མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་རམ་ས་ལ་ནས་སྲོག་རླུང་(Oxygen) དགོས་མཁན་ཚོར་རིན་མེད་ངང་སྤྲོད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས་དྷ་ས་ཁུལ་གྱི་ཁྱིམ་སྡོད་ཏོག་དབྱིབས་ནད་པ་རྣམས་ལ་སྲོག་རླུང་རིན་མེད་ངང་གནང་གི་འདུག

དྷ་རམ་ས་ལ་ཁུལ་དུ་བོད་མི་དང་རྒྱ་གར་བ་ཏོག་དབྱིབས་ནད་པ་ཧ་ཅང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། སྨན་ཁང་དུ་སྲོག་རླུང་དང་ཉལ་ཁྲི་རག་དཀའ་བ་སོགས་ཀྱི་རྐྱེན་གྱིས། ནད་པ་མང་པོ་ཞིག་སྨན་ཁང་དུ་མ་སོང་བར་རང་ཁྱིམ་དུ་སྡོད་དགོས་ཆགས་ཀྱི་ཡོད་འདུག

དྷ་རམ་ས་ལ་ཁུལ་ནས་ནད་པ་ཚོར་སྲོག་རླུང་(Oxygen) རིན་མེད་ཐོག་གནང་གི་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་བཞིན་ཡོད་པ་ལྟར། འདི་གའི་གསར་འགོད་པས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སུ་སྲོག་རླུང་ (Oxygen)ག་འདྲ་གནང་གི་ཡོད་མེད་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ནད་པ་སྨན་ཁང་ནང་སྡོད་མཁན་རྣམས་མིན་པར་ནད་པ་མི་སྒེར་སོ་སོ་སྡོད་མཁན་ལ་རིན་མེད་ཐོག་སྲོག་རླུང་སྤྲོད་ཀྱི་ཡོད། དེ་བཞིན་མ་འོངས་པར་རྒྱ་གར་དང་བོད་པ་ནང་ལ་ཁེར་རྐྱང་སྡོད་མཁན་ཚོར་ཛ་དྲག་གི་སྲོག་རླུང་དགོས་མཁན་བྱུང་ན་སྤྲོད་ཀྱི་ཡིན། ཞེས་གསུངས་བྱུང་།

ད་བར་རིན་མེད་ཐོག་ནས་སྲོག་རླུང་ ༨ ཙམ་དགོན་པ་དང་མི་སྒེར་འགའ་ཤས་ལ་གཡར་ཟིན་འདུག་ལ། ཁོང་གིས། ད་ལྟ་ (Oxygen Cylinder) ༢༠ དང་ ༣༠ ལེན་གྱི་ཡོད། ནམ་རྒྱུན་ལས་ཀ་བྱེད་པའི་སྐབས་སུ་བེད་སྤྱོད་བཏང་གི་ཡོད་ཀྱང་། ད་ལྟ་མི་མང་ལ་ཛ་དྲག་གིས་དགོས་མཁན་དང་སྨན་པའི་ཁུངས་སྐྱེལ་ཡོད་མཁན་རྣམས་ལ་གཡར་གྱི་ཡོད། དེ་མིན་ཛ་དྲག་གི་ཆེད་དུ་ནང་ལ་ཉར་མཁན་ཚོར་གཡར་གྱི་མེད། མེག་གྷན་དུ་སྡོད་མཁན་རྒྱ་གར་ལའང་སྤྲོད་ཀྱི་ཡིན། ཞེས་གསུངས་བྱུང་ལ། སྐུ་ངོ་ཟླ་བ་ཚེ་རིང་ལགས་ཀྱི་ཞལ་པར་ཨང་གྲངས་ནི་9418185475རེད་འདུག

རྒྱ་གར་གཞུང་ནས་ཟླ་འདིའི་ཚེས་གཅིག་ནས་རང་ལོ་ ༡༨ ནས་ ༤༤་བར་ལ་ཏོག་དབྱིབས་འགོག་ཁབ་བརྒྱབ་རྒྱུའི་འཆར་གཞི་ཡོངས་བསྒྲགས་གནང་ཡོད་པ་ལྟར། འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་བདེ་ལེགས་སྨན་ཁང་གི་སྨན་པ་བརྩོན་འགྲུས་ལགས་སུ། ཏོག་དབྱིབས་འགོག་ཁབ་དེ་རྒྱག་ཐུབ་ཀྱི་ཡོད་མེད་དྲིས་པར། ཁོང་གིས། ད་བར་དུ་རང་ལོ་ ༡༨ ནས་ ༤༤་བར་དུ་འགོག་ཁབ་གཅིག་ཀྱང་བརྒྱབ་ཐུབ་མེད་པ་དང་། དེའི་རྒྱུ་མཚན་ནི་འགོག་ཁབ་མ་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་བརྗོད་བྱུང་ལ། ཕྱི་ཟླ་ ༣ ཚེས་ ༢༥ ནས་ཕྱི་ཟླ་ ༤ ཚེས་ ༣༠ བར་དུ་ལོ་ ༤༤ ཡན་ལ་འགོག་ཁབ་བརྒྱབ་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༢ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༢ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 2

  1. ཐུབ་བསྟན་བྱམས་པ། says:
    ལོ་ 5 སྔོན།

    བདེ་དོན་ཟླ་བ་ཚེ་རིང་ནི་རྒྱུན་དུ་བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་ལྷག་གསམ་རྣམ་དག་གི་ཞུ་མཁན་ཞིག་ཡིན་པར་ཕྲན་ནས་མངགས་བརྗོད་ཤུགས་ཆེ་ཞུ་རྒྱུ་ཡིན། ཁོང་གིས་ད་ཡོད་བོད་ཕྲུག་སྔོན་འགྲོའི་སློབ་གྲྭ་དེ་ལྟ་བུའི་ཡག་པོ་ཞིག་གཙུག་པ་དེ་ནས་འཐོན་པའི་སློབ་ཕྲུག་ཧ་ཅང་མང་པོ་ཡོད་པ་མ་ཟད་སློབ་གྲྭ་དེར་དགེ་སློབ་མང་པོ་ཞིག་ལ་ཡང་ལས་ཀའི་གོ་སྐབས་འཐོབ་ནས་འཚོ་ཐབ་བྱ་ཐུབ་པ་དེ་ཁོར་གི་གཟི་རྗེད་རེད། ཁོང་དེ་སྔོན་ས་གནས་གཞིས་འགོ་གནང་སྐབས་ཀྱང་ས་གནས་མི་དམངས་དང་མཐུན་ལམ་ཧ་ཅང་ལེགས་པོ་ཡོད་པས་མངགས་བརྗོད་ཡོད། ཁོང་ནས་བོད་རིགས་གཞོན་སྐྱེད་དུག་རྫས་ངན་ལམ་དུ་ཤོར་ཁག་གི་ཆེད་དུ་སྐུན་འཕན་གླིང་ཞེས་པ་ཞིག་གསར་རྒྱག་གིས་མི་མང་པོ་ཞིག་ཕན་ཐོག་ཆེན་པོ་བྱུང་ཡོད། དེ་བཞིན་སྤྱི་འཐུས་ཀྱི་ལས་ཁུར་ཐོག་ལོ་མང་ཞབས་འདེགས་སྒྲུབ་པ་མ་ཟད་གྲོས་ཚོགས་ར་བའི་ནང་དྲང་བདེན་ཐོག་ངན་པར་སྐྱོན་བརྗོད་དང་ཁ་བསྟད་གཅོག་ཐུབ་མཁན་གྱི་དཔའ་མཛངས་ལྡན་པའི་མི་ཞིག་ཡིན། ད་ལྟ་དུས་ཚོད་ཉག་ཕྲང་འདིར་ཁོང་གིས་མང་ཚོགས་ནད་གནར་ཅན་ལ་སྟོང་ཕོད་ཅན་གྱི་ཞལ་འདེབས་རྒྱབ་དང་རྒྱབ་བཞིན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུན་ཡིན། བཀའ་དྲིན་ཤིན་ཏུ་ཆེ།

    Reply
  2. བློ་བཟང་། says:
    ལོ་ 5 སྔོན།

    དུས་ཐོག་ཆར་པ་རང་རེད།
    མི་གཅིག་གིས་དེ་ཙམ་གནང་ཐུབ་པ་ཞེ་དྲག་ཡག་པོ་རེད།
    སྤྱི་འཐུས་ཡིན་གོ་ཆོད་འདུག།
    ག་རེ་བཤད་ཀྱང་མ་བཤད་ཀྱང་། ཟླ་བ་ཚེ་རིང་རང་ལྷག་བསམ་ཆེ་བ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese