མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྣམ་རྒྱལ་ཁྱུ་གསར་ལགས་སྐབས་བཅུ་དྲུག་པའི་སྤྱི་འཐུས་སུ་བསྐོ་བཞག་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༢ ཉིན་དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་ ༢༠༡༦ ལོའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་སྐབས་དབུས་གཙང་ཆོལ་ཁའི་སྒུག་ཐོ་དང་པོ་རྣམ་རྒྱལ་ཁྱུ་གསར་ལགས་ཚབ་གསར་དུ་བསྐོས་བཞག་གནང་འདུག

ཉེ་ལམ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་གནས་ནས་དགོངས་པ་ཞུས་ཟིན་པ་ལྟར། དབུས་འོས་བསྡུ་ལས་ཁང་ནས་རྣམ་རྒྱལ་ཁྱུ་གསར་ལགས་བརྡ་ཐོ་བཏང་གནང་བའི་ནང་། ཕྱི་ལོ་ ༢༠༡༦ ལོའི་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་དབུས་གཙང་ཆོལ་ཁའི་དངོས་གཞིའི་འོས་གྲངས་ཕྱོགས་བསྡོམས་ཐོར་བཀོད་ནང་སྐུ་ཉིད་ཨང་རིམ་ ༡༣ པ་དང་སྒུག་ཐོ་ཨང་དང་པོ་རེད་འདུག་ན། དབུས་འོས་བསྡུ་ལས་ཁང་ནས་སྒྲིག་གསལ་སྐུ་ཉིད་ལ་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་དབུས་གཙང་སྤྱི་འཐུས་ལ་བསྐོ་གཞག་ཞུས་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་གཅིག་སྤྱི་དོན་ཕྱག་ལས་ཁག་གཟེངས་འཐོན་ཡོང་བའི་སྨོན་འདུན་དང་། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༣ ཉིན་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་འབྲེལ་བ་གནང་ཕྱོགས་ཡོང་བ་དེ་དོན་དགོངས་འཇགས་ཞུ། ཞེས་བཀོད་འདུག

འདི་གའི་གསར་འགོད་པས་གནས་ཚུལ་རྒྱུས་ལོན་ཆེད་ཚོགས་དྲུང་ལས་ཁུངས་སུ་ཞལ་པར་ཕུལ་ཡང་ཚོགས་དྲུང་བཞུགས་མེད་སྟབས་འབྲེལ་ཡོད་ལས་བྱེད་ཅིག་གིས། རྣམ་རྒྱལ་ཁྱུ་གསར་ལགས་ཀྱིས་སང་ཉིན་དམ་འབུལ་ཞུ་ཡི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་ལ། ཟླ་འདིའི་ཕྱི་ཚེས་ ༨ ཉིན་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ནས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ནས་རྩ་དགོངས་ཞུས་ཟིན་པ་ལྟར། ཕྱི་ཚེས་ ༩ ཉིན་སྐབས་བཅུ་དྲུག་པའི་མདོ་སྨད་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གྲངས་ཕྱོགས་བསྡོམས་ཀྱི་སྒུག་ཐོ་དང་པོ་སྟེ། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གངས་རི་ལགས་ཚབ་གསར་དུ་བསྐོ་བཞག་གནང་ཡོད་པ་རེད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་བདུན་པའི་ནང་། འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱེད་དགོས། གལ་ཏེ་ལས་རྒྱུན་འདྲ་མཉམ་བྱུང་ཚེ་དེའི་ཁོངས་ནས་རང་ལོ་བགྲེས་ཤོས་དེར་བསྐོ་གཞག་བྱེད་དགོས། བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུས་རྗེས། སྤྱི་འཐུས་རེ་རེས་རང་ཉིད་སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་གོང་བར་བརྒལ་ཚོགས་གཙོའི་མདུན་སར་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས། ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐོན་བྱུང་རྗེས་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་དགོས་པ་དང༌། ཚོགས་གཙོ་ས་གནས་སུ་མེད་སྐབས་ཚོགས་གཞོན་མདུན་སར་དམ་འབུལ་ཞུ་དགོས། ཞེས་གསལ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་རྣམས་ཀྱིས་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་དགོས་པ་དང་། ཚོགས་གཙོ་ས་གནས་སུ་མེད་ཚེ་ཚོགས་གཞོན་གྱི་མདུན་དུ་དམ་འབུལ་ཞུ་དགོས་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

ཆུ་ཚོད་ ༥ སྔོན་ལ།
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༧ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༨ སྔོན་ལ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

༢༠༢༦/༠༢/༢༢
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 5 སྔོན།

    སྨན་པ་ཁྱུ་གསར་རྣམ་རྒྱལ་ལགས་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པའི་དབུས་གཙང་སྤྱི་འཐུས་སུ་ཕེབས་པ་ལ་དགའ་བསུའི་འཚམས་འདྲི་ཞུ་གི་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese