མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་སྲིད་བློན་ཟུར་པ་མཆོག་ལ་ཐུགས་སྨོན་གསུང་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་རྒྱ་གར་གྱི་སྲིད་བློན་ཟུར་པ་མན་མོ་ཧན་སིན་མཆོག་ལ་ཏོག་དབྱིབས་ནད་རྟགས་ཐོན་པ་དེ་མྱུར་ཏུ་དྲག་སྐྱེད་ཡོང་བའི་ཐུགས་སྨོན་གསུང་འཕྲིན་སྩལ་གནང་འདུག

རྒྱ་གར་གྱི་སྲིད་བློན་ཟུར་པ་མན་མོ་ཧན་སིན་ (Manmohan Singh) མཆོག་ནས་ཏོག་དབྱིབས་འགོག་ཁབ་རིམ་པ་དེ་གཉིས་བཞེས་ཚར་ཡོད་ནའང་། ཁ་སང་ཕྱི་དྲོར་ཁོང་ལ་གཉན་རིམས་ཕོག་པའི་ནད་རྟགས་ཐོན་ཡོད་པར་བརྟེན། དེ་རིང་ཕྱི་ཚེས་ ༢༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྲིད་ཟུར་མཆོག་ལ་གདུང་སེམས་མཉམ་བསྐྱེད་དང་མྱུར་ཏུ་དྲག་སྐྱེད་ཡོང་བའི་ཐུགས་སྨོན་གསུང་འཕྲིན་ཞིག་སྩལ་བའི་ནང་། སྐུ་ཉིད་འཕྲལ་དུ་དྲག་སྐྱེད་ཡོང་བར་ངོས་ཀྱིས་སྨོན་ལམ་འདེབས་ཀྱི་ཡོད། ཁྱེད་ཀྱི་མཁྱེན་གསལ་ལྟར་སྐུ་ཉིད་ལ་ངོས་རང་ནས་གུས་བརྩི་ཆེན་པོ་ཡོད་པ་དང་། ཁྱེད་ཉིད་ནི་ངོས་ཀྱི་གྲོགས་པོ་རྙིང་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། ཅེས་གསུངས་འདུག

ཡང་གསུང་འཕྲིན་ནང་།  གོ་ལ་ཧྲིལ་བོར་ཏོག་དབྱིབས་གཉན་རིམས་ཀྱིས་ཉེན་ཁ་སྤྲོད་ཀྱི་ཡོད་པ་ལྟར། འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ནང་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་སྡུག་ཁག་གང་མགྱོགས་མེད་པར་འགྱུར་བར་ངོས་ཀྱིས་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་འདུག

དེ་བཞིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ནས་ཁ་སང་ཕྱི་ཚེས་ ༡༩ ཉིན་སྐུ་སྒེར་གྱི་ཊུ་ཝེ་ཊུར་བརྒྱུད། སྲིད་བློན་ཟུར་པ་མན་མོ་ཧན་སིན་ (Manmohan Singh) མཆོག་གི་སྐུ་གཟུགས་བདེ་ཐང་ཡོང་བ་དང་། མྱུར་ཏུ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད་སྐོར་གསུངས་འདུག

རྒྱ་གར་གྱི་གསར་ཁང་ཁག་གི་ནང་། སྲིད་བློན་ཟུར་པ་མཆོག་ནས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༤ ཉིན་རྒྱ་གར་ནང་བཟོས་པའི་ཀོ་ཝེག་སིན་ (COVAXIN) འགོག་ཁབ་ཐོག་མ་དེ་བཞེས་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༣ ཉིན་འགོག་ཁབ་གཉིས་པ་དེ་བཞེས་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༡༩ ཉིན་ཁོང་གི་སྐུ་གཟུགས་ལ་ཚ་བ་རྒྱས་ཏེ་ཕྱི་དྲོའི་ཆུ་ཚོད་ ༥ ཙམ་གྱི་ཐོག་བརྟག་དཔྱད་གནང་སྐབས། གཉན་རིམས་ནད་རྟགས་ཐོན་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༠ ཉིན་རྒྱ་གར་གྱི་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ད་ལྟ་ཁོང་རྒྱལ་ས་ལྡི་ལིའི་སྨན་ཁང་གྲགས་ཅན་(AIIMS )དུ་སྨན་བཅོས་གནང་བཞིན་ཡོད་ཅིང་། ཁོང་གི་གནས་སྟངས་ཛ་དྲག་མིན་ལ། ཁོང་ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ཤུགས་ཆེན་མེད་པར་སྐུ་གཟུགས་ལ་ཚ་བ་རྒྱས་པ་སོགས་ཚུད་པའི་ནད་རྟགས་ཆུང་ངུ་རེ་འགའ་ལས་མེད་ནའང་། ད་ལྟ་དགུང་གྲངས་ ༨༨ ཡིན་པ་དང་། འདས་པའི་ཁོང་གི་ནད་གཞི་ཁག་ཅིག་སྟེ་གཅིན་སྙི་དང་སྙིང་གི་ནད་གཞི་ཡོད་པར་བརྟེན་སྨན་ཁང་དུ་བཞུགས་ཡོད་སྐོར་བཀོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

ཕྱི་ལོ་ ༢༠༢༥ ལོའི་བཙན་བྱོལ་གྱི་གནས་ཚུལ་ཆེ་ཁག

ཆུ་ཚོད་ ༡༩ སྔོན་ལ།
Mobile App

༢༠༢༥ ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་བཅུ།

༢༠༢༥/༡༢/༣༡
རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་རིག་བརྗེ་ལེན་གྱི་བགྲོ་གླེང་འཚོགས།
Mobile App

རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་རིག་བརྗེ་ལེན་གྱི་བགྲོ་གླེང་འཚོགས།

༢༠༢༥/༡༢/༣༠
Batang County
Mobile App

འབའ་ཐང་རྫོང་ཁོངས་སུ་རི་ཉིལ་བ་དང་གཞུང་ལམ་ལ་རྡིབ་སྐྱོན་བྱུང་།

༢༠༢༥/༡༢/༣༠
Mobile App

བོད་མི་སྲི་ཞུ་བ་ཞིག་གི་གྲོགས་འཕྲིན།

༢༠༢༥/༡༢/༣༠
རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག
Mobile App

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ཟི་ལིང་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་ཡོད་འདུག

༢༠༢༥/༡༢/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese