མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅར་རྡུང་གིས་བྱིས་པའི་ཀུན་སྤྱོད་ལེགས་བཅོས་བྱེད་མི་ཐུབ།

བོད་ཀྱི་དུས་བབ།
༢༠༢༡/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp
གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་།

བྱིས་སྒྲུང་གླིང་གི་དྲ་ཚོམས་དུ་རིགས་གཅིག་རྐང་འཛིན་གྱིས་མི་ལོ་བཞི་དང་ཕྱེད་ཀྱི་རིང་ལ་བྱིས་པ་གསོ་སྐྱོང་བྱེད་ཐབས་ཀྱི་སྐོར་ནས་གླེང་གཞི་བདུན་བཅུ་ལྷག་སྤེལ་ཏེ་བགྲོ་གླེང་བྱས་པའི་ཉམས་མྱོང་ལ་གཞིགས་པ་ཡིན་ན། རྙོག་འཛིང་ཆེས་ཆེ་བའི་གླེང་གཞི་དེ་ནི་བྱིས་པར་གཅར་རྡུང་བྱེད་ཚུལ་གྱི་སྐོར་ཡིན་ཞིང་། ནམ་རྒྱུན་གླེང་གཞི་འདིའི་སྟེང་དུ་མཉམ་ཞུགས་བྱེད་མཁན་མང་ཞིང་ཚོར་ཤུགས་ཀྱང་ཆེན་པོ་ཡོད། ནང་བསྟན་མཚན་ཉིད་རིག་པ་དང་དེང་དུས་ཀྱི་སེམས་ཁམས་རིག་པའི་ལྟ་གྲུབ་ལ་གོ་རྟོགས་ཅུང་ཟད་ཡོད་པ་དང་བྱིས་སྐྱོང་སློབ་གསོའི་སྐོར་ལ་དོ་སྣང་ཅན། བྱིས་པའི་སེམས་ཁམས་ཀྱི་འཕེལ་འགྱུར་དང་དགའ་སྡུག་ལ་རྒྱུས་མངའ་ཡོད་པའི་དགེ་རྒན་དང་ཕ་མ་རྣམས་ཀྱིས་གཅར་རྡུང་ནི་སློབ་གསོའི་བྱེད་ཐབས་ཤིག་མ་ཡིན་པའི་རྒྱུ་མཚན་བཤད་ཀྱི་ཡོད་ཅིང་། སྲོལ་རྒྱུན་དང་ཡུལ་སྲོལ་གྱི་གོམས་གཤིས་ཤུགས་ཆེ་བ་དང་རང་ལྟ་མཆོག་འཛིན་ཅན་གྱི་ཕ་མ་ཚོས་བུ་ཕྲུག་ལ་གཅར་རྡུང་བྱེད་པ་ནི་འོས་ཤིང་འཚམ་པ་ཞིག་ཡིན་པར་བརྗོད་དེ་བགྲོ་གླེང་དང་རྩོད་པ་བྱས་དང་བྱེད་བཞིན་ཡོད། དེ་ལྟར་ན་གཤམ་དུ་བྱིས་པར་གཅར་རྡུང་བྱས་ན་མི་སྐྱོན་པའི་བསམ་བློའི་འབྱུང་ཁུངས་དང་གཅར་རྡུང་གི་ངོ་བོ། གཅར་རྡུང་གི་མཇུག་འབྲས་བཅས་ཀྱི་སྐོར་རགས་ཙམ་བརྗོད་པར་བྱའོ།།

བྱིས་པར་གཅར་རྡུང་བྱེད་དགོས་པ་དང་གཅར་རྡུང་བྱས་ན་མི་སྐྱོན་པའི་འདུ་ཤེས་དེ་ནི་བོད་མི་སྐྱ་སེར་མང་བོའི་ལུས་ངག་ཡིད་གསུམ་ལ་འཇགས་པའི་ཀུན་སྤྱོད་ཅིག་ཡིན་པའི་སྣང་ཚུལ་བྱུང་ཞིང་། དེའི་འབྱུང་རྩ་དེ་སྲོལ་རྒྱུན་དང་ཡུལ་སྲོལ་ལ་ཐུག་ཡོད་པར་སེམས། བྱིས་པ་སེམས་ཀྱིས་གཅེས་ན་བྱིས་པའི་ལུས་ལ་གཅར་རྡུང་བྱས་ན་མི་སྐྱོན་པའི་གཏམ་དཔེ་ཡང་མང་བོ་ཡོད་པ་རེད། དཔེར་ན། བུ་ཆུང་སེམས་ཀྱིས་གཅེས་ན་ཐལ་ལྕག་གིས་རྒྱུན་མི་ཆད་ཟེར་བ་དང་། གཅར་ནི་མེད་གཅེས་ནི་མེད་ཅེས་བོད་པའི་ཕ་མ་ཚོས་བྱིས་པ་ལ་གཅར་རྡུང་བྱས་ན་མི་སྐྱོན་འདོད་ཀྱི་ཡོད་པ་མ་ཟད། ཁོ་ཚོས་སྐད་ཆ་འདི་ལྟར་བཤད་ཀྱི་ཡོད། ཁོ་ཚོ་ཆུང་དུས་ཕ་མས་གཅར་རྡུང་བྱས་ཏེ་འཚར་ལོངས་བྱུང་བ་ཡིན་པ་དང་། བསམ་པ་བཟང་བོ་དང་དམིགས་ཡུལ་ཡག་པོ་ཞིག་ཡོད་ན། བྱིས་པར་གཅར་རྡུང་བྱས་ན་བཟང་ཞེས་ལབ་ཀྱི་ཡོད། ཡང་ལ་ལ་ཞིག་གིས་ཁོ་ཚོས་ཕྲུ་གུར་གཅར་རྡུང་བྱེད་ཀྱི་ཡོད། མ་གཅར་ན་ཁ་ལ་ཉན་གྱི་མི་འདུག་ཅེས་རང་ཉིད་ཀྱི་འདོད་འདུན་གཙོ་བོར་བཞག་སྟེ་དེ་ལྟར་བཤད་ཀྱི་ཡོད། ཡང་ཁོ་ཚོའི་ཁྲོད་ཀྱི་རེ་ཟུང་ཞིག་གིས་དེང་རབས་ཀྱི་སེམས་ཁམས་རིག་པ་དང་སྤྱི་ཚོགས་བདེ་དོན་ཉམས་ཞིབ་པ་ཚོས་བཏོན་པའི་ཞིབ་འཇུག་གི་གྲུབ་དོན་དང་བོད་པའི་བྱིས་པ་སྐྱོང་ཚུལ་གཉིས་ལ་འབྲེལ་བ་ཡོད་པ་མ་རེད། མ་གཞི་ནས་བོད་པའི་བྱིས་པ་དང་ཕྱི་རྒྱལ་གྱི་བྱིས་པ་ཚོ་འདྲ་བོ་ཡོད་པ་མ་རེད། བོད་པའི་བྱིས་པར་གཅར་རྡུང་མ་བྱས་ན་ཁ་ལ་ཉན་གྱི་མ་རེད་ཅེས་བཤད་དེ་བྱིས་པ་གཙོ་སྐྱོང་བྱེད་པ་རང་གི་ཁ་ལ་ཉན་པའི་ཆེད་ཡིན་པ་བཤད་ཀྱི་ཡོད། ཡང་ལ་ལས་བོད་པ་ལ་བོད་པའི་རིག་གཞུང་ཞིག་ཡོད་པས། ཕྱི་རྒྱལ་གྱི་བྱིས་པ་སྐྱོང་ཚུལ་ལ་ལད་ཟློས་བྱེད་དགོས་དོན་ཡོད་པ་མ་རེད། ཕ་མས་བྱིས་པར་གཅར་བ་ནི་འོས་ཤིང་འཚམ་པ་ཞིག་ཡིན་པ་བཤད་ཀྱི་ཡོད། ཡིན་ནའང་། སྐད་ཆ་འདིའི་རིགས་བཤད་མཁན་རྣམས་ཀྱིས་གཅར་རྡུང་དང་འབྲེལ་བའི་ལུས་ངག་གི་སྦྱོར་བའི་འབྱུང་ཁུངས་དང་གཅར་རྡུང་གི་ངོ་བོ། གཅར་རྡུང་བྱས་པའི་མཇུག་འབྲས་བཅས་ཀྱི་སྐོར་ལ་བསམ་བློ་ཞིབ་ཚགས་གཏོང་མྱོང་མེད་པ་དང་། ལྷག་པར་དུ་ནང་བསྟན་མཚན་ཉིད་རིག་པ་དང་དེང་རབས་སེམས་ཁམས་རིག་པའི་སྐོར་ལ་སློབ་སྦྱོང་གི་བག་ཆགས་མེད་མཁན་རྣམས་ཡིན་པའི་ཚོར་སྣང་བྱུང་། ཡང་ཉུང་ཤས་ཤིག་གིས་ཧ་ཅང་ཤེས་མདོག་གིས་སྒྲ་བསྒྱུར་མར་བ་ལོ་ཙ་བས་རྗེ་བཙུན་མི་ལ་རས་པར་སྡུག་པོ་བཏང་ཚུལ་གྱི་ལོ་རྒྱུས་བཤད་དེ་ཀུན་སློང་བཟང་བོ་ཞིག་ཡོད་ན་བྱིས་པར་གཅར་རྡུང་བྱས་ན་མི་སྐྱོན་པར་བཤད་ཀྱི་ཡོད། དེ་ནི་བྱིས་པ་གསོ་སྐྱོང་བྱེད་ཐབས་ལ་སྦྱར་ན་ཞྭ་དཔེ་ལྷམ་འགེབ་ཀྱི་དཔེ་ལས་མ་འདས་པར་སེམས། ཡང་བྱིས་སྒྲུང་གླིང་དུ་དགེ་འདུན་པ་ཞིག་གིས་རྫ་དཔལ་སྤྲུལ་རིན་པོ་ཆེས་བུ་དང་བུ་མོ་རྡུང་ན་ཉན་ཞེས་གསུངས་ཡོད་པ་རེད། ཕ་མས་བུ་ཕྲུག་ལ་གཅར་རྡུང་བྱེད་པ་ཁ་ལ་ཉན་པའི་ཆེད་དུ་རེད་ཅེས་སྤོབས་པ་ཆེན་པོས་བཤད་པ་རེད། དོན་ངོ་མར་རྫ་དཔལ་སྤྲུལ་རིན་པོ་ཆེས་དེ་འདྲ་ཞིག་གསུངས་ཡོད་མེད་མི་ཤེས་མོད། གལ་སྲིད་བུ་ཕྲུག་ཁ་ལ་ཉན་པའི་ཆེད་དུ་དེ་འདྲ་ཞིག་གསུང་ཡོད་པའི་དབང་དུ་བཏང་ནའང་། དེ་ནི་དངོས་ཡོད་གནས་ཚུལ་ལ་བསམ་གཞིགས་མ་བཏང་བའི་ལོག་བཤད་ཅིག་ཡིན་པ་ལས་ལེགས་བཤད་ཅིག་ཡིན་པར་མི་འདོད་ཅིང་། ལྷག་པར་དུ་བརྡ་འཕྲིན་དང་འཕྲུལ་རིགས་ཀྱི་དུས་རབས་སུ་འབོད་པའི་དུས་རབས་ཉེར་གཅིག་པའི་ནང་དུ་འོས་ཤིང་འཚམ་པའི་སློབ་གསོ་ཞིག་རྩ་བ་ནས་མ་རེད། དེ་ལྟར་ན། ང་ཚོས་སྲོལ་རྒྱུན་དང་ཡུལ་སྲོལ་གྱི་བཀག་རྒྱ་ལས་བརྒལ་ཏེ་སྙིགས་དོར་བཅུད་ལེན་གྱི་ལམ་ལ་ཞུགས་ཏེ་བྱིས་པར་གཅར་རྡུང་བྱས་ན་མི་སྐྱོན་པའི་འདུ་ཤེས་དོར་ནས་གནའ་དེང་ཟུང་འབྲེལ་གྱི་བྱིས་སྐྱོང་གི་ཐབས་སྣ་ཚོགས་ལ་བརྩོན་དགོས་པར་སེམས་སོ།།

སྐྱེས་ཆེན་ལྷ་མོ་དོན་འགྲུབ་ཚང་གིས་བརྩམས་པའི་བྱམས་བརྩེའི་ནུས་སྟོབས་ཀྱི་དཔེ་ཆའི་ཤོག་ངོས་༥༠་ནང་དུ་ནང་སེམས་ཀྱི་ཚོར་མྱོང་ལ་བཟང་ངན་གྱི་རིགས་གཉིས་ཡོད། ཁོང་ཁྲོ་ལ་སོགས་པའི་ཚོར་མྱོང་ནི་ངན་པའི་རིགས་ཡིན་པས། འདིའི་རིགས་རྒྱུད་ལ་སྐྱེས་པ་ཙམ་གྱིས་སེམས་མ་སྐྱིད་པ་བཟོ་གི་ཡོད་པ་དང་། ཕུགས་སུའང་ལས་ངན་པའི་བག་ཆགས་འཇོག་གི་ཡོད། ལས་ངན་འདི་དག་གིས་སྐྱེ་བོ་གཞན་ལ་གནོད་པ་སྐྱེལ་བ་དང་ཆབས་ཅིག་རང་ཉིད་ཀྱང་ཕུགས་སུ་སྡུག་བསྔལ་ལ་སྦྱར་གྱི་ཡོད་ཅེས་གསུངས་ཡོད་པ་ལྟར། ཁོང་ཁྲོ་ལ་སོགས་པའི་ཚོར་མྱོང་ངན་པའི་རིགས་རང་སེམས་ལ་མངོན་དུ་གྱུར་བའི་སྐབས་སུ་བུ་ཕྲུག་ལ་གཅར་རྡུང་བྱེད་རྩ་བ་ནས་མི་ཉན་པར་འདོད། གལ་སྲིད་ཁོང་ཁྲོ་གཙོ་བོར་བྱས་པའི་ཚོར་མྱོང་མ་རུངས་པ་རྣམས་རང་སེམས་ལ་མངོན་དུ་གྱུར་བའི་སྐབས་སུ་རང་སེམས་ཀྱང་སྐྱིད་པོ་མེད་པ་ཆགས་ཀྱི་ཡོད། ཡང་སྐྱེས་ཆེན་ལྷ་མོ་དོན་གྲུབ་ཚང་གིས་སེམས་ཀྱི་ཞི་བདེ་དཀྲུག་མཁན་གཙོ་བོ་དེ་ཁོང་ཁྲོ་ཡིན་ཞེས་གསུང་ཡོད་པ་རེད། དེས་ན་ཕ་མ་ཚོས་གཅར་རྡུང་ནི་ཁོང་ཁྲོའི་ཐོན་འབྲས་ཡིན་པ་དང་གཅར་རྡུང་གི་ངོ་བོ་འཚེ་བ་ཡིན་པ། གཅར་རྡུང་གི་འབྲས་བུ་སྡུག་བསྔལ་ཡིན་པ་ངོས་འཛིན་བྱེད་ཐུབ་དགོས། གལ་སྲིད་དེ་ལྟར་ངོས་འཛིན་མ་བྱས་པ་ཡིན་ན། ནང་བའི་སེམས་འདུལ་བའི་སློབ་གསོ་དང་། དེང་རབས་ཀྱི་སྤྲོ་སྣང་སློབ་གསོའི་རྩ་འཛིན་རྣམས་དང་འགལ་གྱི་ཡོད་པ་རེད། ཞི་བདེ་དང་སྤྲོ་སྣང་བྲལ་བའི་སློབ་གསོའི་བྱེད་ཐབས་ལ་མཇུག་འབྲས་ངན་པ་ཡོད་སྲིད་པས་གཟབ་དགོས། དེ་ལྟར་ན། བུ་ཕྲུག་གིས་ཕ་མས་སྐུལ་བའི་ལས་དོན་མ་འགྲུབ་དང་། ནོར་འཁྲུལ་ཤོར་བ་སོགས་ཀྱི་སྐབས་སུ། ཕ་མས་རང་གི་སེམས་ཁམས་ལ་སྙོམ་སྒྲིག་བྱེད་དགོས་པ་ལས། ཁོང་ཁྲོའི་བཙན་འཛུལ་འོག་ཏུ་བུ་ཕྲུག་ལ་གཅར་རྡུང་རྩ་བ་ནས་བྱེད་མི་ཉན། གལ་སྲིད་ཕ་མས་བུ་ཕྲུག་ལ་གཅར་རྡུང་བྱས་ཏེ་སེམས་ཁམས་སུ་ན་ཚ་བཟོས་པ་ཡིན་ན། དེའི་མཇུག་འབྲས་ངན་པ་དེ་ཕ་མ་དང་བུ་ཕྲུག་ཐུན་མོང་གིས་མྱོང་དགོས། ཡང་བྱམས་བརྩེའི་ནུས་སྟོབས་ཀྱི་དཔེ་ཆའི་ཤོག་ངོས་༤༩ ནང་དུ་ཉོན་མོངས་ཟེར་བ་འདི་སེམས་རྒྱུད་མ་ཞི་བ་བཟོ་མཁན་ཞིག་ཏུ་བསྟན་ཡོད། ང་ཚོར་སེམས་མ་སྐྱིད་པ་དང་ཟོས་མ་བདེ་ཡོང་བ་འདི་གཙོ་བོ་ཉོན་མོངས་དང་། ཚུལ་མིན་ཡིད་བྱེད་ཀྱི་དབང་གིས་ཡོང་གི་ཡོད་ཅེས་གསུངས་ཡོད། དེ་ལྟར་ན་ང་ཚོ་བུ་ཕྲུག་གི་ཕ་མ་རུ་མ་གྱུར་བའི་སྔ་རོལ་ནས་ལམ་རིམ་བློ་སྦྱོང་དང་དེང་རབས་སེམས་ཁམས་རིག་པའི་སྐོར་ལ་བག་ཆགས་ཅུང་ཟད་རེ་བཞག་ཏེ་ཞེ་སྡང་དང་ཁོང་ཁྲོའི་སྐོར་ལ་ངོས་འཛིན་གསལ་བོ་ཞིག་བྱེད་ཐུབ་ན་བཟང་བ་དང་། གལ་སྲིད་བུ་ཕྲུག་ལ་གཅར་རྡུང་བྱས་ན་རང་སེམས་ཀྱི་ན་ཟུག་རེ་ཞིག་འཇོམས་སྲིད་ཀྱང་། དེ་ནི་མནར་གཅོད་གཏོང་སྟངས་ཤིག་ཡིན་པ་ཤེས་དགོས། ཡང་སྐྱེས་ཆེན་ལྷ་མོ་དོན་གྲུབ་ཚང་གིས་མཛད་པའི་བྱམས་བརྩེའི་ནུས་སྟོབས་ཀྱི་དཔེ་ཆའི་ཤོས་ངོས་༥༡ ནང་དུ་སྤྱིར་བཏང་ཁོང་ཁྲོས་གནོད་སེམས་འདྲེན་གྱི་ཡོད་པ་དང་། གནོད་སེམས་ལ་བཟང་བོའི་ཆ་ཅུང་ཟད་ཀྱང་མེད་ཅེས་གསུངས་ཡོད་དོ།།

བོད་ཀྱི་ན་གཞོན་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཞོགས་ལྗང་ལགས་ཀྱིས་ཉེ་ཆར་བྲིས་པའི་རྩོམ་ཡིག་ཁ་བྱང་ལ་གཅར་རྡུང་སློབ་གསོ་དང་འབྲེལ་བའི་སྐད་ཆ་འགའ་ཞེས་པ་དེའི་ནང་དུ་གཅར་རྡུང་གི་ངོ་བོ་གདུག་རྩུབ་ཡིན། གདུག་རྩུབ་ཀྱིས་བསྐྱེད་པའི་མིའི་རིགས་ཀྱི་གྱོང་གུད་ལ་ཚད་མེད་ཅེས་གསུངས་འདུག་པ་ལྟར། གལ་སྲིད་ཞེ་སྡང་དང་ཁོང་ཁྲོའི་གཞན་དབང་དུ་གྱུར་བའི་ཕ་མ་ཞིག་གིས་རང་ཉིད་ཀྱི་བུ་ཕྲུག་ལ་འཆར་ཅན་དུ་གཅར་རྡུང་བཏང་བ་ཡིན་ན། དེའི་མཇུག་འབྲས་ནི་རང་གི་མི་རབས་ཚ་རྒྱུད་ཀྱིས་ཉམས་སུ་མྱོང་དགོས་པ་ཞིག་ཡིན། ཕྱི་རྒྱལ་གྱི་སེམས་ཁམས་རིག་པ་བ་ཚོས་དེ་རིང་གི་མནར་གཅོད་མྱོང་མཁན་གྱི་བྱིས་པ་དེ། སང་ཉིན་གྱི་མནར་གཅོད་གཏོང་མཁན་གྱི་ཕ་མ་རུ་འགྱུར་འགྲོ་ཞེས་ལབ་ཀྱི་ཡོད་པ་རེད། གལ་སྲིད་ཕ་མས་བུ་ཕྲུག་ལ་འཇིགས་སྐུལ་དང་དྲག་སྤྱོད་བཀོལ་རྒྱུ་མང་དྲགས་ན་བུ་ཕྲུག་གི་རང་གཤིས་བརླགས་ཏེ་གནས་ལུགས་དང་རྒྱུ་མཚན་ལ་བསམ་བློ་གཏོང་མི་ཐུབ་པའི་གཤིས་སྤྱོད་རྩུབ་པོ་ཅན་ཞིག་ཏུ་འགྱུར་འགྲོ་བ་ཡིན། དེས་ན་རང་གི་བུ་རབས་ཚ་རྒྱུད་ཀྱིས་གཅར་རྡུང་གིས་བསྐྱེད་པའི་སྡུག་བསྔལ་མྱོང་ན་མི་འདོད་ན། བུ་ཕྲུག་ལ་གཅར་རྡུང་བྱེད་མཚམས་འཇོག་དགོས། གལ་སྲིད་ཕ་མས་བུ་ཕྲུག་ལ་སྡུག་དམོད་བྱེད་ཞོར་དུ་ལས་བྱ་འབྲི་རུ་བཅུག་ན། བུ་ཕྲུག་གི་དྲན་པ་རབ་རུབ་ཏུ་འགྱུར་བ་དང་རིག་པ་ཇེ་རྟུལ་དུ་འགྲོ་བར་བཤད། གལ་སྲིད་ཕ་མས་དྲག་སྤྱོད་ཀྱི་ལམ་ནས་བུ་ཕྲུག་ལ་གནོན་བཙུར་བྱེད་རྒྱུ་མང་དྲགས་ན། བུ་ཕྲུག་གི་རང་མཐོང་དང་སྤོབས་པ། རང་བཀུར་གྱི་འདུ་ཤེས་སོགས་བརླག་སྟེ་མི་ཚེ་གང་བོར་ཞེད་སྣང་དང་མཚེར་སྣང། དོགས་སྣང་ཁྲོད་དུ་གནས་དགོས་ཡོད་པ་རེད། རང་གཤིས་དྲང་མོ་ཅན་གྱི་བྱིས་པ་ཚོས་རྫུན་བཤད་པ་དང་རྐུ་བྱེད་པ་ནི་ཕ་མར་འཇིགས་ཤིང་སྐྲག་པས་ཡིན་པར་བཤད། གལ་སྲིད་བུ་ཕྲུག་གིས་སྐད་ཆ་དྲང་མོ་བཤད་པའི་སྐབས་སུ་ཕ་མས་ཁོང་ཁྲོ་ཟོས་ཏེ་གཅར་རྡུང་བྱས་པ་ཡིན་ན། དེ་ནས་བཟུང་བུ་ཕྲུག་གིས་སྐད་ཆ་དྲང་བཤད་བྱེད་མི་ཕོད་པར་རྫུན་བཤད་སྲིད་པ་ཡིན། མདོར་དེད་ན་བུ་ཕྲུག་ལ་གཅར་རྡུང་བྱས་ན། བུ་ཕྲུག་གི་རང་མཐོང་དང་རང་རྩིས། རང་བཀུར་གྱི་འདུ་ཤེས་སོགས་ལ་གནོད་པར་བཤད། ལུས་ལ་གཅར་ན་སེམས་ལ་ན་ཟུག་བསྐྱེད་ཟེར་བ་ལྟར། ཕ་མས་བུ་ཕྲུག་ལ་གཅར་རྡུང་བྱས་ན། བུ་ཕྲུག་གི་སེམས་ཁམས་འཁྲུགས་ཏེ་སེམས་ཀྱི་རང་བཞིན་གཙང་མ་དེ་རྒྱུན་གནས་བྱེད་མི་ཐུབ་པར། མ་འོངས་པར་ཁྱིམ་ཚང་གི་འཆམ་མཐུན་དང་སྤྱི་ཚོགས་ཀྱི་བདེ་འཇགས་དཀྲུག་མཁན་གྱི་མི་ཞིག་ཏུ་འགྱུར་སྲིད་པ་ཡིན་པས་གཟབ་དགོས། དེར་བརྟེན་གཅར་རྡུང་གི་བྱེད་ཐབས་སྤྱད་དེ་བུ་ཕྲུག་གི་སྤྱོད་པ་བཅོས་ཐབས་བྱེད་པ་དེ་ནི་སྐབས་ཐོག་གི་ན་ཟུག་འཇོམས་བྱེད་ཀྱི་གཟེར་སྨན་ལྟ་བུ་ཞིག་ལས་ཕུགས་སུ་བུ་ཕྲུག་ནུས་མེད་ཉམ་ཆུང་། བྲན་གཤིས་ཅན་ཞིག་ཏུ་བསྒྱུར་སྲིད་པས་ཕ་མ་ཚོས་གཟབ་དགོས་པར་སེམས་སོ།།

མདོར་བསྡུས་ན་ལོ་བཞི་དང་ཕྱེད་ཀྱི་རིང་ལ་རིགས་གཅིག་རྐང་འཛིན་གྱིས་བྱིས་སྐྱོང་སློབ་གསོའི་སྐོར་ལ་བོད་པའི་ཕ་མ་སྟོང་ཕྲག་ལྷག་དང་ལྷན་དུ་གླེང་སློང་བྱས་པའི་ཉམས་མྱོང་ལྟར་ན། བྱིས་སྐྱོང་སློབ་གསོའི་གཞུང་ལུགས་འདྲ་མིན་ལ་སློབ་སྦྱོང་བྱེད་མྱོང་མཁན་དང་། བྱིས་པ་གསོ་སྐྱོང་གི་བྱ་བཞག་ལ་དགའ་བའི་ཕ་མ་ཉམས་མྱོང་ཅན་རྣམས་ཀྱི་ཁྲོད་དུ་བུ་ཕྲུག་ལ་གཅར་རྡུང་བྱས་ན་ཡག་པོ་རེད་འདོད་མཁན་གཅིག་ཀྱང་མི་འདུག ལྷག་པར་དུ་བྱིས་པའི་སེམས་ཁམས་རིག་པའི་སྐོར་ལ་ཤེས་རྟོགས་ཟབ་པའི་བོད་ཀྱི་ན་གཞོན་རྩོམ་པ་པོ་གསོན་པོ་ལགས་ཀྱིས་སློབ་གསོའི་ལྡེ་མིག་ཅེས་པའི་དཔེ་ཆ་ཞིག་བྲིས་ཏེ་གཅར་རྡུང་ནི་སློབ་གསོའི་ཐབས་ལམ་ཞིག་མ་ཡིན་པ་ལུང་དང་རིག་པ། ཉམས་མྱོང་གསུམ་གྱི་སྒོ་ནས་དགག་སྒྲུབ་གནང་ཡོད་པ་རེད། དེ་དང་ལྷན་དུ་བྱིས་སྒྲུང་གླིང་གི་རྐང་འཛིན་དགེ་རྒན་རྣམས་ཀྱི་གཙོས་པའི་ཕ་མ་མང་བོས་བུ་ཕྲུག་ལ་གཅར་རྡུང་བྱེད་མཚམས་བཞག་སྟེ། བྱམས་བརྩེ་དང་ཞི་བའི་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་བུ་ཕྲུག་གསོ་སྐྱོང་གི་ལས་དོན་འབྲས་བུ་གཡུར་དུ་ཟ་བ་བླངས་དང་ལེན་བཞིན་པ་ལགས་སོ།།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༥ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese