མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྫ་སྟོད་རྫོང་ཁོངས་ནས་ཐུབ་བསྟན་ཕུན་ཚོགས་ལགས་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༡/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོ་ཁུལ་རྫ་སྟོད་རྫོང་ཨག་སྟོད་ཡུལ་ཚོའི་བོད་མི་ཁག་ཅིག་རི་ལ་བསང་གསོལ་བཏང་བར་ཕྱིན་པར་བརྟེན་རྒྱ་གཞུང་ཉེན་རྟོག་པས་འདྲི་རྩད་བྱས་ཡོད་པ་མ་ཟད་བོད་མི་གཅིག་འཛིན་བཟུང་བྱས་ཡོད་འདུག

འདི་གར་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༤ དང་བོད་ཟླ་ ༢ ཚེས་ ༡ ཉིན་སྐྱེ་རྒུ་མདོ་ཁུལ་རྫ་སྟོད་རྫོང་ཨག་སྟོད་ཡུལ་ཚོའི་བོད་མི་ཁག་ཅིག་རི་མགོར་བསང་གསོལ་བཏང་བར་ཕྱིན་ཏེ་ཉིན་གསུམ་ཙམ་གྱི་རྗེས་སུ། ས་གནས་ཉེན་རྟོག་པ་མང་པོ་ཡུལ་ཚོའི་ནང་དུ་ཡོང་སྟེ་རི་མགོར་འགྲོ་དགོས་དོན་གང་ཡིན་དང་། བསང་གསོལ་ག་རེ་བྱས་ནས་བཏང་བ་ཡིན་སོགས་འདྲི་རྩད་བྱས་ཏེ། བོད་མི་གཅིག་འཛིན་བཟུང་བྱས་ཡོད་པ་མ་ཟད། རི་མགོར་བསང་གསོལ་གཏོང་བར་ཕྱིན་པའི་བོད་མི་ཚོའི་ཐོབ་ཐང་ལག་འཁྱེར་གཞུང་བཞེས་བཏང་བ་དང་། མི་སྒེར་གྱི་ཁ་པར་ཨང་གྲངས་དང་སྐད་འཕྲིན་ཁ་བྱང་སོགས་ཐོ་འགོད་བྱས་ཡོད་པ་མ་ཟད། རྗེས་མ་བསང་གསོལ་གཏོང་བར་འགྲོ་བ་སོགས་ཀྱི་གནས་ཚུལ་བྱུང་ན་ཕ་མ་ཚོས་འགན་ལེན་དགོས་པ་དང་། ཕ་མ་མེད་མཁན་ཡིན་ན་ཉེ་འབྲེལ་དང་ཡང་ན་ས་གནས་མགོ་འཁྲིད་ཚོས་འགན་འཁུར་དགོས་པའི་བཀའ་རྒྱ་ཡང་བཏང་ཡོད་འདུག

གཞན་ཡང་། མཚོ་སྔོན་ཞིང་ཆེན་ནང་རྒྱ་ནག་གཞུང་གིས་སྔར་ལས་དམ་དྲག་ཆེ་རུ་གཏོང་གི་ཡོད་པ་མ་ཟད། བདུན་ཕྲག་རེའི་ནང་ས་གནས་ཁག་ཏུ་ཚོགས་འདུ་ཐེངས་རེར་བསྡུས་ནས་མི་མང་ལ་རྒྱ་ནག་གཞུང་བཀའ་དྲིན་ཆེན་པོ་ཡིན་པ་ལྟར་དྲིན་ཤེས་པ་དགོས་པ་སོགས་ཀྱི་སློབ་གསོ་རྒྱག་གི་ཡོད་པ་མ་ཟད། བོད་མི་ནང་ཁུལ་གྱི་གནས་ཚུལ་བསྡུ་ལེན་ཆེད་དངུལ་སྤྲད་ནས་གསང་ཉུལ་གྱི་ལས་ཀ་བྱེད་མཁན་ཇེ་མང་དུ་གཏོང་གི་ཡོད་པ་དང་། མི་མང་ནང་དུ་མངོན་གསལ་དུ་ཐོན་མཁན་དང་གནས་ཚུལ་སྤྲོད་མཁན་རིགས་ལ་དངུལ་འཕར་མ་སྤྲད་ནས་རྒྱལ་ཁབ་ཞེན་ཆེ་བ་དང་སྤྱི་དམངས་ཀྱི་ལས་དོན་ཡག་པོ་སྒྲུབ་ཀྱི་ཡོད་པར་ངོས་འཛིན་བྱས་ཏེ་གཞུང་གིས་རྒྱབ་སྐྱོར་དང་རོགས་རམ་འཕར་མ་སྤྲོད་བཞིན་ཡོད་པའི་རྐྱེན་གྱིས། བོད་མི་ནང་ཁུལ་ལ་སྐད་ཆ་འདྲ་མི་འདྲ་དང་པར་རིས་སོགས་བརྒྱུད་སྤྲོད་སོགས་བྱེད་པར་ཧ་ཅང་གིས་འཛེམས་ཟོན་བྱེད་ཀྱི་ཡོད་འདུག

ང་ཚོའི་གནས་ཚུལ་མཁོ་སྤྲོད་པས་གནས་ཚུལ་བཏང་བ་ལྟར་ན། བོད་མི་དེ་དག་ནི་ཨག་སྟོད་ཡུལ་ཚོའི་་བསྟན་འཛིན་བཟང་པོ་དང་རིན་ཆེན་ཚེ་རིང་། ཐུབ་བསྟན་ཕུན་ཚོགས། མགོན་པོ་ཤེས་རབ་བཅས་ཡིན་འདུག་ལ། ཐུབ་བསྟན་ཕུན་ཚོགས་ལགས་འཛིན་བཟུང་བྱས་ཏེ་ད་ལྟའི་གནས་སྟངས་སོགས་གསལ་ཁ་མི་འདུག

གནས་ཚུལ་དང་འབྲེལ་བའི་པར།

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༨ སྔོན་ལ།
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༩ སྔོན་ལ།
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese