མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྟན་འཛིན་སྒྲོལ་མ་ལགས་བོད་ཀྱི་བུད་མེད་ལྷན་ཚོགས་སྐབས་ ༡༣ པའི་དབུས་རྒྱུན་ཚོགས་གཙོར་བདམས།

བོད་ཀྱི་དུས་བབ།
༢༠༢༡/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༡༣ པའི་ཚོགས་གཙོར་བསྟན་འཛིན་སྒྲོལ་མ་ལགས་དང་ཚོགས་གཞོན་དུ་ཚེ་རིང་སྒྲོལ་མ་ལགས་བདམས་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དྷ་ས་བོད་ཀྱི་ཟློས་གར་ཁང་དུ་ཉིན་གྲངས་གསུམ་རིང་ཚོགས་ཏེ་གྲོས་ཆོད་དོན་ཚན་དགུ་བཞག་ཡོད་པ་དང་། དེ་རིང་ཚོགས་ཆེན་གྱི་ཉིན་མཐའ་མར་དྷ་ས་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཞི་ཡི་ཚོགས་གཙོ་སོགས་སྐུ་ཚབ་རྣམས་ཟུར་དཔང་དུ་ཡོད་པའི་ཐོག་ནས་སྐབས་ ༡༣ པའི་དབུས་རྒྱུན་ ༧ འོས་འདེམས་བྱུང་བའི་ཁྲོད། བསྟན་འཛིན་སྒྲོལ་མ་ལགས་ཚོགས་གཙོ་དང་ཚེ་རིང་སྒྲོལ་མ་ལགས་ཚོགས་གཞོན། སྐལ་བཟང་སྒྲོལ་མ་ལགས་དྲུང་ཆེར་བདམས་ཏེ། རྒྱུན་ལས་གསར་པ་རྣམས་ནས་ལས་འཁུར་དམ་བཅའ་ཕུལ་སོང་།

ཐེངས་འདིའི་ཚོགས་ཆེན་ཐོག་ཁྱོན་གྲོས་ཆོད་དོན་ཚན་དགུ་བཞག་ཡོད་པའི་ནང་། བོད་མི་རྒན་གཞོན་བར་གསུམ་ཚང་མའི་རྒྱུད་ལ་ཆོས་ཀྱི་སློབ་གསོ་གོང་འཕེལ་གཏོང་རྒྱུའི་ཆེད་ས་གནས་ཁག་ཏུ་བླ་སྤྲུལ་དགེ་བཤེས་ཁག་གདན་ཞུ་དང་། སྐྱབས་འགྲོ་དང་ལས་འབྲས་ཀྱི་བཀའ་སློབ་གསུང་བཤད་གནང་རྒྱུ་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་ཕྲུ་གུ་རྣམས་ཀྱི་བོད་ཀྱི་སྐད་ཡིག་གོང་འཕེལ་ཡོང་སླད་བོད་ཡིག་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་རྣམས་ལ་ལེགས་གསོལ་འབུལ་བ། ད་དུང་བོད་ཕྲུག་ཚོའི་བོད་སྐད་དང་བོད་ཡིག་ཡར་རྒྱས་ཡོང་ཆེད་སློབ་གྲྭ་ཁག་ཏུ་རྩོམ་ཡིག་འགྲན་བསྡུར་བྱ་རྒྱུ། བུད་མེད་དབུས་ས་གཉིས་ནས་ཕྲུ་གུའི་ཕ་མ་རྣམས་ལ་བོད་སྐད་ཡིག་སྲུང་སྐྱོབ་ཀྱིས་མཚོན་པའི་ཤེས་ཡོན་དང་། ཀུན་སྤྱོད་སློབ་གསོ་སོགས་ནུས་རྩལ་གོང་མཐོར་གཏོང་ཕྱོགས་ཐད་སློབ་གསོ་དང་ཟབ་སྦྱོང་གང་མང་གོ་སྒྲིག

རྒྱ་དམར་གཞུང་གིས་བོད་ཀྱི་ཁོར་ཡུག་ཉམ་ཆག་བཏང་དང་གཏོང་བཞིན་པར་བརྟེན། འཛམ་གླིང་ཡོངས་དང་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་བོད་ཀྱི་སྐྱེས་ཁམས་ཁོར་ཡུག་གལ་གནད་ཆེ་བའི་སྐོར་གོ་རྟོགས་སྤེལ་བ་དང་། རྒྱ་དམར་གཞུང་གིས་བོད་ཀྱི་ཁོར་ཡུག་འབག་བཙོག་དང་གཏོར་བཅོམ་བཏང་ཡོད་ན། བོད་ནང་ཤིང་ནགས་གསར་འཛུགས་དགོས་པ་དང་བོད་ཀྱི་ཁོར་ཡུག་བདག་གཅེས་གནང་གལ་ཐད་རྒྱལ་སྤྱིའི་ཁོར་ཡུག་སྡེ་ཚན་ཁག་ལ་ཞུ་གཏུགས་ལས་འགུལ་སྤེལ་རྒྱུ་དང་། ད་དུང་རྒྱ་དམར་གཞུང་གིས་བོད་ཀྱི་འབྲོག་སྡེ་རྣམས་སྤོ་བཤུག་བྱས་ནས་རྩ་མེད་བཟོ་ཐབས་བྱེད་བཞིན་པར་བརྟེན། དེ་རིགས་མཚམས་འཇོག་དགོས་པའི་ཞུ་སྐུལ་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་རྒྱུ་ཡིན་འདུག

གཞན་ཡང་། གྲོས་ཆོད་ནང་བོད་ཀྱི་དབུས་ས་གཉིས་ནས་བུད་མེད་ནུས་སྟོབས་གོང་འཕེལ་གཏོང་ཐབས་སུ་ཤེས་ཡོན་སྡེ་ཚན་ཁག་གིས་བུད་མེད་ཚོར་དམིགས་བསལ་གྱི་སློབ་ཡོན་ས་མིག་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང་། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་སྐུ་སྐྱེད་མ་ཚོར་ཟབ་སྦྱོང་དང་བུད་མེད་ནུས་སྟོབས་སྤེལ་ཕྱོགས་ཀྱི་སློབ་གསོ་གང་མང་གནང་རྒྱུ། བོད་ནང་དུ་རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་བརླག་གཏོང་ཐབས་ཀྱིས་ཐབས་ཇུས་སྣ་ཚོགས་སྤེལ་བཞིན་པ་དང་། བོད་ཀྱི་བུད་མེད་རྣམས་ཀྱི་སྐྱེ་སྒོ་བཀག་བཅུག་གི་ཡོད་པས་བོད་ཀྱི་དབུས་ས་གཉིས་ནས་རང་དབང་ལུང་པའི་ནང་གནས་བཞུགས་བོད་ཀྱི་བུད་མེད་རྣམས་ནས་སེམས་ཤུགས་ཆེར་བསྐྱེད་ཐོག་ཕྲུ་གུ་གང་མང་བཙལ་རྒྱུའི་འབོད་སྐུལ་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བུ་ཕྲུག་ལྔ་ཡན་ལ་དབུས་བུད་མེད་ལྷན་ཚོགས་ནས་དགོངས་བཞེས་རྒྱ་ཆེའི་ཐོག་སློབ་གྲོན་ངན་སེལ་གྱི་རྨང་གཞིར་ལེགས་སྐྱེས་ཧིན་སྒོར་ ༡༥༠༠༠ རེ་གནང་མུས་ཡོད་བཞིན་པ་དེ་དག་མུ་མཐུད་གནང་རྒྱུ་དང་། ས་གནས་སོ་སོ་ནས་འགན་འཁུར་དང་ལེན་གྱིས་ཁྱིམ་ཚང་ཕྲུ་གུ་མང་བའི་དཀའ་ངལ་ཡོད་པ་རྣམས་ལ་བོད་ཕྲུག་ཁྱིམ་སྡེ་སོགས་ལ་འཇུག་ཐབས་བྱ་རྒྱུ། གཞན་ཡང་ཕྲུ་གུ་གསར་སྐྱེས་དང་ཕྲུ་གུ་མང་བ་རྣམས་ལ་ས་གནས་སོ་སོའི་བབ་བསྟུན་ལེགས་སྐྱེས་སོགས་གནང་རྒྱུ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་ཕྲུ་གུ་ལྔ་ཡན་ཡོད་མཁན་ཕ་མ་རྣམས་ལ་ཕ་མའི་ཉིན་མོར་བྱ་དགའ་གསོལ་རས་གནང་རྒྱུ་ཡིན་པ་རེད།

རྒྱལ་སྤྱིའི་རྩེད་འགྲན་ཨོ་ལིམ་པིག་༢༠༢༢ ལོར་རྒྱ་ནག་ལ་འཚོགས་རྒྱུ་གཏན་འཁེལ་བྱུང་བར་བརྟེན། རྒྱ་ནག་གིས་མ་རུང་བྱ་སྤྱོད་ཁག་འཐེར་འདོན་གྱིས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་ཐུན་མོང་མཉམ་སྦྲེལ་གྱིས་ངོ་རྒོལ་བཀག་འགོག་མཐའ་གཅིག་ཏུ་བྱུ་རྒྱུ་དང་། ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དེ་ཉིད་རྒྱ་ནག་ཏུ་འཚོགས་རྒྱུ་ངོས་ལེན་མེད་པས། དབུས་ས་གཉིས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་ཚོགས་སྡེ་ཁག་ལ་བོད་དང་གྲངས་ཉུང་མི་རིགས་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་མེད་པའི་སྙན་ཞུ་དང་ས་རྟགས་བསྡུ་འགོད་གནང་རྒྱུ། དེ་བཞིན་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་གཉན་རིམས་ ༡༩ དེའི་རྐྱེན་པས་འཛམ་གླིང་ས་ཕྱོགས་ཀུན་ཏུ་དཀའ་ངལ་བཟོས་ཡོད་སྟབས། གོ་སྐབས་དེ་བརྒྱུད་ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་རྩེད་འགྲན་ཨོ་ལིམ་པིཀ་རྒྱ་ནག་ནང་ཚོགས་རྒྱུའི་ཐོབ་ཐང་མེད་པར་རྒྱལ་སྤྱིའི་རྩེད་འགྲན་ཚོགས་ཆུང་ནས་ཕྱིར་བསྡུ་ཡོང་ཐབས་ཀྱི་དབུས་ས་གཉིས་ནས་ལས་འགུལ་གང་མང་སྤེལ་རྒྱུ་བཅས་བཀོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༨ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. ཨ་དགེ། says:
    ལོ་ 5 སྔོན།

    སྒྲོལ་མ་རྣམ་གསུམ་རྗེ་བཙུན་སྒྲོལ་མས་སྐྱོར།

    Reply
  2. འཇམ་དབྱངས་མཁས་བཙུན། says:
    ལོ་ 5 སྔོན།

    མོ་རང་གི་པར་རིས་གཅིག་ཀྱང་བཀོད་མི་འདུག །གསར་འགྱུར་ག་ཚོད་གཟབ་ནན་གྱིས་བཀླགས་ཀྱང་མོ་རང་ངོ་ཤེས་པར་མི་འགྱུར་བས། གསར་འགོད་པ་གང་དེར་ཁྱད་ལས་ཀྱི་ཉམས་མྱོང་མེད་པ་འདྲ། འཆར་སྣང་ཙམ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese