མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནེའུ་ཛི་ལན་ཌི་གཞུང་ནས་རྒྱ་ནག་ཐད་ལངས་ཕྱོགས་བརྟན་པོ་ཡིན་པའི་རྣམ་འགྱུར་བསྟན།

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

ནེའུ་ཛི་ལན་ཌིའི་སྲིད་བློན་ལཅམ་ཇཱེ་སིན་ཌ་ཨཱར་དི་རཱེན་ལགས་ཀྱིས་རྒྱ་ནག་དང་ནེའུ་ཛི་ལན་ཌི་དབར་གྱི་འགལ་ཟླ་རྣམས་འདུམ་འགྲིག་བྱེད་ཐབས་ཁག་པོ་ཆགས་ཡིན་ལ་རྒྱ་ནག་གིས་འགན་འཁུར་སྤང་བླངས་ཚུལ་བཞིན་བྱ་དགོས་སྐོར་བརྗོད་ཡོད་འདུག

ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་པེ་ཅིན་ནས་ཞི་ཅིན་ཕིན་དང་ལྕམ་་ཇཱེ་སིན་ཌ་ཨཱར་དི་རཱེན་གཉིས་ཐུག་འཕྲད་གནང།

དེ་རིང་དབྱིན་ཡུལ་དུ་ཡོད་པའི་གྷར་ཌིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་སྲིད་བློན་ལྕམ་ལྕམ་ཇཱེ་སིན་ཌ་ཨཱར་དི་རཱེན་ (Jacinda Ardern) ལགས་ཀྱིས་སྣེ་ཁྲིད་པའི་ནེའུ་ཛི་ལན་ཌི་གཞུང་གིས། ཚོང་འབྲེལ་ཁེ་ཕན་ལ་དམིགས་ཏེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་བྱེད་ཀྱི་མེད་པ་དང་། རང་གི་མནའ་འབྲེལ་རྒྱལ་ཁབ་ཀྱི་ལྡོག་ཕྱོགས་སུ་ལངས་ནས་རྒྱ་ནག་དང་ཚོང་འབྲེལ་ཤུགས་ཆེར་བྱེད་བཞིན་པ་དེར་རྒྱལ་ཁབ་ཕྱི་ནང་གཉིས་ནས་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་པའི་སྐབས་འདིར། སྲིད་བློན་ཇཱེ་སིན་ཌ་ཨཱར་དི་རཱེན་ལགས་ཀྱིས། རྒྱ་ནག་གི་ཚོང་དོན་ཚོགས་འདུ་ཞིག་གི་སྟེང་། རྒྱ་ནག་དང་ནེའུ་ཛི་ལན་ཌིའི་བར་ལ་གནད་དོན་འགའ་ཤས་ཀྱི་སྟེང་མོས་མཐུན་ཡོང་ཐབས་མེད་པ་དང་། ནེའུ་ཛི་ལན་ཌིའི་ངོས་ནས་ཡོངས་ཁྱབ་ཀྱི་ཐོག་ནས་ཡུ་གུར་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་ཡོད་སྐོར་སོགས་ཀྱི་གཏམ་བཤད་སྤེལ་གནང་ཡོད་འདུག

གཏམ་བཤད་སྐབས་ཁོང་མོས། རྒྱ་ནག་དང་ནེའུ་ཛི་ལན་ཌི་དབར་གྱི་འགལ་ཟླ་རྣམས་འདུམ་འགྲིག་བྱེད་ཐབས་ཁག་པོ་ཆགས་ཡིན་པ་དང་། རྒྱ་ནག་ངོས་ནས་རང་ཉིད་འཛམ་གླིང་གི་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་འགན་འཁུར་སྤང་བླངས་ཚུལ་བཞིན་བྱ་དགོས་སྐོར་སོགས་བརྗོད་འདུག་ཀྱང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་འགལ་ཟླའི་ཆ་ཁོ་ན་ལ་རག་ལས་ཀྱི་མེད་པར་བརྟེན། འགལ་ཟླ་དེ་དག་གིས་ཕན་ཚུན་གྱི་འབྲེལ་ལམ་ཉམས་རྒུད་དུ་གཏོང་དགོས་དོན་མེད་པར། རྒྱ་ནག་དང་ནེའུ་ཛི་ལན་ཌི་ལ་རྒྱལ་སྤྱིའི་ཚོང་དོན་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག ཏོག་དབྱིབས་གཉན་རིམས་ལ་འགོག་རྒོལ་བཅས་ཀྱི་ཐོག་ལ་མཉམ་ལས་བྱ་རྒྱུའི་གོ་སྐབས་ཡོད་སྐོར་བརྗོད་ཡོད་འདུག

ཨ་རི་དང་། ཁེ་ན་ཌ། དབྱིན་ཡུལ། ཨོ་གླིང་། ནེའུ་ཛི་ལན་ཌི་བཅས་ལས་གྲུབ་པའི་མིག་ལྔའི་མནའ་འབྲེལ་རྒྱལ་ཚོགས་ (Five Eyes)ཀྱིས། རྒྱ་ནག་གིས་དམག་དོན་ལས་འགུལ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་བཙན་བཀོལ་རྒྱ་སྐྱེད་ལས་འགུལ་བཅས་ལ་དོ་ནན་གྱིས་རྟོག་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། མནའ་འབྲེལ་ཚོགས་པ་དེ་ཉིད་འབྱུང་འགྱུར་རྒྱ་ནག་ལ་ཁ་གཏད་གཅོག་པའི་སྟོབས་ཤུགས་གལ་གནད་ཅན་ཞིག་ལ་ངོས་འཛིན་གྱིས་ཕན་ཚུན་བར་གྱི་མཉམ་ལས་ཤུགས་ཆེ་རུ་བཏང་ཡོད་ལ། འདས་ལོར་རྒྱ་ནག་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་གསར་པ་གཏན་འབེབ་ལག་བསྟར་བྱས་པ་དེར་ཡོངས་ཁྱབ་ཀྱི་ཐོག་ནས་མཉམ་འབྲེལ་གྱི་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཡོད།

འོན་ཀྱང་ཉེ་བའི་ཆར་ནེའུ་ཛི་ལན་ཌིའི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་གྱི་གཏམ་བཤད་སོགས་ཀྱི་ཐོག་ནས་ནེའུ་ཛི་ལན་ཌི་འདི་རང་གི་མནའ་འབྲེལ་ཚོགས་པ་དང་རྒྱང་ཐག་ཇེ་རིང་དང་། རང་གི་ཚོང་འབྲེལ་རྒྱལ་ཁབ་ཆེ་ཤོས་རྒྱ་ནག་དང་ཇེ་ཉེར་འགྲོ་བཞིན་པའི་རྣམ་པ་ཤུགས་ཆེར་མངོན་ཡོད། དེ་ཡང་འདི་ལོའི་ཕྱི་ཟླ་ ༤ ནང་། ཨ་རི་གཙོས་པའི་མིག་ལྔའི་མནའ་འབྲེལ་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་ཞི་བདེ་རྒྱ་མཚོའི་ཁུལ་དུ་སྟོབས་ཤུགས་རྒྱ་སྐྱེད་བྱེད་བཞིན་པར་ཐུན་མོང་གི་འགོག་རྒོལ་སྲིད་ཇུས་ཤིག་འདིང་རྒྱུའི་གླེང་སློང་འབྱུང་བཞིན་པའི་སྐབས་དེར། ནེའུ་ཛི་ལན་ཌིའི་ཕྱི་སྲིད་བློན་ཆེན་ན་ན་ཧེ་མ་ཧུ་ཏ་(Nanaia Mahuta) ཡིས། མིག་ལྔའི་མནའ་འབྲེལ་རྒྱལ་ཚོགས་དེ་གསང་བའི་ལས་དོན་ཐད་ཀྱི་ཚོགས་པ་ཞིག་ཡིན་སྟབས། ང་ཚོར་དེ་ལས་བརྒལ་བའི་ལས་དོན་ནང་ཞུགས་རྒྱུའི་འདོད་པ་མེད་ལ། ནེའུ་ཛི་ལན་ཌིའི་ངོས་ནས་རྒྱ་ནག་ཐོག་སྲིད་ཇུས་ག་རེ་གཟུང་དགོས་མིན་དེ་ནེའུ་ཛི་ལན་ཌི་རང་གིས་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ལ། འདས་ལོའི་མནའ་འབྲེལ་རྒྱལ་ཁབ་ཚོས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་དེར་ཡང་མིང་རྟགས་འགོད་རྒྱུར་འདོད་པ་མེད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།

རྒྱ་ནག་ནི་ནེའུ་ཛི་ལན་ཌིའི་ཚོང་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། འདས་ལོའི་ཕྱི་ཟླ་ ༡༡ ནས་བཟུང་ནེའུ་ཛི་ལན་ཌིས་རྒྱ་ནག་ལ་ཕྱིར་འདྲེན་བྱས་པའི་ཚོང་འབྲེལ་རིན་འབབ་དེ། ནེའུ་ཛི་ལན་ཌིས་ཨོ་གླིང་དང་། ཨ་རི། དབྱིན་ཡུལ། ཉི་ཧོང་བཅས་ལ་ཕྱིར་འདྲེན་བྱས་པའི་ཕྱོགས་བསྡོམས་རིན་འབབ་ལས་ཀྱང་མཐོ་བ་ཆགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༧ ནས་བཟུང་རྒྱ་ནག་དེ་ནེའུ་ཛི་ལན་ཌིའི་ཚོང་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། ད་ལྟའི་ཆར་ནེའུ་ཛི་ལན་ཌིའི་ནང་འདྲེན་གྱི་བརྒྱ་ཆ་ ༢༩ རྒྱ་ནག་ནས་འབྱུང་གི་ཡོད་པ་རེད། ཉེ་ཆར་ནེའུ་ཛི་ལན་ཌི་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་གྲོས་ཆོད་དེ་ཉིད་བསྐྱར་སྣོན་བྱས་ཏེ། ནང་འདྲེན་གྱི་ཐོག་ནས་ནེའུ་ཛི་ལན་ཌི་ལ་རྒྱ་ནག་གི་ཕྱོགས་ནས་ཁེ་ཕན་ཆེན་པོ་ཐོབ་ཡོད་པ་རེད།

ཡང་ཕྱོགས་གཅིག་ནས་མིག་ལྔའི་མནའ་འབྲེལ་ཚོགས་པའི་ཚོགས་ཁོང་ཨོ་གླིང་རྒྱལ་ཁབ་ཀྱིས་འདས་པའི་ལོ་གཅིག་ནང་། ཧོང་ཀོང་གི་གནད་དོན་དང་། ཏོག་དབྱིབས་གཉན་རིམས། ཤར་ཊུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་ཀྱི་གནད་དོན་སོགས་ཀྱི་ཐོག་ནས་རྒྱ་ནག་ལ་ཡོངས་ཁྱབ་ཀྱི་ཐོག་ནས་སྐྱོན་བརྗོད་དང་འགོག་རྒོལ་ཤུགས་ཆེར་བྱས་རྐྱེན། རྒྱ་ནག་གིས་ཨོ་གླིང་གི་ཆང་གིས་མཚོན་པའི་ཚོང་ཟོག་ཁག་བཀག་སྡོམ་བྱས་ཡོད་ལ། ནང་འདྲེན་བྱས་པའི་ཚོང་ཟོག་ལ་རྒྱལ་ཁྲལ་སྤར་བ་སོགས་དང་། དེ་བཞིན་རྒྱའི་མི་སེར་རྣམས་ཨོ་གླིང་དུ་མི་བསྐྱོད་རྒྱུའི་གཞུང་འབྲེལ་ལམ་སྟོན་བྱས་པ་སོགས་དཔལ་འབྱོར་སྟོབས་ཤུགས་སྤྱད་དེ་ཨོ་གླིང་ལ་འཁོན་ལན་བསློགས་ཏེ། འདས་ལོར་གཅིག་པུར་ཨོ་གླིང་ལ་ཨོ་སྒོར་ཐེར་འབུམ་ ༤༧།༧ གྱི་གྱོད་གུད་ཕོག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། རྒྱ་ནག་དང་ཨོ་གླིང་དབར་གྱི་འབྲེལ་ལམ་ཛ་དྲག་ཏུ་འགྱུར་བཞིན་པའི་དུས་སྐབས་ཏེ། འདི་ལོའི་ཕྱི་ཟླ་ ༡ ནང་ནེའུ་ཛི་ལན་ཌིའི་ཚོང་འབྲེལ་བློན་ཆེན་ཌེ་མིན་ཨོ་ཁོ་ནོར་ (Damien O’Connor) གྱིས་ཨོ་གླིང་གི་ངོས་ནས་རྒྱ་ནག་དང་འབྲེལ་བ་འཇོག་སྟངས་ཐད་ནེའུ་ཛི་ལན་ཌིར་དཔེ་བལྟ་དགོས་པ་དང་། རྒྱ་ནག་ལ་བརྩི་བཀུར་བྱ་དགོས་སྐོར་སོགས་བརྗོད་ཡོད་པ་རེད།

དབྱེ་ཞིབ་པས་ནེའུ་ཛི་ལན་ཌི་གཞུང་གིས་བྱེད་སྟངས་དེས། རང་དབང་གིས་མཚོན་པའི་དམངས་གཙོའི་རིན་ཐང་ལས་ཚོང་ཁེ་གཉིས་ལས་ཕྱི་མ་དེ་གཙིགས་ཆེར་འཛིན་བཞིན་པ་མཚོན་གྱི་ཡོད་སྐོར་རྗོད་ཀྱིན་འདུག་ལ། ནེའུ་ཛི་ལན་ཌི་དང་རྒྱ་ནག་དབར་གྱི་ཚོད་འབྲེལ་གྲོས་ཆོད་དེ་བཞག་རྗེས། རྒྱ་ནག་གི་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས། ཨོ་གླིང་དང་ནེའུ་ཛི་ལན་ཌི་གཉིས་ཀྱི་རྒྱ་ནག་ལ་ལྟ་ཕྱོགས་དེ་མེ་དང་འཁྱག་པའི་དཔེ་ལ་སྦྱར་ཏེ། ཨོ་གླིང་གིས་རྒྱ་ནག་ལ་གྲང་དམག་སྐབས་ཀྱི་ལྟ་ཕྱོགས་འཛིན་གྱི་ཡོད་པ་དང་། དེ་དང་བསྡུར་ན་ནེའུ་ཛི་ལན་ཌི་ཡིས་རྒྱ་ནག་གི་ཡར་རྒྱས་ལ་དགའ་བསུ་དང་གུ་ཡངས་བྱེད་ཀྱི་ཡོད་སྐོར་བཤད་ཡོད་འདུག

ནེའུ་ཛི་ལན་ཌིའི་ཨེག་ཊི་སྲིད་དོན་ཚོགས་པས་ (Act Party) ཡུལ་དེའི་གྲོས་ཚོགས་ནང་རྒྱ་ནག་གིས་ཤར་ཊུར་ཀི་སི་ཐན་ནང་མི་རིགས་རྩ་མེད་གཏོང་བཞིན་པའི་གནས་སྟངས་ལ་བགྲོ་གླེང་བྱ་རྒྱུའི་གྲོས་ཆོད་ཅིག་བཏོན་ཡོད་ནའང་། གྲོས་ཆོད་དེ་གྲོས་ཚོགས་ནང་ཚུད་པར་གཞུང་འཛིན་ངལ་རྩོལ་ཚོགས་པའི་རྒྱབ་སྐྱོར་དགོས་ཀྱི་ཡོད་སྟབས། ད་ལྟའི་ཆར་ངལ་རྩོལ་ཚོགས་པ་ནང་ཁུལ་དུ་བགྲོ་གླེང་བྱེད་མུས་ཡིན་འདུག འདས་པའི་ཟླ་ཤས་ནང་ཨ་རི་དང་། ཁེ་ན་ཌ། དབྱིན་ཡུལ་བཅས་ཀྱི་གྲོས་ཚོགས་ནང་རྒྱ་ནག་གིས་ཤར་ཊུར་ཀི་སི་ཐན་ཁུལ་དུ་ཡུ་གུར་གཙོས་པའི་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་རྩ་མེད་གཏོང་བཞིན་པའི་གྲོས་ཆོད་བཞག་ཟིན་པ་མ་ཟད། རྒྱ་ནག་གི་དཔོན་རིགས་ཚོར་དཔལ་འབྱོར་གྱི་ཉེས་ཆད་ཀྱང་བཅད་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. Sonam Gyaltsen says:
    ལོ་ 5 སྔོན།

    ༼ཉེ་ལམ་སྲིད་བློན་ལྕམ་ལྕམ་ཇཱེ་སིན་ཌ་ཨཱར་དི་རཱེན་ (Jacinda Ardern) ལགས་ཀྱིས་སྣེ་ཁྲིད་པའི་ནེའུ་ཛི་ལན་ཌི་གཞུང་གིས། ཚོང་འབྲེལ་ཁེ་ཕན་ལ་དམིགས་ཏེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་བྱེད་ཀྱི་མེད་པ་དང་།༽ ? ? ? ? དེ་པ་བཙན་བྱོལ་དུ་ སྲིད་སྐྱོང་བློ་སེང་གི་ བཙན་བྱོལ་གཞུང་གཏོར་ཤིག་བཏང་བ་མ་ཚད། བོད་མི་མང་ཁ་བཙུམ་ནས་སྡད་རོགས། Is The Perfect ? Compare !

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese