མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ས་མཚམས་ཁུལ་དུ་དོགས་ཟོན་ཤུགས་ཆེ་རུ་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཀྱི་ས་མཚམས་ཁུལ་གྱི་ས་རྟགས་རིགས་འགུལ་སྐྱོད་གཏོང་བ་དང་ཡིག་ཆ་ཁུངས་འཕེར་མེད་པར་འགྲོ་འོང་བྱས་པ་སོགས་བྱ་སྤྱོད་རིགས་ ༡༥ བགྲངས་ནས་དེ་དག་དང་འགལ་བའི་མི་སུ་ཞིག་ཡིན་ཡང་ཁྲིམས་ཆད་ལྗིད་པོ་གཅད་རྒྱུ་ཡིན་འདུག

ཁ་སང་རྒྱ་ནག་གི་གཞུང་འབྲེལ་གོ་ལའི་དུས་བབ་ (Global Times) དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༥ པའི་ཚེས་ ༢༣ ཉིན་རྒྱ་ནག་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བས་བོད་བཅིངས་གྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བའི་དུས་དྲན་སྲུང་གཙི་བྱ་རྒྱུ་ཡིན་པ་དང་བསྟུན། བོད་ཀྱི་ས་མཚམས་ཁག་ཏུ་ཁྲིམས་འགལ་གྱི་འགྲོ་འོང་སོགས་ཀྱི་བྱ་སྤྱོད་རིགས་ལ་སྔར་བས་སྟངས་འཛིན་ཤུགས་ཆེ་རུ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

བོད་རང་སྐྱོང་ལྗོངས་ཀྱི་མི་མང་བདེ་འཇགས་དང་ཕྱི་འབྲེལ་ལས་དོན་ལས་ཁུངས་ཟེར་བས་གཤམ་འོག་གི་འབྲེལ་ཡོད་ལས་ཁུངས་ཁག་ལ་བཀའ་ཁྱབ་ཅིག་བཏང་བའི་ནང་། ཡིག་ཆ་ཁུངས་འཕེར་མེད་པར་ས་མཚམས་ས་ཁུལ་དུ་འཛུལ་བ་དང་། ས་མཚམས་སུ་སྔོག་བཤེར་ལ་གཡོལ་ཐབས་བྱེད་པ། ཁྲིམས་འགལ་གྱི་ཐོག་ནས་མི་གཞན་ས་མཚམས་ནས་འགྲོ་འོང་བྱ་རྒྱུར་རོགས་འདེགས་བྱེད་པ། ས་མཚམས་ཀྱི་རྡོ་རིང་གིས་མཚོན་པའི་ས་རྟགས་རིགས་འགུལ་སྐྱོད་བཏང་བ་དང་། དམག་དོན་གྱི་ཡོ་བྱད་རིགས་གཏོར་བཤིག་གཏོང་བ་བཅས་ཀྱི་བྱ་སྤྱོད་རིགས་ངེས་པར་དུ་བཀག་འགོག་དགོས་སྐོར་བཀོད་འདུག

གཞན་ཡང་། བཀའ་ཁྱབ་དེའི་ནང་། ས་མཚམས་ཁུལ་དུ་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྲོག་ཆགས་རྔོན་པ་དང་རྩི་ཤིང་རིགས་འཐུ་བ། ས་མཚམས་ཁུལ་དུ་སྒེར་གྱི་གནམ་གྲུ་འཕུར་སྐྱོད་བྱེད་པ་དང་། ལམ་ཁ་དང་ཆུ་མོའི་ཁ་སྒྱུར་བ་སོགས་ཁྱོན་བྱ་སྤྱོད་རིགས་ ༡༥ ངོས་འཛིན་གྱིས། གལ་ཏེ་མི་སུ་རུང་གིས་བྱ་སྤྱོད་དེ་རིགས་སྤེལ་ཚེ་ཉེས་ཆད་ལྗིད་པོ་གཅད་རྒྱུ་ཡིན་སྐོར་བཀོད་ཡོད་འདུག

ཡང་རྒྱ་ནག་གི་གཞུང་འབྲེལ་དྲ་རྒྱ་དེའི་ནང་། ཀྲུང་གོའི་བོད་ལྗོངས་ཞིབ་འཇུག་ཁང་ཟེར་བའི་དམར་ཤོག་ཚོགས་པའི་མགོ་གཙོ་ཀྲུ་ཤའོ་མིང་ (Zhu Xiaoming) ཟེར་བ་དེས། དེ་དག་ནི་སྔོག་འགོག་གི་བྱེད་ཐབས་ཙམ་དུ་མ་ཟད། ས་མཚམས་སྲུང་སྐྱོབ་ཀྱི་རྒྱུན་ལྡན་ཐབས་ཇུས་ཡིན་སྐོར་དང་། ཡང་སི་ཁྲོན་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་དབྱང་མིན་ཧོང་ (Yang Minghong) ཟེར་བ་ཞིག་གིས། འདས་པའི་ལོ་ཤས་ནང་བོད་རང་སྐྱོང་ལྗོངས་ཁུལ་དུ་ཕྱིའི་སྟོབས་ཤུགས་ཀྱིས་ཤུགས་རྐྱེན་སྤྲོད་ཐབས་བྱས་ཡོད་པ་དང་། ད་ལྟ་བོད་བཅིངས་གྲོལ་བཏང་ནས་ལོ་ ༧༠ འཁོར་བའི་དུས་སྲུང་གཙི་ཞུ་གྲབས་ཡོད་སྟབས། འདི་ལྟ་བུའི་ཉེན་སྲུང་གི་བྱ་བ་སྤེལ་གལ་ཆེན་སྐོར་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

ཆུ་ཚོད་ ༢༡ སྔོན་ལ།
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

༢༠༢༦/༡༠/༢༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གསར་པ། ལི་ཤུའོ་ཝུ། པར་དྲ་ལམ་ནས་བླངས།
Mobile App

རྒྱ་གཞུང་གིས་རྒྱ་རིགས་ལི་ཤུའོ་ཝུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོས་འདུག

༢༠༢༦/༡༠/༢༧
རྒྱལ་མཚན་ནོར་བུས་ལྟ་སྐོར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱལ་མཚན་ནོར་བུ་བོད་མངའ་རིས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཟེར་བའི་ལས་དོན་ཚོགས་འདུར་ཞུགས། 

༢༠༢༦/༡༠/༢༧

མཆན། 1

  1. Sonam Gyaltsen says:
    ལོ་ 6 སྔོན།

    Good ? རེད། རྒྱ་གར་ཁུ་སིམ་མེར་ནམ་ཡང་བཞག་མི་ཉན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese