངོས་ནས་ཁ་ཙམ་མིན་པར་དོན་དངོས་སུ་མ་སྐུལ་དང་བླངས་ཀྱིས་འགན་ལེན་པའི་ཐོག་ནས་སོ་སོ་བོད་པ་གཅིག་ཡིན་པའི་ཆ་ནས་དབྱངས་ཅན་ཤེས་ཡོན་དང་རིག་གཞུང་བདེ་དོན་ཚོགས་པ་རྒྱ་གར་གྱི་ཁྲིམས་ཐོག་ལ་དེབ་སྐྱེལ་ཞུས་པ་དང་ཤེས་ཡོན་གོང་མཐོར་གྱི་ཆེད་དུ་གཞིས་ཆགས་ལ་དམའ་རིམ་སློབ་གྲྭ་མེད་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པས། དེའི་དཀའ་ངལ་སེལ་ཆེད་དུ་འགན་འཁྱེར་བའི་ཐོག་ནས་འཛིན་གྲྭ་ལྔ་པ་བར་དུ་རྒྱ་གར་གཞུང་གི་འོག་ལ་དེབ་སྐྱེལ་བྱས་ཏེ་ལོ་ངོ་གསུམ་རིང་ལ་འགན་ཁྱེར་བ་ཡིན། སྤྱིར་བཏང་ང་ཚོས་སློབ་གྲྭ་བཙུགས་པའི་སྐབས་སུ་ང་བོད་གཞུང་གི་ཤེས་རིག་སྡེ་ཚན་ལ་བཅར་པ་དང་ཁོང་རྣམ་པས་ཁྱེད་ཚོས་སྒེར་གྱི་ངོས་ནས་འགན་འཁྱེར་ཐུབ་པ་དང་དཀའ་ངལ་སེལ་ཐུབ་པ་ཡག་པོ་རེད་གསུངས་སོང་། ང་རང་ཡིན་ནའང་དེ་ནང་བཞིན་དཀའ་ལས་བརྒྱབ་ནས་གཞིས་ཆགས་ནང་སློབ་གྲྭ་འཛུགས་སྐྲུན་བྱས་པ་མ་ཟད། རིན་མེད་ཀྱི་ཐོག་ནས་སློབ་གྲྭ་ཕྱིན་དང་འགྲོ་བཞིན་པ་ཆགས་བསྡད་ཀྱི་ཡོད། དེ་བཞིན་སློབ་སྦྱོང་ལ་དོན་གཉེར་ཅན་གྱི་སློབ་ཕྲུག་རྣམ་པས་རིགས་གཅིག་རྐང་འཛིན་གནང་མཁན་ཚོར་དཔལ་འབྱོར་དཀའ་ངལ་ཡོད་པ་རྣམས་ལ་སློབ་ཡོན་ཕྲན་བུ་ཙམ་མིན་པར་སློབ་ཡོན་ཆ་ཚང་ཕུལ་ཐུབ་པའི་འབད་བརྩོན་བྱས་ནས་སློབ་ཕྲུག་ ༣ དང་ ༤ ལ་མ་འོངས་པར་བོད་ཀྱི་རྩ་དོན་ལ་ཕན་ཐོགས་ཆེད་དུ་རོགས་པ་བྱས་ཡོད་ལ། གཞིས་ཆགས་ཀྱི་ནང་ལ་ཆེ་ས་ཆུང་རིགས་དེ་བཞིན་འཕྲོད་བསྟེན་གྱི་ཐོག་ལ་རོགས་པ་མང་པོ་བྱས་དང་བྱེད་བཞིན་ཡོད།

ཐུབ་བསྟན་བཀྲ་ཤིས་ལགས།

ངས་བཙན་བྱོལ་ནང་དུ་གཞུང་མང་གཉིས་རྦད་དེ་ངོ་བོ་ལོགས་སུ་ཕྱེ་བ་རྩ་བ་ཉིད་ནས་ཚོར་གྱི་མེད་པ་དང་། ཧ་ཅང་རྡོག་རྩ་གཅིག་སྒྲིལ་ཚད་མཐོན་པོ་ཡོད་པ་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡོད་པའི་རྒྱུ་མཚན་ནི། ང་ཚོའི་སྤྱི་ཚོགས་ནང་དུ་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་།
དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་།
གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སུ་དང་སུ་ཡིན་རུང་དེའི་ལས་དོན་བྱེད་ཕྱོགས་ཐོག་ལ་རེ་ཟུང་གིས་འདོད་པ་མ་ཁེངས་བར་སྤྱི་ཚོགས་ནང་ཆེན་པོ་བཟོ་ཡི་འདུག དེང་སང་སྤྱི་ཚོགས་ཀྱི་དྲ་ལམ་ཧ་ཅང་མང་པོ་དང་མི་ཚང་མ་གསར་འགོད་པ་ཆགས་ཡོད་དུས། དོན་དག་ཆུང་ཚགས་ལ་དགྲ་དགའ་གཉེན་སྡུག་བཟོས་པ་དང་། འཛིན་སྐྱོང་བཀའ་ཤག་ལའང་སྐྱོན་བརྗོད་བྱས་པ་ལ་སོགས་པ་མང་པོ་ཡོང་གི་འདུག  དེ་ཚོ་རེ་ཟུང་གིས་སོ་སོ་འདོད་པ་ཁེངས་དང་མ་ཁེངས་ཀྱི་ཐོག་ནས་དགྲ་དགའ་གཉེན་སྡུག་གི་ལས་ཀ་བཟོས་པ་མ་གཏོགས་སྤྱི་ཡོངས་ཀྱི་ཆ་ནས་རྩ་དོན་འཐབ་རྩོད་དང་འཛིན་སྐྱོང་བཀའ་ཤག་གིས་མི་མང་ལ་གཟིགས་རྟོག་གནང་སྟངས། སྤྱི་འཐུས་ལྷན་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འཛིན་སྐྱོང་བཀའ་ཤག་ལ་སྟངས་འཛིན་བྱེད་ཕྱོགས། དེང་སང་སྤྱི་འཐུས་གྲོས་ཚོགས་འཚོགས་བཞིན་ཡོད་པ་རེད། གནད་དོན་དེ་ཚོའི་ཐོག་ནས་བལྟས་ན། ངའི་ངོས་ནས་ང་ཚོ་སྐྱབས་བཅོལ་བ་གཞན་དང་མི་འདྲ་བའི་ནུས་པ་དང་རྡོག་རྩ་གཅིག་སྒྲིལ་ཚད་མཐོན་པོ་ཡོད་པ་ལ་ངོས་འཛིན་བྱེད་ཀྱི་ཡོད།

ཁྱེད་ཀྱིས་ད་བར་དུ་བོད་དོན་ཆེད་ངས་འདི་བྱས་ཡོད་བསམ་ནས་དགའ་སྤོབས་སྐྱེ་འོས་པ་ག་རེ་ག་རེ་ཡོད་དམ།

ཆེད་དམིགས་དྲི་བ།

ཁྱེད་ཀྱིས་དེ་སྔོན་གསར་འགོད་པའི་ལས་ཀ་གནང་མྱོང་ཡོད་པ་རེད། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་གསར་ཁང་དེ་ཚོ་དམངས་གཙོའི་ཀ་བ་བཞི་པ་ཡིན་ལ། གསར་འགོད་རང་དབང་ཆ་ཚང་ཡོད་པ་རེད། ཅེས་གོང་འོག་མང་པོས་བཤད་ཀྱི་འདུག  ཁྱེད་ཀྱིས་སོ་སོའི་ཉམས་མྱོང་གཞི་ལ་བཞག་ནས་དངོས་གནས་དེ་འདྲ་ཞིག་རེད་དགོངས་ཀྱི་འདུག་གམ།

ཐུབ་བསྟན་བཀྲ་ཤིས་ལགས།

སོ་སོ་བོད་ཀྱི་བང་ཆེན་ནང་ལོ་བདུན་རིང་ཡན་ལག་འགན་འཛིན་དང་གསར་འགོད་པ་བྱས་པ་ཡིན། དེའི་བརྒྱུད་རིམ་ནང་དང་ད་ལྟའི་ཆར་བོད་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་གསར་ཁང་དེ་ཚོས་ཕྱག་ལས་གནང་ཕྱོགས། སྤྱི་ཡོངས་ཀྱི་ཐོག་ནས་ང་ཚོའི་གསར་ཁང་དེ་ཚོར་སྐྱབས་བཅོལ་བའི་གནས་སྟངས་ཀྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ན་གང་ལ་གང་འཚམ་འགྲིག་ཐག་ཆོད་རེད་འདུག  གསར་འགོད་པ་དང་གསར་ཁང་། གསར་འགོད་རང་དབང་གི་ཐོག་ནས་འགྲིག་ཡོད་པའི་ཚོར་སྣང་ཡོད། མཚམས་རེར་ང་ཚོའི་གསར་འགོད་པ་དང་གསར་ཁང་དེ་ཚོས་གཡས་དགའ་གཡོན་ལྷུང་གི་ལས་ཀ་བྱེད་བཞིན་པ་དེ་གང་ཟག་སྒེར་གྱི་སྐྱོན་ཆ་རེད་མ་གཏོགས་ངས་སྤྱི་ཚོགས་ཀྱི་སྐྱོན་ཆ་དང་སྤྱི་ཡོངས་ཀྱི་སྐྱོན་ཆ་ལ་ངོས་འཛིན་བྱེད་ཀྱི་མེད། དེ་བཞིན་ལྷག་པར་དུ་གསར་ཁང་གི་ཐད་གཏོང་གི་ཐོག་ནས་འཐབ་རྩོད་པ་དང་སྐྱབས་བཅོལ་བའི་ངོས་ནས་ཆས་གོས་ཚད་དང་ལྡན་པ་གྱོན་དགོས་རེད། ང་ཚོའི་རྒྱལ་ཁབ་དགྲ་ལག་ཏུ་ཤོར་བའི་སྐྱབས་བཅོལ་བར་མཚོན་ན། ཆས་གོས་དང་སྐད་ཡིག་རིག་གཞུང་ཡོངས་སུ་རྫོགས་པ་སྲུང་སྐྱོབ་བྱ་དགོས་པ་ང་ཚོའི་འགན་འཁྲི་ཆགས་ཀྱི་ཡོད་རེད། ང་ཚོ་བོད་ཕྱི་ནང་གཉིས་ཀའི་མགྲིན་ཚབ་པ་ཡིན་ཟེར་གྱི་ཡོད་རེད། དེ་འདྲའི་ཐོག་ནས་མཚམས་རེར་བོད་ནང་དུ་གསར་འགོད་བརྒྱུད་ལམ་རང་དབང་དང་སྨྲ་བརྗོད་རང་དབང་།

འགྲོ་བ་མིའི་ཐོབ་ཐང་ཡོད་པ་མ་རེད། ཡིན་ནའང་ཁོང་ཚོའི་ཆས་གོས་གྱོན་སྟངས་དང་ང་ཚོའི་རང་དབང་ལུང་པར་ཡོད་མཁན་གྱི་ལས་ཀ་བྱེད་སྟངས་དང་ཆས་གོས་གྱོན་སྟངས་ལ་འགྲན་བསྡུར་བྱས་ནས་བསམ་བློ་བཏང་ཡོང་དུས། ང་ཚོའི་ལས་ཀ་བྱེད་སྟངས་དེ་ནོར་འཁྲུལ་ཡིན་པ་མཐོང་ཡོང་གི་འདུག  དེ་མ་གཏོགས་སྤྱི་ཡོངས་ཀྱི་ཐོག་ནས་ང་ཚོའི་གསར་ཁང་དང་གསར་འགོད་པ་གང་ལ་གང་འཚམ་ཡག་པོ་འདུག་ལ། ལྷག་པར་དུ་གསར་འགོད་རང་དབང་ཚད་དང་ལྡན་པ་ཡོད་པ་ཚོར་གྱི་འདུག

ཁྱེད་ཀྱི་ལོ་རྒྱུས་ནང་ལྟ་དུས། བོད་པའི་ཧི་མ་ལ་ཡ་སློབ་གྲྭ་ཞེས་པ་ཞིག་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ནས་གཞིས་ཆགས་ཁག་ནང་རིན་མེད་ཐོག་སློབ་སྦྱོང་སྤྲོད་ཀྱི་ཡོད་གསུངས་འདུག  སློབ་གྲྭ་དེའི་བསླབ་གཞི་དང་སློབ་ཕྲུག་གི་གྲངས་འབོར་སོགས་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ངག་དབང་བློ་གྲོས་ལགས།

ཐོག་མ་དེ་ལ་རང་ཉིད་གཞིས་ཆགས་ཀྱི་མི་དང་བོད་པ་ཞིག་ཡིན་ཙང་། གཞིས་ཆགས་སྲ་བརྟན་ཡོང་རྒྱུ་གལ་ཆེན་པོ་རེད། གཞིས་ཆགས་ཆུང་ཆུང་ཞིག་ཡིན་རུང་སྒང་ལ་དགོན་པ་དང་བར་ལ་སྨན་ཁང་། ཞབས་ལ་གཞི་རིམ་དང་དམའ་རིམ་སློབ་གྲྭ་ཞིག་མེད་ན་མེད་ཐབས་ལྟ་བུ་ཡིན་ཙང་གཞི་རྩའི་ཆ་རྐྱེན་ཚང་དགོས་ཀྱི་ཡོད་རེད། དེ་སྔོན་ང་ཚོའི་གཞིས་ཆགས་ནང་ལ་དམའ་རིམ་སློབ་གྲྭ་མེད་པར་བརྟེན་དཀའ་ངལ་མང་པོ་ཕྲད་ཡོད་པ་དང་། ཕྲུ་གུ་ཆུང་ཆུང་ཞིག་ཡིན་རུང་ལོ་བཞི་ནས་ཕ་མ་དང་ཁ་བྲལ་ཏེ་སློབ་གྲྭར་གཏོང་དགོས་བྱུང་བ་དང་ཁ་ཤས་གཞིས་ཆགས་གཞན་ལ་སྤོས་དགོས་བྱུང་བ་སོགས་ཀྱི་དཀའ་ངལ་རབ་དང་རིམ་པ་མང་པོ་བྱུང་བ་རེད། དེར་བརྟེན་གཞིས་ཆགས་ནང་དམའ་རིམ་སློབ་གྲྭ་དགོས་འདུག་ཟེར་ནས་སྲིད་སྐྱོང་ལ་ཞུས་ཏེ། སྲིད་སྐྱོང་གིས་དགེ་རྒན་གཅིག་གི་གླ་ཆ་གནང་བ་རེད། དགེ་རྒན་གཅིག་གིས་སློབ་ཕྲུག་ཚོར་སློབ་སྦྱོང་སྤྲད་པ་རེད་དེ་སློབ་ཕྲུག་ ༢༠ དང་ ༣༠ མང་དུ་ཕྱིན་ནས་དགེ་རྒན་གཅིག་གིས་ཡོང་ཁག་པོ་ཆགས་ཏེ། དགེ་རྒན་གཉིས་པ་ཞིག་ལ་རོགས་རམ་རག་ཐབས་བྱས་ཏེ་དགེ་རྒན་གཉིས་པ་ཞིག་བསྐོས་པ་རེད། དགེ་རྒན་གཉིས་པ་བསྐོས་པ་ཙམ་གྱིས་འགྲིག་གི་མེད་པ་དང་། ང་ཚོས་དེབ་སྐྱེལ་བྱ་ཐུབ་ན་ཡག་གི་རེད་བསམ་སྟེ། དབྱངས་ཅན་ཤེས་ཡོན་དང་རིག་གཞུང་ཚོགས་པ་དེབ་སྐྱེལ་བྱས་ཏེ་ཚོགས་པའི་འོག་ལ་བོད་པའི་ཧི་མ་ལ་ཡ་སློབ་གྲྭ་རྒྱ་གར་གྱི་ཁྲིམས་ཐོག་ལ་དེབ་སྐྱེལ་བྱས་པ་ཡིན། དེ་བཞིན་བོད་གཞུང་ཤེས་རིག་བཀའ་བློན་དང་དྲུང་ཆེ་ལ་བཅར་ཏེ་ང་ཚོའི་གཞིས་ཆགས་ལ་དཀའ་ངལ་དེ་འདྲ་ཡོད་པ་དང་། རབ་བྱུང་ན་བོད་གཞུང་གིས་འཛུགས་སྐྲུན་གནང་རོགས་ཞུས་པ་ཡིན། ཡིན་ནའང་དེ་ལ་ཆ་རྐྱེན་མང་པོ་ཚང་དགོས་ཀྱི་འདུག་པས་ཚང་མ་ཚང་གི་མི་འདུག  དེར་བརྟེན་ཁོང་རྣམ་པས་དགེ་རྒན་གྱི་ཐོག་ནས་རོགས་རམ་གནང་གི་ཡོད་རེད་ལ། ད་ལྟ་སློབ་ཕྲུག་ ༤༠ ཙམ་དང་དགེ་རྒན་ ༦། ལས་བྱེད་གཅིག་ཡོད། ད་ལྟ་བར་དུ་ལོ་གསུམ་གྱི་རིང་ལ་རིན་མེད་ཀྱི་ཐོག་ནས་སློབ་སྦྱོང་སྤྲད་དང་སྤྲོད་བཞིན་པ་ཆགས་ཀྱི་ཡོད།

ཁྱེད་ཀྱིས་དེ་སྔོན་བོད་མིའི་སྐྱབས་བཅོལ་ལག་དེབ་ (RC) དྲ་ལམ་ནས་འཕར་འགྱངས་དེབ་སྐྱེལ་བྱེད་པར་འབྲེལ་མཐུད་པའི་ལས་ཀ་གནང་ཡོད་ས་རེད། ད་ལྟ་བོད་མིའི་དྭང་བླངས་དཔྱ་དངུལ་དྲ་ཐོག་ནས་འབུལ་བའི་ལས་གཞི་རྩོམ་གྱི་ཡོད་པ་རེད་ལ། འོས་བསྡུའི་དེབ་སྐྱེལ་སོགས་ཀྱང་དྲ་ཐོག་ནས་འགྲོ་ཐུབ་ན་ཡག་པོ་ཡོད་པའི་བསམ་ཚུལ་མང་པོ་ཡོང་གི་འདུག  དེ་ཚོ་དྲ་ཐོག་ནས་ཐད་ཀར་གནང་རྒྱུ་ཡོད་པ་བཟོས་ན། བོད་མི་ཚོར་དཀའ་ངལ་ག་རེ་ག་རེ་འཕྲད་ས་རེད་དགོངས་ཀྱི་འདུག

དབང་འདུས་རྡོ་རྗེ་ལགས།

སྤྱིར་བཏང་ནས་དེང་སང་དྲ་རྒྱའི་དུས་ཚོད་ཡིན་ཙང་ང་ཚོའི་བོད་པའི་སྤྱི་ཚོགས་ཙམ་མིན་པར་རྒྱ་གར་དང་འཛམ་གླིང་ཡོངས་རྫོགས་ལ་དྲ་རྒྱ་བརྒྱུད་ནས་ལས་ཀ་བྱེད་ཀྱི་ཡོད་རེད། ཡིན་ནའང་དངོས་ཡོད་གནས་ཚུལ་དེ་ཕྱི་རྒྱལ་དང་རྒྱ་གར་གཉིས་ལ་ས་དང་གནམ་གྱི་ཁྱད་པར་ཡོད་རེད། དེ་བཞིན་རྒྱ་གར་དང་བོད་པའི་སྤྱི་ཚོགས་ལའང་ཁྱད་པར་ཆེན་པོ་ཡོད་པ་དེ། དྲ་རྒྱའི་ཐོག་ནས་ལས་ཀ་བྱས་ན་དྲ་ཐོག་ཏུ་ལས་ཀ་བྱེད་ཐུབ་མཁན་དང་སློབ་སྦྱོང་ཡོད་མཁན་དགོས་ཀྱི་ཡོད་རེད། ང་རང་གི་འདས་པའི་ཉམས་མྱོང་ལ་བལྟས་ན། ཕྱི་ལོ་ ༢༠༡༨ ལོར་བཙན་བྱོལ་ནང་ཡོད་པའི་སྐྱབས་བཅོལ་ལག་དེབ་དྲ་ཐོག་ཏུ་བསྒྱུར་བ་རྒྱ་གར་དབུས་ནས་བཀའ་རྒྱ་ཕེབས་པ་རེད། ཡིན་ནའང་། ཐོག་མར་དྲ་ཐོག་ལ་སྙན་ཞུ་རྒྱག་དགོས་རེད། སྙན་ཞུ་རྒྱག་པར་ལས་ཁུངས་སུ་བཅར་དགོས་པ་དང་ལས་བྱེད་སློབ་སྦྱོང་ཡོད་མཁན་ཚད་ལྡན་ཡོད་རེད་དེ། མི་མང་གི་མི་འབོར་མང་དྲགས་པ་དང་ལས་བྱེད་ཉུང་དྲགས་པས་དྲ་ཐོག་ནས་བཟོ་བར་དཀའ་ངལ་རབ་དང་རིམ་པ་ཕྲད་སོང་། འབིར་ས་གནས་ས་ཁུངས་ཀྱི་ངོས་ནས་འགན་གནང་བ་ལྟར། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་དཔོན་རིགས་ཁག་དང་ཕྱི་ལོ་ ༢༠༡༨ ཀྱི་ནང་སྲིད་བཀའ་བློན་བརྒྱུད་ནས་དྲ་ཐོག་གི་དུས་ཚོད་ཕྱི་ཟླ་ ༣ པ་ནས་ཕར་འགྱངས་བཏང་བར་སྙན་ཞུ་བརྒྱབ་པ་སོགས་འབིར་ཁུལ་གྱི་མི་མང་རྣམས་དྷ་རམ་ས་ལར་འགྲོ་མི་དགོས་པའི་ཐབས་ལམ་བཏོན་པ་ཡིན། མདོར་ན་དྲ་ཐོག་ཏུ་ལས་ཀ་བྱས་པར་བཙན་བྱོལ་ནང་དུ་སློབ་སྦྱོང་ཡོད་པ་དང་དྲ་ཐོག་གི་ལས་ཀ་བྱེད་མཁན་ཉུང་ཉུང་ཡིན་པས། ད་ལྟའི་ཆར་ང་ཚོས་རིམ་པས་གོ་རྟོགས་སྤེལ་བ་ལས་ལམ་སེང་བྱས་ན་ཁག་པོ་རེད་བསམ་གྱི་འདུག  ཡིན་ནའང་དེང་དུས་དང་མཐུན་པ་དགོས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལས་ཀ་ཆེ་ཆུང་གང་འདྲ་ཡིན་རུང་དྲ་ཐོག་ནས་བྱ་རྒྱུའི་ལས་གཞི་རྩོམ་གྱི་ཡོད་པ་དེ་ཡག་པོ་འདུག

ཐུན་མོང་གི་དྲི་བ་གཉིས་པ།

འཐབ་རྩོད་ཀྱི་ལྟ་བ་ལངས་ཕྱོགས་མི་འདྲ་བ་དེ་བོད་མིའི་གཅིག་སྒྲིལ་དང་བོད་དོན་བདེན་མཐའ་གསལ་བའི་འགོག་རྐྱེན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་དམ། ཡང་ན་མཐུན་རྐྱེན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་དམ།

ངག་དབང་བློ་གྲོས་ལགས།

ཐོག་མར་ཕྱི་ལོ་ ༡༩༥༩ སྐབས་སུ་རྒྱ་དམར་གྱི་དྲག་གནོན་དང་སྡུག་རྩུབ་ཀྱི་འོག་ལ་སྡོད་ཐབས་བྲལ་ནས་འུ་ཐུག་ཐབས་ཟད་ཀྱི་ཐོག་ནས་ང་ཚོ་རྒྱ་གར་བཙན་བྱོལ་ལུང་པར་བསྡད་དགོས་བྱུང་བ་རེད། ང་ཚོའི་འདས་པའི་བོད་ཀྱི་ལོ་རྒྱུས་ནང་བལྟས་པ་ཡིན་ན། བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་བརྒྱ་ཆ་བརྒྱ་ཚང་མས་ངོས་ལེན་གནང་གི་ཡོད་རེད། བོད་ནང་གཞིས་ལུས་བོད་མི་རྣམ་པ་གཞན་དབང་འོག་ལ་གནས་ཡོད་དུས་ཁོང་རྣམ་པར་རང་དབང་མེད་ཙང་། ང་ཚོ་སྐྱབས་བཅོལ་བ་ཡོངས་ལ་འགན་ཆེན་པོ་ཡོད་རེད། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་པའི་འོག ཆོལ་ཁ་གསུམ་གཅིག་སྒྲིལ་གྱི་ཐོག་ནས་བོད་གཞུང་བཙུགས་པ་རེད། དེ་བཞིན་རྒྱ་གར་དུ་བསླེབས་རྗེས་ང་ཚོས་བོད་རང་བཙན་གཙང་མ་ཡིན་པ་དང་རང་བཙན་རྩོད་གླེང་བྱས་པ་རེད། དུས་ཀྱི་འགྱུར་བ་དང་༧གོང་ས་མཆོག་གིས་རྒྱལ་ཁབ་ཁག་གི་དཔོན་རིགས་མང་པོ་དང་མཇལ་ནས་ཉམས་མྱོང་མང་པོ་བསགས་རྗེས། བོད་ཀྱི་བདེན་མཐའ་གསལ་བར་ཐབས་ལམ་ལེགས་ཤོས་དེ་དབུ་མའི་ལམ་ཡིན་པ་མཁྱེན་པ་རེད། དེར་བརྟེན་ང་ཚོའི་བོད་གཞུང་གི་སྲིད་ཇུས་དེ་དབུ་མའི་ལམ་ཆགས་ཀྱི་ཡོད་རེད། ཡིན་ནའང་བོད་རིགས་ཡོངས་རྫོགས་ལ་འགན་གཅིག་པ་དང་ཐོབ་ཐང་འདྲ་མཉམ་ཡོད་རེད། བོད་པ་ཡིན་པའི་ཆ་ནས་སོ་སོའི་ངོས་ནས་བོད་ཀྱི་བདེན་མཐའ་གསལ་བའི་ཆེད་དུ་ཐབས་ལམ་གང་འདྲ་ཡིན་རུང་འབད་བརྩོན་གནང་ཡོད་པ་དེ་ང་ཚོའི་གཟི་བརྗིད་དང་། མ་འོངས་པར་བོད་ཀྱི་བདེན་མཐའ་གསལ་བའི་ཆེད་དུ་ཕན་ཐོགས་པའི་ལས་ཤིག་རེད་བསམ་གྱི་ཡོད། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ལྟར། ང་ཚོ་དབུ་མའི་ལམ་རྩོད་མཁན་དང་རང་བཙན་རྩོད་མཁན་ཡིན་རུང་ཚང་མས་བོད་ནང་གི་དཀའ་ངལ་སེལ་ཐབས་ཀྱི་ཆེད་དུ་འབད་བརྩོན་གནང་གི་ཡོད་རེད། དེར་བརྟེན་བོད་གཞིས་ལུས་མི་མང་གི་མངོན་འདོད་བསྒྲུབ་རྒྱུ་དང་བོད་ནང་གི་དཀའ་ངལ་སེལ་ཐབས་སུ་ཐབས་ཤེས་མང་པོ་དང་ཐབས་ལམ་གང་འདྲ་ཡོད་རུང་ངའི་ངོས་ནས་ཚང་མར་རྗེས་སུ་ཡི་རངས་ཞུ་ཡི་ཡོད།

དབང་འདུས་རྡོ་རྗེ་ལགས།

    ལངས་ཕྱོགས་གང་འདྲ་ཡིན་རུང་གཙོ་བོ་ང་ཚོས་བོད་ཀྱི་བདེན་མཐའ་གསལ་དགོས་པ་དེ་རེད། གཞིས་ལུས་བོད་མིའི་མངོན་འདོད་དང་བསམ་དོན་སྒྲུབ་དགོས་པ་དེ་རེད། བོད་ཀྱི་རྩ་དོན་གྱི་ཆེད་དུ་སྲོག་བློས་གཏོང་མཁན་དཔའ་བོ་དཔའ་མོ་དེ་ཚོའི་མངོན་འདོད་སྒྲུབ་རྒྱུའི་ཆེད་དུ་རེད། དེར་བརྟེན་ངའི་ངོས་ནས་འཐབ་རྩོད་གལ་ཆེན་པོ་རེད་ལ་གཙོ་བོ་ང་རང་ཚོའི་འཐབ་རྩོད་སྒྲུབ་པའི་ཆེད་དུ་ལས་འགུལ་སྤེལ་རྒྱུ་དེ་གལ་ཆེན་པོ་རེད། ད་ལྟའི་གནས་སྟངས་འདིའི་འོག་ལ་ལས་འགུལ་སྤེལ་གྱི་ཡོད་རེད་ལ་ལས་འགུལ་སྤེལ་མཁན་ཚོར་ང་ཚོའི་ངོས་ནས་རྒྱབ་སྐྱོར་བྱེད་དགོས་པ་དེ་གལ་ཆེན་པོ་རེད་འདུག  བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་ཞིག་གིས་ལས་འགུལ་སྤེལ་པ་དང་བོད་ཀྱི་རྩ་དོན་དང་བོད་དོན་འཐབ་རྩོད་དང་འབྲེལ་བ། རང་བཙན་གྱི་ལངས་ཕྱོགས་དང་དབུ་མའི་ལངས་ཕྱོགས་གང་ཡིན་རུང་གཙོ་བོ་དེ་བོད་དང་བོད་དོན་གྱི་ཆེད་དུ་རེད། དེར་བརྟེན་འཐབ་རྩོད་ཀྱི་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་འཁྲིད་པའི་འོག་ནས་ང་རང་ཚོའི་བདེན་མཐའ་གསལ་བའི་ཆེད་དུ་ལས་འགུལ་གང་མང་སྤེལ་དགོས་འདུག་ལ། ལས་འགུལ་བ་ཁ་ཤས་མི་ཚེ་གཅིག་རང་བཙན་འཐབ་རྩོད་པ་ཡིན་པ་དེ་ཚོར་ང་ཚོས་ཆེ་མཐོང་སྤྲོད་དགོས་འདུག  རྒྱ་གར་དང་ཕྱི་རྒྱལ་དུ་དཔའ་བོ་མང་པོ་ཡོད་རེད་དེ་དཔའ་བོ་གྲོངས་ཚར་བའི་རྗེས་སུ་དྲན་གསོ་ཞུ་རྒྱུའི་ལུགས་སྲོལ་ཡོད་རེད། ད་ལྟ་དངོས་སུ་ཡོད་མཁན་མི་ཚེ་ཡོངས་རྫོགས་རྩ་དོན་དང་མི་རིགས་ཀྱི་ཆེད་དུ་གཏོང་མཁན། རང་བཙན་གྱི་ཐོག་ལ་དཀའ་ལས་རྒྱག་མཁན་མང་པོ་ཡོད་རེད། དེ་ཚོ་ལ་གུས་འདུད་དང་རྗེས་སུ་ཡི་རངས་ཞུ་དགོས་ཀྱི་ཡོད་རེད།

ཐུབ་བསྟན་བཀྲ་ཤིས་ལགས།

ང་ཚོའི་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་དུ་ལྟ་གྲུབ་དང་ལངས་ཕྱོགས་ཀྱི་ཐོག་ནས་མཐུན་དང་མི་མཐུན་པ་དེ་དངོས་པོའི་ཆོས་ཉིད་ལྟ་བུ་རེད། ང་རང་གི་ངོས་ནས་འདི་ངེས་པར་དུ་ཡོད་དགོས་པ་ཞིག་ལ་ངོས་འཛིན་གྱི་ཡོད། ལྷག་པར་དུ་ད་ལྟའི་ཆར་༧གོང་ས་མཆོག་གི་ལམ་སྟོན་དང་འཛིན་སྐྱོང་བཀའ་ཤག་ལ་བདག་དབང་ཡོད་པའི་ལམ་དབུ་མ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གཏན་འབེབས་བྱས་པའི་ལམ་དབུ་མ་དེའི་སྒང་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འགྲོ་ཡི་ཡོད་རེད། སྐབས་དེ་དུས་བོད་རང་བཙན་འཐབ་རྩོད་བྱེད་མཁན་ངེས་པར་དུ་དགོས་ཀྱི་ཡོད་རེད། ལམ་དབུ་མ་ལམ་ལྷོངས་ལེགས་འགྲུབ་འབྱུང་དགོས་ན། བོད་རང་བཙན་འཐབ་རྩོད་བྱེད་མཁན་མེད་ན་ལེགས་འགྲུབ་འབྱུང་གི་མེད་པ་དང་། སྤྱིར་བཏང་ང་རང་གི་ངོས་ནས་རྒྱ་ནག་ལ་རེ་བ་དང་ཡིད་ཆེས། བློ་གཏད་གཅིག་ཀྱང་མེད། རྒྱ་ནག་ལ་ཡིད་ཆེས་བྱས་ནས་འགྲོ་དགོས་ན་ང་ཚོའི་བསམ་བློ་གཏོང་སྟངས་ནོར་གྱི་ཡོད་པ་རེད། གཉིས་པ་དེ་ང་ཚོའི་ལྟ་གྲུབ་དང་ལངས་ཕྱོགས། སྨྲ་བརྗོད་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་བོད་ནང་ཡོད་མ་རེད། རྒྱ་གར་དུ་ལྟ་གྲུབ་དང་ལངས་ཕྱོགས་ག་རེ་ཡིན་རུང་འཛིན་ཆོག་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བཙན་བྱོལ་དུ་གནས་སྟངས་ཁྱད་མཚར་པོ་དང་ལྟ་གྲུབ་ལངས་ཕྱོགས་འཛིན་མ་ཆོག་པའི་གནས་སྟངས་ཡོང་ན་བློ་ཕམ་པོ་རེད། བཙན་བྱོལ་དུ་ལྟ་གྲུབ་དང་ལངས་ཕྱོགས་མཐུན་དང་མི་མཐུན་དེ་འགལ་ཟླར་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་རེད། ངའི་ངོས་ནས་ལྟ་གྲུབ་ལངས་ཕྱོགས་རང་བཙན་དང་དབུ་མའི་ལམ་ཡོད་པ་དེ་ངེས་པར་དུ་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

ཐུན་མོང་མ་ཡིན་པའི་དྲི་བ་གཉིས་པ།

ངག་དབང་བློ་གྲོས།

ད་ལྟ་ཁྱེད་རང་དང་དཔུང་པ་གཤིབ་ནས་འོས་བསྡུའི་འགྲན་བསྡུར་ནང་ཞུགས་བཞིན་པའི་སྤྱི་འཐུས་ཚོར་རེ་བ་ཆེ་ཤོས་ག་རེ་ཡོད་དམ།

ལན། ང་ཚོའི་སྤྱི་འཐུས་འོས་མི་ཚང་མ་དང་སྤྱི་འཐུས་གནང་མྱོང་མཁན་རྒན་པ་མང་པོ་ཡོད་རེད། ཁོང་རྣམ་པ་ཚང་མ་ཉམས་མྱོང་ལྡན་པ་དང་དུས་རྟག་ཏུ་སོ་སོའི་ངོས་ནས་བརྩི་བཀུར་ཞུ་ཡི་ཡོད། དེ་བཞིན་ཕྱག་རོགས་འོས་མི་ཐུབ་བསྟན་བཀྲ་ཤིས་ལགས་ཁོང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐབས་ ༢༡ པའི་དྲུང་ཆེ་རེད། ང་ཚོ་འདྲིས་པོ་ཡོད་ལ། ཁོང་ལྷག་བསམ་རྣམ་དག་གི་ཐོག་ནས་ཕྱག་ལས་གནང་མཁན་ཞིག་རེད། དེ་བཞིན་དབང་འདུས་རྡོ་རྗེ་ལགས་སྐད་རིགས་གང་ཅིའི་ཐོག་ནས་ཐོགས་པ་མེད་པ་རེད། སྤྱི་དོན་ཐོག་ལ་སེམས་ཤུགས་ཡོད་མཁན་རྐྱང་རྐྱང་རེད། དེ་བཞིན་ཕྱག་རོགས་དྲུང་ཆེ་སྙིང་མིག་ལགས་དང་ཨོ་རྒྱན་འཇིགས་མེད་ལགས་ཡོད་རེད། ཚང་མ་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ཤ་སྟག་རེད། འོས་མི་ཆ་ཚང་ཚད་དང་ལྡན་པ་དང་སློབ་སྦྱོང་ལྡན་པ། ལྷག་བསམ་ཡོད་མཁན་ཤ་སྟག་རེད་འདུག  ང་རང་གི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་སྤྱི་ཚོགས་ཞབས་ཕྱི་ཞུས་པ་ཡིན་ལ། གལ་སྲིད་སྤྱི་འཐུས་ཆགས་པ་ཡིན་ནའང་མ་འོངས་པར་གང་ཐུབ་ཅི་ཐུབ་བྱ་དགོས་བསམ་པའི་ཀུན་སློང་ཡོད།  ད་ལྟ་འདིའི་ནང་ལ་ཚང་མ་ཚད་དང་ལྡན་པ་ཤ་སྟག་རེད་འདུག་པས། ང་རང་ཡིན་ནའང་བློ་བདེ་པོ་འདུག་ལ། ཁོང་རྣམ་པར་ཡིད་ཆེས་དང་རེ་བ་ཆེན་པོ་ཡོད།

ཐུབ་བསྟན་བཀྲ་ཤིས།

སྤྱི་འཐུས་ཀྱི་ལས་ཡུན་ལོ་ལྔ་ནང་ཁྱེད་ཀྱིས་འཆར་གཞི་གཙོ་བོ་ག་རེ་བསྒྲིགས་གནང་ཡོད་དམ།

ལན། ང་རང་གལ་སྲིད་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པ་ཆགས་པ་ཡིན་ན། ང་རང་བོད་ནང་འཚར་ལོངས་བྱུང་བ་དང་སློབ་སྦྱོང་གི་གོ་སྐབས། སྤྱི་ཚོགས་ནང་དུ་ལས་ཀ་བྱས་མྱོང་མཁན་གྱི་གང་ཟག་ཅིག་དང་། བཙན་བྱོལ་དུ་བསླེབས་པའི་རྗེས་སུ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོའི་ནང་དུ་སོ་སོས་ལྷག་བསམ་རྣམ་དག་གི་ཐོག་ནས་ཞབས་ཕྱི་སྒྲུབ་རྒྱུའི་གོ་སྐབས་བླ་ན་མེད་པ་རག་མྱོང་མཁན་ཞིག་ཡིན་དུས། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པ་ཆགས་ན། དེ་དག་གི་ཉམས་མྱོང་གཞི་ལ་བཞག་པའི་ཐོག་ནས་སྤྱི་འཐུས་ཚད་ལྡན་ཞིག་གི་ལས་ཀ་བྱེད་ཐུབ་ཀྱི་རེད་བསམ་པའི་སྤོབས་པ་དང་གདེང་ཚོད་ཡོད། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་གཞིས་ལུས་མི་མང་གི་མགྲིན་ཚབ་པ་ལྟ་བུ་ཡིན་ཙང་། ང་རང་བོད་གཞིས་བྱེས་གཉིས་ཀྱི་ནང་དུ་འཚར་ལོངས་བྱུང་བ་མ་ཟད། ཉམས་མྱོང་ཚད་དང་ལྡན་པ་ཡོད། ད་ལྟའི་ཆར་བཙན་བྱོལ་གཞུང་གི་སྤྱི་འཐུས་རྐུབ་བཀྱག་རག་ན་ཞབས་ཕྱི་ཚད་དང་ལྡན་པ་སྒྲུབ་ཐུབ་ཀྱི་རེད་བསམ་གྱི་ཡོད། དེ་བཞིན་ཤེས་ཡོན་གྱི་ཐོག་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ནི་བོད་མི་རིགས་ཀྱི་སྲོག་རྩ་ལྟ་བུ་ཆགས་ཡོད་དུས། འདས་པའི་ལོ་ཡུན་ནང་ཤེས་ཡོན་དང་བོད་ཀྱི་སྐད་ཡིག  རིག་གཞུང་གི་སྒང་ལ་རྩོམ་ཡིག་བྲིས་པ་དང་ལས་ཀ་མང་པོ་བྱས་ཡིན། མ་འོངས་པར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དང་ཁྲིམས་བཟོ་ལྷན་ཚོགས་ནང་ལ་བསླེབ་ན་རྒྱལ་སྤྱིའི་གནས་སྟངས་དང་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས། དེ་བཞིན་བཙན་བྱོལ་གནས་སྟངས་ཐོག་ལ་རྒྱུས་མངའ་དང་ཤེས་ཚད་ཀྱི་ཐོག་ནས་འདང་གི་རེད་ལ། དེ་དག་ལ་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་ཐོག་ནས་ཐུགས་ཕན་གསོ་ཡི་རེད་བསམ་པའི་ཐོག་ནས་གྲ་སྒྲིག་ཨང་གསར་ཡོད།

དབང་འདུས་རྡོ་རྗེ།

ད་ལྟའི་གྲོས་ཚོགས་ཀྱི་དཀའ་ངལ་ཆེ་ཤོས་ག་རེ་གཟིགས་ཀྱི་འདུག  ཁྱེད་རང་སྤྱི་འཐུས་ཆགས་རྗེས་དེ་ལ་ལེགས་བཅོས་ག་འདྲ་གནང་གི་ཡིན།

ལན། ང་རང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་འདི་ད་ལྟའི་ཆར་ཡག་པོ་འགྲོ་ཡི་འདུག  དམངས་གཙོའི་གསོལ་རས་དེ་༧གོང་ས་མཆོག་གིས་གནང་བ་གཞིར་བཟུང་ཚང་མས་དམངས་གཙོ་ལག་བསྟར་གནང་རྒྱུའི་ཐོག་ལ་ང་རང་གི་ངོས་ནས་མིག་དཔེ་བལྟ་ས་དང་སྦྱང་རྒྱུ་མང་པོ་འདུག ང་རང་གིས་ད་ལྟའི་ཆར་ཕྱི་ལོག་ནས་ལྟ་ཡི་ཡོད་པ་རེད་དེ། མ་འོངས་པར་གལ་སྲིད་ང་རང་གྲོས་ཚོགས་ཀྱི་འཐུས་མིའི་ནང་བསླེབ་ན། ངའི་ངོས་ནས་འཐུས་མིའི་ངོ་བོ་འཁྱེར་བ་ཙམ་མིན་པར་གྲོས་ཚོགས་ནང་གི་ལས་ཀ་གལ་ཆེན་པོ་རེད་ལ། གྲོས་ཚོགས་ཀྱི་ཕྱི་ལོག་ལ་འཐབ་རྩོད་དང་ལས་འགུལ། མི་མང་གི་དཀའ་ངལ་སེལ་རྒྱུ་དེ་གལ་ཆེན་པོ་རེད། ལས་ཀ་མང་བ་དེ་གྲོས་ཚོགས་ཀྱི་ཕྱི་ལོག་ལ་ཡོད་པའི་ཚོར་སྣང་ཆེན་པོ་ཡོད། ང་རང་ཡིན་ནའང་འདས་པའི་ལོ་ལྔ་ནང་སྤྱི་ཚོགས་ནང་ལས་ཀ་བྱེད་ཕྱོགས་དང་རྒྱ་གར་གྱི་དཔོན་རིགས་དང་འབྲེལ་བ་ཡོད་པ། ཉམས་མྱོང་དེ་ཚོ་གཞིར་བཞག་ནས་མ་འོངས་པར་གྲོས་ཚོགས་ནང་བསླེབ་པ་ཡིན་ན། བདེན་མཐའ་གསལ་བའི་ཆེད་དུ་འབྲེལ་བ་གཏིང་ཟབ་ཏུ་གཏང་བ་དང་མཐུན་སྒྲིལ་ཡར་རྒྱས་གཏང་གི་ཡིན། གཙོ་བོ་གྲོས་ཚོགས་འཐུས་མི་ཚོས་རྒྱལ་སྤྱིའི་སྟེང་མཐུན་སྒྲིལ་ཡར་རྒྱས་བཏང་ནས་འཐབ་རྩོད་ཆེད་དུ་ཁྲིམས་ཡིག་དང་སྲིད་ཇུས་གང་མང་གཏན་འབེབས་བྱ་རྒྱུའི་གོ་སྐབས་འཚོལ་དགོས་ཀྱི་འདུག  དཔེར་ན་ཕྱི་ལོ ༢༠༢༠ ལོར་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ང་རང་ཚོས་མཐུན་སྒྲིལ་བྱས་པའི་བཀའ་དྲིན་གྱིས་རེད། ང་རང་ཚོའི་ངོས་ནས་ཕྱི་ལོག་ལ་ཤུགས་མང་བ་རྒྱག་དགོས་ཀྱི་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༡ སྔོན་ལ།
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༡ སྔོན་ལ།
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

༧རྒྱལ་དབང་ཀརྨ་པ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཕྱི་དྲིལ་བཀའ་བློན་མཆོག་འཇར་མན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས།

ཆུ་ཚོད་ ༡༦ སྔོན་ལ།
བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་གཞུང་འབྲེལ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་།
 བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༥
Mobile App

ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱིའི་གཞུང་འབྲེལ་དབུ་འབྱེད་གནང་།

༢༠༢༥/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese