མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོས་ཀྱི་གྲོགས་པོ་རྣམ་པ་ཚོས་འཛམ་གླིང་གོ་ལ་གཅིག་འགྱུར་གྱི་འདུ་ཤེས་སྤེལ་བར་ངོས་ལ་དཔུང་གྲོགས་གང་ཐུབ་གནང་རོགས་གནང་ཞུ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༢༡/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་ཤུགས་རྐྱེན་ཆེ་བའི་ན་གཞོན་ཁག་ཅིག་ལ་བཀའ་སློབ་གནང་སྐབས་ཆོས་ལུགས་མི་འདྲ་བའི་ཁྱད་པར་ལ་བལྟས་ནས་ངའི་ཆོས་དང་གཞན་གྱི་ཆོས་ཟེར་ནས་དབྱེ་བ་ཕྱེས་པའི་དུས་ཚོད་འདས་ཟིན་ཞིང་འཛམ་གླིང་སྤྱི་ཡོངས་ལ་ཆོས་ལུགས་མང་པོ་ཡོད་པ་དེས་ཕན་ཐོགས་ཡོང་གི་ཡོད་སྐོར་གསུངས་སོང་།

དེ་རིང་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་དུ། ༧གོང་ས་མཆོག་གིས་འཛམ་གླིང་སྔར་ལས་བཟང་བ་ཞིག་དང་བྱམས་བརྩེའི་བདག་ཉིད་བགྱིས་ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་བཅོས་བསྒྱུར་མཁན་དང་ཤུགས་རྐྱེན་ཆེ་བའི་ན་གཞོན་བཅུ་གཉིས་ལ་བཀའ་སློབ་དང་བཀའ་ལན་སྩལ་ཡོད་པ་དང་། བཀའ་འདྲི་གནང་མཁན་ལས་འགུལ་བ་རྣམས་ནས་སྤྱི་ཚོགས་དང་། རེ་བ། སྙིང་རྗེ། གནམ་གཤིས་འགྱུར་ལྡོག་བཅས་ཀྱི་བརྗོད་གཞིའི་ཐོག་འགྲོ་བ་མི་རྣམས་འཇིག་རྟེན་སྤྱི་ལ་འགན་ཁུར་དང་དྲན་ཤེས་ཆེས་ཆེར་བསྟེན་ཐབས་སོགས་ཀྱི་སྐོར་བཀའ་འདྲི་ཞུས་སོང་།

ཐོག་མར་༧གོང་ས་མཆོག་གིས། ངོས་རང་ལོ་ན་ ༨༦ ཆགས་ཡོད་པ་དང་། ངོས་རང་གི་མི་ཚེ་གང་པོའི་ཉམས་མྱོང་དེ་འཛམ་གླིང་དམག་ཆེན་དང་པོ་དང་དམག་ཆེན་གཉིས་པ། དེ་བཞིན་ས་ཕྱོགས་གང་སར་ཕན་ཚུན་དྲག་རྩུབ་དང་སྲོག་གཅོད་པ་མང་པོ་བྱུང་བ་རེད། འདིས་མཐའ་མའི་གྲུབ་འབྲས་དེ་མི་མང་ལ་སྡུག་བསྔལ་དང་ཁོང་ཁྲོ་ཤུགས་ཆེ་རུ་བཏང་བ་སོགས་བྱས་ཡོད་རེད། དེང་སང་ཡུ་རོབ་སྤྱི་མཐུན་ཚོགས་པ་ནང་ཡོད་པའི་རྒྱལ་ཁབ་དེ་དག་དེ་སྔོན་ཕན་ཚུན་དགྲ་ཡིན་རུང་ཕྱིས་སུ་དེ་ཕན་ཐོགས་མེད་པ་ཤེས་ཡོད་པ་རེད། དཔེར་ན་དེ་སྔོན་ཧྥ་རན་སི་དང་འཇར་མན་ནི་དགྲ་ཡིན་ཡང་ཕྱིས་སུ་རྒྱལ་ཁབ་དེ་གཉིས་ཀྱིས་ཡུ་རོབ་ནང་ཡུ་རོབ་སྤྱི་མཐུན་ཚོགས་པ་བཙུགས་པ་རེད། ངོས་རང་ཆ་བཞག་ན་དེ་འདྲའི་ཕན་ཚུན་མཉམ་མཐུན་གྱི་འདུ་ཤེས་ལ་ཡི་རངས་བྱེད་ཀྱི་ཡོད། ང་ཚོ་གོ་ལ་གཅིག་འགྱུར་འདིའི་ཁོངས་སུ་གཏོགས་པ་རེད། དེར་བརྟེན་འཛམ་གླིང་སྤྱི་ཡོངས་ཀྱི་མི་མང་གི་བདེ་སྡུག་དང་འཛམ་གླིང་སྤྱི་ལ་ཁྱབ་པའི་སེམས་འཁུར་བཅངས་དགོས་པ་དེ་གལ་ཆེན་པོ་རེད། དེང་སང་སོ་སོའི་རྒྱལ་ཁབ་དང་སོ་སོའི་མི་རིགས་ཙམ་གྱི་བསམ་བློ་བཏང་ན་འགྲིག་གི་ཡོད་མ་རེད། དོན་དངོས་སུ་ཕན་ཚུན་ལྟོས་ནས་གྲུབ་པ་ཞིག་རེད། འཛམ་གླིང་གི་ཚ་དྲོད་གོང་འཕེལ་ཕྱིན་པ་དེ་སྤྱི་ལ་ཁྱབ་པའི་དཀའ་ངལ་ཆགས་ཀྱི་ཡོད་པས། སོ་སོའི་རྒྱལ་ཁབ་དང་སོ་སོའི་གླིང་ཕྲན་ཙམ་མིན་པར་འཛམ་གླིང་མི་སྤྱིའི་བདེ་སྡུག་དང་འཛམ་གླིང་མི་སྤྱི་ཡོངས་ཀྱི་བདེ་འཇགས་ཐད་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད། གཞི་རྩའི་ང་ཚོ་མི་ཡིན་པ་གཅིག་འགྱུར་རེད། དེར་བརྟེན་གོ་ལ་འདིའི་ནང་དུ་མཉམ་དུ་སྡོད་དགོས་པ་དེ་དངོས་ཡོད་གནས་ཚུལ་ཆགས་ཀྱི་ཡོད་པ་རེད། དེ་འདྲ་སོང་ཙང་ངོས་རང་གི་དམ་བཅའ་གཅིག་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཚང་མ་གཅིག་ཏུ་འཛིན་པའི་འདུ་ཤེས་གོང་འཕེལ་དུ་གཏོང་རྒྱུ་དེ་རེད། གལ་ཆེ་ཤོས་དེ་འཛམ་གླིང་སྤྱི་ཡོངས་ཀྱི་བསམ་བློ་དང་འགྲོ་བ་མི་སྤྱིའི་སེམས་འཁུར་བྱ་དགོས་པ་དེ་གལ་ཆེན་པོ་རེད། འདས་པའི་མི་རབས་ནང་ཆབ་སྲིད་དབང་བསྒྱུར་བྱས་པའི་རིང་ལུགས་མི་འདྲ་བ་དར་གྱི་ཡོད་རེད། ཡིན་ནའང་། གོ་ལ་གཅིག་འགྱུར་གྱི་འདུ་ཤེས་བཅངས་དགོས་རེད། དེར་བརྟེན་དེའི་ཐོག་སེམས་འཁུར་བསླངས་ནས་ལས་འགུལ་མི་འདྲ་བ་སྤེལ་དགོས་རེད། གོ་ལ་གཅིག་འགྱུར་གྱི་འདུ་ཤེས་སྤེལ་བ་དེ་ངོས་རང་གི་ཡིད་ཆེས་དང་དམ་བཅའ་ཡིན། ངོས་རང་གི་གྲོགས་པོ་རྣམ་པ་ཚོ་དང་ཁྱེད་རང་ཚོས་འཛམ་གླིང་གོ་ལ་གཅིག་འགྱུར་གྱི་འདུ་ཤེས་སྤེལ་བར་ངོས་ལ་དཔུང་གྲོགས་གང་ཐུབ་གནང་རོགས་གནང་ཞུ་རྒྱུ་ཡིན། རྒྱལ་ཁབ་མི་འདྲ་བའི་ཁྱད་པར་ཕྱེས་པ་དང་བདག་གཞན་གྱི་ཕྱོགས་རིས་བྱས་པ། དེ་བཞིན་ཆོས་ལུགས་མི་འདྲ་བའི་ཁྱད་པར་ལ་བལྟས་ནས་ངའི་ཆོས་དང་གཞན་གྱི་ཆོས་ཟེར་ནས་དབྱེ་བ་ཕྱེས་པའི་དུས་ཚོད་འདས་ཟིན་པ་རེད། འཛམ་གླིང་སྤྱི་ཡོངས་ལ་ཆོས་ལུགས་མང་པོ་ཡོད་པ་དེ་ཕན་ཐོགས་ཡོང་གི་ཡོད་པ་རེད། གཞི་རྩའི་ཆོས་ལུགས་ཡོངས་ཀྱི་བསླབ་བྱ་དེ་བྱམས་དང་སྙིང་རྗེ་ཉམས་ལེན་བྱ་དགོས་པ་གསུངས་ཀྱི་ཡོད་རེད། ལྟ་གྲུབ་མི་འདྲ་བ་མང་པོ་ཡོད་ཀྱང་གཞི་རྩའི་ཉམས་ལེན་གཅིག་འགྱུར་ཡིན་པས་ཆོས་ལུགས་མི་འདྲ་བ་ཡོད་ནའང་མཉམ་མཐུན་བྱས་ནས་བསྡད་ཐུབ་ཀྱི་ཡོད་པ་རེད། ཁྱེད་རང་ངོས་ཀྱི་གྲོགས་པོ་ཡིན་པའི་ཆ་ནས་འཛམ་གླིང་བདེ་སྐྱིད་ལྡན་པ་དང་འགྲོ་བ་མིིའི་རིགས་ཀྱི་བདེ་སྐྱིད་གང་ཐུབ་ཡོང་བར་ཁྱེད་རང་ཚོས་གང་ཐུབ་གནང་རོགས་གནང་ཞུ་ཡི་ཡིན། ཞེས་གསུངས་སོོང་།

དེ་ནས་དྲི་བ་དྲིས་ལན་གྱི་ལས་རིམ་ནང་། འཛམ་གླིང་སྤྱི་ལ་ཁྱབ་པའི་སེམས་འཁུར་གྱི་བཀའ་སློབ་ལམ་སྟོན་གནང་གི་འདུག དེ་འདྲའི་ཐུགས་འཁུར་བཞེས་པའི་དུས་ཚོད་དང་རྐྱེན་ག་རེའི་སྒོ་ནས་བྱུང་བ་རེད། དེ་ལ་སྙིང་སྟོབས་གོང་འཕེལ་དུ་གཏོང་བའི་རྒྱུ་རྐྱེན་ག་རེ་ཡིན་པའི་སྐོར་དྲིས་པར། དེའི་བཀའ་ལན་དུ་༧གོང་ས་མཆོག་གིས། ངོས་རང་ཆོས་པ་ཞིག་ཡིན། ཆུང་བྱིས་པའི་དུས་ནས་ཆོས་ཀྱི་སློབ་སྦྱོང་བྱས་ཡོད་པ་རེད། སྐབས་དེ་དུས་ནས་མ་སྐྱེས་སེམས་ཅན་ཟེར་བའི་ཐ་སྙད་དེ་ཁ་ལ་སྦྱར་བ་ཞིག་ཆགས་ཀྱི་ཡོད་རེད། དེ་ནས་རྒྱ་གར་དུ་བཙན་བྱོལ་ལ་བསླེབས་ནས་བཟུང་བསམ་བློ་གཏོང་སྟངས་ལ་འགྱུར་བ་མང་པོ་ཕྱིན་ཡོད་རེད། རྒྱ་གར་དུ་མ་འབྱོར་གོང་ང་ཚོ་བོད་པ་ཟེར་བའི་འདུ་ཤེས་ཤུགས་ཆེན་པོ་ཡོད་རེད། རྒྱ་གར་དུ་འབྱོར་ནས་མི་མང་པོ་ཐུགས་པ་དང་རྒྱ་གར་གྱི་མི་རིགས་ཙམ་མིན་པར་འཛམ་གླིང་ས་ཕྱོགས་གང་སར་ནས་ཕེབས་པའི་མི་མང་པོ་ཞིག་ཐུགས་འཕྲད་བྱས་པའི་གོ་སྐབས་བྱུང་། དེའི་ཉམས་མྱོང་གི་སྒོ་ནས་གཟུགས་པོའི་ཆགས་སྟངས་དང་ཚོར་བ་དྲག་ཞན། བསམ་བློ་གཏོང་སྟངས་སོགས་ནས་མི་ཡིན་པ་གཅིག་པ་ཆགས་ཀྱི་ཡོད་རེད། འདས་པའི་མིའི་ལོ་རྒྱུས་ནང་མིའི་འབྱུང་རབས་ལ་བལྟས་ན་བདག་གཞན་གྱི་ཆ་ནས་མི་མཐུན་པའི་ཁྱད་པར་དང་དབྱེ་འབྱེད་ཀྱི་བསམ་བློ་ཤུགས་ཆེན་པོ་ཡོད་དུས། དེའི་དབང་གིས་འཛམ་གླིང་ནང་དམག་འཁྲུག་དང་དྲག་རྩུབ་མང་པོ་ཡོང་གི་ཡོད་རེད། དེ་འདྲ་ཡོང་བ་དེ་གཙོ་བོ་བསམ་བློ་གུ་དོགས་པོ་ཡོད་པའི་རྐྱེན་གྱིས་རེད། དེང་སང་དུས་རབས་ ༢༡ ནང་། འཛམ་གླིང་མི་སྤྱིའི་བདེ་སྡུག་སྐོར་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་རེད། སྤྱིར་བཏང་བསམ་བློའི་ཉམས་ལེན་ནང་མ་སྐྱེས་སེམས་ཅན་ཐམས་ཅད་བྱེད་དགོས་པས་དོན་དངོས་སུ་དེ་དང་མཐུན་པའི་ལུས་ངག་གི་སྤྱོད་པ་དགོས་ཀྱི་ཡོད་པ་རེད། དེར་བརྟེན་མི་ཚང་མ་གཅིག་འགྱུར་ཡིན་པའི་འདུ་ཤེས་དགོས་ཀྱི་འདུག  འདི་དངོས་ཡོད་གནས་ཚུལ་ཡིན་པ་དང་ཕན་ཐོགས་ཀྱང་ཡོང་གི་འདུག  ངོས་རང་ཆ་བཞག་ན་སོ་སོའི་ཉམས་མྱོང་ཕྲན་བུའི་སྒོ་ནས་ཞུས་ན། འཛམ་གླིང་ཡོངས་རྫོགས་ལ་གཅིག་འགྱུར་གྱི་འདུ་ཤེས་ཡོད་ན། སོ་སོའི་སེམས་གུ་དོགས་པོ་དེ་ནས་བཅིངས་གྲོལ་བཏང་བ་ལྟ་བུའི་ཕན་ཐོགས་ཡོང་གི་འདུག  མ་སེམས་ཅན་ཐམས་ཅད་ཉམས་ལེན་སྒོ་ནས་ཁ་འདོན་དང་དགེ་སྦྱོར་བྱེད་དུས་དོན་དངོས་སུ་བྱ་བའི་སྒང་ལ་དེ་འདྲ་བྱ་དགོས་པ་དེ་གལ་ཆེན་པོ་མཐོང་གི་འདུག  འཛམ་གླིང་ནང་གི་དཀའ་ངལ་དེ་དག་སྤྱིར་བཏང་གི་དཀའ་ངལ་ཕྲན་བུའི་དབང་གིས་ང་ཚོ་དང་ཁོ་ཚོ་ལབ་ནས་དབྱེ་བ་ཕྱེས་ན། འདི་ཤེས་རྒྱ་ཆུང་བ་དང་དུས་ཚོད་ལ་འདས་ཟིན་པའི་བསམ་བློ་གཏོང་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད། ཅེས་བཀའ་ལན་གནང་སོང་།

དེ་ནས་བྲན་གཡོག་གི་རིང་ལུགས་དར་བ་དང་ལྷག་པར་དུ་བུད་མེད་ལ་བྲན་གཡོག་གི་ཐོག་ནས་དཀའ་ངལ་མང་པོ་འཕྲད་ཡོད་རེད་དེ། དེའི་སྐོར་ལ་གཏམ་བཤད་དང་གླེང་མོལ་བྱེད་མཁན་ཡོད་མ་རེད། ང་ཚོས་བྱམས་བརྩེ་དང་འབྲེལ་བའི་སྒོ་ནས་བུད་མེད་ལ་དམན་པར་ལྟ་བའི་བསམ་བློ་དེ་ལ་ཁ་གཏད་ག་འདྲ་གཅོག་དགོས་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། དེའི་རྩ་བ་དེ་ང་ཚོས་སློབ་སྦྱོང་གི་ཐོག་ནས་གདོང་ལེན་བྱེད་དགོས་པ་དེ་གལ་ཆེན་པོ་རེད། བུད་མེད་ལ་དམན་པར་ལྟ་བའི་བསམ་བློའི་རིགས་ལ་ངེས་པར་དུ་ཁ་གཏད་གཅོག་དགོས་རེད། འཛམ་གླིང་ནང་བུད་མེད་ཀྱི་དབུ་ཁྲིད་མང་ཙམ་ཐོན་ཐུབ་ན་འཛམ་གླིང་ལ་བུད་མེད་ཀྱི་བྱམས་བརྩེའི་རང་བཞིན་ཅན། སྐྱེས་པ་ལས་ཀྱང་ལྷན་སྐྱེས་ཀྱི་བྱམས་བརྩེའི་ནུས་པ་ཆེ་བ་ཡོད་པས་མིག་དཔེ་སྟོན་ཐུབ་པ་བྱུང་ན། འཛམ་གླིང་ཞི་བདེ་གོང་འཕེལ་དུ་ཡོང་བར་བུད་མེད་ཚོས་དམིགས་བསལ་གྱིས་སེམས་འཁུར་བླངས་དགོས་རེད། དེ་ཡང་སློབ་སྦྱོང་ཡག་པོ་བྱས་པའི་ཐོག་ནས་འཛམ་གླིང་ཞི་བདེ་གོང་འཕེལ་གཏོང་ཐུབ་ན་ཡག་པོ་ཡོད་པ་རེད། ལོ་ངོ་སྟོང་ཕྲག་གོང་གི་གོམས་གཤིས་ལ་སྐྱེས་པ་ཟེར་བ་དེ་མཐོ་བ་རྩིས་པ་དང་བུད་མེད་དེ་དག་དམན་པར་རྩིས་པའི་གོམས་གཤིས་ལ་འགྱུར་བ་འགྲོ་བར་སློབ་སྦྱོང་གི་སྒོ་ནས་འགྱུར་བ་གཏོང་དགོས་རེད། ཅེས་སོགས་བཀའ་ལན་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese