མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་ཀྱི་དབང་བསྒྱུར་མེད་ན་དྲང་བདེན་མེད།

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་ལུང་རྟོགས། ཨོ་གླིང་།

རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྲོ་སྟངས་ཚང་མའི་ནང་ཁྲིམས་ཀྱི་དབང་བསྒྱུར་ནི་རྒྱལ་ཁབ་དེ་དར་ཞིང་རྒྱས་པ་དང་། མི་མང་བདེ་ཞིང་སྐྱིད་པའི་ཐུག་ས་གཙོ་བོ་དེ་ཡིན་པ་ཡོངས་གྲགས་རེད། དུས་རབས་ཉེར་གཅིག་པའི་སྐབས་འདིར་རྒྱལ་ཁབ་ཚང་མ་ཁྲིམས་ཀྱིས་དབང་བསྒྱུར་བྱེད་ཀྱི་ཡོད་ཚུལ་བརྗོད་མོད། ཁྲིམས་བཟོ་སྟངས་དང་ཁྲིམས་ལག་བསྟར་བྱེད་སྟངས་སོགས་ལ་ཁྱད་པར་ཆེན་པོ་ཡོད་པས་ན། དེ་དག་རེ་རེ་བཞིན་ཞིབ་འཇུག་དང་ངོ་སྤྲོད་བྱེད་རྒྱུ་ནི་ཧ་ལམ་ཡོང་མི་སྲིད་པ་ལྟ་བུ་ཞིག་རེད། རང་ཉིད་མི་སྒེར་བ་ཞིག་རྒྱལ་ཁབ་ཁག་གསུམ་ཙམ་གྱི་ཁྲིམས་འོག་ལ་དངོས་སུ་ཕྱིན་པའི་ཉམས་མྱོང་ཁྲོད། ཨོ་སི་ཊོ་ལི་ཡའི་ཁྲིམས་ཀྱི་འགྲོ་སྟངས་དེ་དངོས་ནས་ཡིད་དབང་འཕྲོག་པོ་ཞིག་དང་དྲང་བདེན་ཡིན་པའི་མྱོང་ཚོར་བྱུང། དེ་ཡང་ཁྲིམས་བཟོ་ལྷན་ཚོགས་ནས་དགོངས་པ་ཆེ་བཞེས་ཀྱིས་ཁྲིམས་བཟོ་བ། འཛིན་སྐྱོང་བྱེད་པོ་རྣམས་ཀྱིས་ཁྲིམས་ལ་སློབ་སྦྱོང་ངམ་སྦྱོང་བརྡར་བྱས་ནས་ཁྲིམས་ལུགས་མཁྱེན་རྟོགས་ཡོད་པ། རིམ་པ་འདྲ་མིན་གྱི་ཁྲིམས་ཁང་ལ་གཞུང་མང་གང་གི་གནོན་ཤུགས་མེད་པའི་སྒོ་ནས་ཁྲིམས་འཛིན་པ། གསར་འགོད་བརྒྱུད་ལམ་ཁག་ནས་རང་དབང་ལྡན་པའི་གནས་ཚུལ་བརྒྱུད་སྤྲོད་བྱེད་པ་སོགས་མང་གཙོ་ཚད་དང་ལྡན་པ་ཞིག་ཡིན་པས། རྒྱལ་ཁབ་འདིའི་སྒྲིག་འཛུགས་ནི་མི་མང་གིས་འདེམས་པའི་དབུ་ཁྲིད་ཚོས་མི་མང་གི་ཆེད་དུ་ཕྱག་ལས་གནང་བཞིན་པ་ནི་ཆེས་བསྔགས་པར་འོས་པ་ཞིག་རེེད། ཨོ་སི་ཊོ་ལི་ཡའི་གཞུང་ལ་རིམ་པ་གསུམ་ཡོད་པ་ནི། དབུས་གཞུང་དང་། མངའ་སྡེའི་གཞུང་། ས་གནས་གཞུང་བཅས་ཡིན་པ་དང་། རིམ་པ་དེ་དག་ལ་སོ་སོའི་གྲོས་ཚོགས་སམ་ཁྲིམས་བཟོ་ལྷན་ཁང་ཡོད་པ་ཡིན།

དབུས་ཀྱི་གྲོས་ཚོགས་གོང་འོག་ནང་ཁྲིམས་འཆར་ཞིག་གི་རྒྱུན་ལྡན་གྱི་ལམ་ཁ།

གྲོས་ཚོགས་འོག་མ། (འཐུས་མིའི་གྲོས་ཚོགས་སམ་ཁྲིམས་བཟོ་ལྷན་ཁང་འོག་མ)

༡། སྒྲོག་སྦྱང་དང་པོ།
ཁྲིམས་འཆར་དེ་ཁྲིམས་བཟོ་ལྷན་ཁང་ངམ་གྲོས་ཚོགས་ནང་ངོ་སྤྲོད་བྱེད་པ།

༢། སྒྲོག་སྦྱང་གཉིས་པ།

གྲོས་ཚོགས་འཐུས་མི་རྣམས་ཀྱི་གྲོས་འཆར་གྱི་རྩ་བའི་དགོངས་ཚུལ་ཐོག་བགྲོ་གླེང་དང་འོས་ཤོག་འཕེན་པ།

༣། གྲོས་ཚོགས་འོག་མའི་དམིགས་བསལ་ཚོགས་ཆུང་།

ཁྲིམས་འཆར་དེའི་ཐོག་མི་མང་གི་བསམ་ཚུལ་བསྡུ་ལེན་གྱིས་གྲོས་ཚོགས་ལ་སྙན་སེང་ཞུ་བ།

༤། ཞིབ་རྒྱས་ལ་དགོངས་བཞེས།

གྲོས་ཚོགས་འཐུས་མི་རྣམས་ཀྱིས་གྲོས་འཆར་གྱི་ཚིག་བརྗོད་ཞིབ་ཕྲ་དང་། འགྱུར་བ་གང་གཏོང་དགོས་མིན་སོགས་བགླེ་གླེང་ངམ་རྩོད་གླེང་བྱེད་པ།

༦། སྒྲོག་སྦྱང་གསུམ་པ།

གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཁྲིམས་འཆར་མཐའ་མའི་ཐག་གཅོད་ཀྱི་ངོ་བོར་འོས་ཤོག་འཕེན་པ།

༨། ཁྲིམས་འཆར་གཏན་འབེབ།

གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་གཏན་འབེབ་བྱས་རྗེས་གྲོས་ཚོགས་གོང་མའི་ནང་གཏོང་བ།

གྲོས་ཚོགས་གོང་མ།

༩། སྒྲོག་སྦྱང་དང་པོ།

ཁྲིམས་འཆར་གྲོས་ཚོགས་གོང་མའི་ནང་ངོ་སྤྲོད་བྱེད་པ།

༡༠། སྒྲོག་སྦྱང་གཉིས་པ།

གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱི་གྲོས་འཆར་གྱི་རྩ་བའི་དགོངས་ཚུལ་ཐོག་བགྲོ་གླེང་དང་འོས་ཤོག་འཕེན་པ།

༡༡། གྲོས་ཚོགས་གོང་མའི་དམིགས་བསལ་ཚོགས་ཆུང་།

ཁྲིམས་འཆར་དེའི་ཐོག་མི་མང་གི་བསམ་ཚུལ་བསྡུ་ལེན་གྱིས་གྲོས་ཚོགས་གོང་མར་སྙན་སེང་ཞུ་བ།

༡༢། ཚོགས་ཆུང་ཡོངས་རྫོགས།

གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་གྲོས་འཆར་གྱི་ཚིག་བརྗོད་ཞིབ་ཕྲ་དང་། འགྱུར་བ་གང་གཏོང་དགོས་མིན་སོགས་བགློ་གླེང་ངམ་རྩོད་གླེང་བྱེད་པ།
༡༣། སྒྲོག་སྦྱང་གསུམ་པ།

གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་ཁྲིམས་འཆར་མཐའ་མའི་ཐག་གཅོད་ཀྱི་ངོ་བོར་འོས་ཤོག་འཕེན་པ།

༡༤། ཁྲིམས་འཆར་གཏན་འབེབ།

གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་གཏན་འབེབ་བྱེད་པ།

༡༥། སྤྱི་ཁྱབ་སྲིད་སྐྱོང་།

སྤྱི་ཁྱབ་སྲིད་སྐྱོང་གིས་རྒྱལ་མོའི་ཚབ་བྱས་ནས་གཏན་འབེབ་བྱས་པའི་ཁྲིམས་འཆར་ཐོག་མཚན་རྟགས་འགོད་པ་དང་། ཁྲིམས་འཆར་དེ་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་དང་། ཨོ་སི་ཊོ་ལི་ཡའི་ཁྲིམས་སྲོལ་ཞིག་ཏུ་གྱུར་བ་ཡིན།

ཁ་མིག་ཡར་བལྟ།

ང་ཚོ་བོད་མིའི་གཏམ་དཔེར་ཁ་མིག་ཡར་བལྟ་གསུང་རྒྱུ་ཡོད་པ་ལྟར། ཡར་རྒྱས་དང་། ཞི་བདེ། འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་རྣམས་ལ་ཁ་མིག་ཡར་བལྟ་བྱེད་རྒྱུ་ནི་རང་ཉིད་འགྱེལ་ས་ནས་ལངས་པར་ཕན་ཐོགས་ཡོད་པ་སྨོས་ཅི་དགོས། དེ་བས་ཁོང་ཚོ་ཡར་རྒྱས་ལ་སོང་བའི་རྨང་གཞི་ནི། རྒྱལ་ཁབ་འདི་གྲོས་ཚོགས་དཀྱིལ་སྙིང་དུ་འཁོད་པའི་མང་གཙོའི་ཀ་བ་གསུམ་ལྡན་ནམ། ཡང་ན་གསར་འགོད་རང་དབང་ཅན་གྱི་ཀ་བ་བཞི་བོ་ཚད་དང་ལྡན་པ་ཞིག་ཡིན་པས་རེད། གོང་འཁོད་ཁྲིམས་འཆར་གཏན་འབེབ་བྱེད་སྟངས་འདི་ནས་མཐོང་ཐུབ་པ་ནི། ཁྲིམས་འཆར་ཞིག་གཏན་འབེབས་བྱེད་པར་བྱ་རིམ་བཅོ་ལྔ་ཙམ་བརྒྱུད་ནས་གཏན་འབེབ་བྱུང་བ་དེ་ཡང་བསྲེགས་བཅད་བརྡར་བའི་གསེར་ལྟ་བུ་ཞིག་ཡོང་གི་ཡོད་པ་ནི་སྨོས་མེད་རེད། བྱ་རིམ་དེ་དག་ལས་མཐོང་ཐུབ་པ་ནི་ཁྲིམས་འཆར་ཞིག་གཏན་འབེབ་བྱེད་པར། མི་ལ་བློ་གྲོས་ལྡན་པ་དང་། བསམ་ཤེས་ཐུབ་པ། ཞིབ་ཚགས་ཆེ་བ། དྲང་བདེན་སྐྱོང་བ། གུ་ཤངས་བྱེད་པ། བརྒྱུད་རིམ་ལྡན་པ་སོགས་རེད། འོན་ཀྱང་། ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྟེང་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་གནས་དབྱུང་གཏོང་བའི་གྲོས་ཆོད་དེ་ནི། བློ་གྲོས་མི་ལྡན་པ། བསམ་ཤེས་མེད་པ། ཞིབ་ཚགས་མེད་པ། དྲང་བདེན་མེད་པ། གུ་ཤངས་མེད་པ། བརྒྱུད་རིམ་མི་ལྡན་པ། ཐ་ན་ཞལ་རྫུན་གསུང་པ་སོགས་ཁྲིམས་ལུགས་དང་རྒྱབ་འགལ་ལ་སོང་བའི་ཐབས་རྡུགས་ཀྱི་གནས་ཚུལ་འདི་བྱུང་བ་རེད།

ཞུ་སྐུལ།

ཕྱི་ལོ་༢༠༡༩་ལོ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ཟེར་བའི་ཆེས་འཇིགས་རུང་གི་ན་ཚ་དེ་འཛམ་གླིང་ཡོངས་ལ་ཁྱབ་ནས། འགྲོ་བ་མི་ས་ཡ་མང་པོའི་གཅེས་པའི་ཚེ་སྲོག་འཕྲོག་པ་དང་། རྒྱལ་ཁབ་ཚང་མར་དཔལ་འབྱོར་དང་། སྤྱི་ཚོགས་བདེ་དོན། ཚོང་ལས་སོགས་ལ་བསམ་ཡུལ་ལས་འདས་པའི་གྱོང་གུན་ཕོག་པའི་སྐབས་སུ། དབུ་ཁྲིད་ལེགས་ཉེས་དང་། མི་མང་ལ་གོ་རྟོགས་ལེགས་ཉེས་ཀྱི་རྐྱེན་པས་རིམས་ནད་ལ་ཁ་གཏད་གཅོད་པའི་ཐབས་ལམ་དང་གྲུབ་འབྲས་ལ་གནམ་ས་ལྟ་བུའི་ཁྱད་པར་ཤོར་ཡོད། རང་རེའི་བོད་མིའི་སྒྲིག་འཛུགས་ནས་ཀྱང་དེ་ལ་དཔག་པའི་ཐབས་ལམ་བཙལ་ནས་ཏོག་དབྱིབས་རིམས་ནད་ཀྱིས་སྤྲད་པའི་སྒྲིག་འཛུགས་ཀྱི་དཀའ་ངལ་འདི་ལ་བསམ་ཤེས་དང་། གུ་ཡངས། བཟོད་སྒོམ་བྱེད་རྒྱུའི་ཚབ་ལ། རིམས་ནད་སྒྲིག་འཛུགས་ནས་ཁྱབ་པ་སྔོན་འགོད་བྱེད་མ་ཐུབ་པར་མང་གཙོའི་སྒྲོམ་གཞི་སྦོ་ལུག་བཅུག་པའི་གནས་ཚུལ་འདི་འདྲ་ནི་མི་ལོ་དྲུག་ཅུའི་རིང་བྱུང་མ་མྱོང་བའི་གོད་ཆགས་དང་། ལོ་རྒྱུས་ནང་གི་ནག་ཉེས་ཆེན་པོ་ཞིག་ལགས་ན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་འགན་ལེགས་པོ་མ་ཁུར་བ་དང་སྤྱི་འཐུས་རྣམ་པའི་ཁྲིམས་འགལ་བྱས་པར་རང་གནོང་ངོས་ལེན་ཡོད་པའི་སྒོ་ནས། བཅའ་ཁྲིམས་དང་འགལ་བའི་གྲོས་ཆོད་དེ་བཞིན་ཕྱིར་འཐེན་གྱིས་ཁྲིམས་ཞིབ་པ་ལས་གནས་སུ་རང་འཇགས་བསྐོ་འཇོག་བྱེེད་གལ་ཆེ་བར་མཐོང་།

མཆན། གོང་བཀོད་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༧ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 3

  1. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 5 སྔོན།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་འོག་ཏུ་མང་གཙོའི་ཀ་བ་གསུམ་ནས་འགན་ཁུར་བཞེས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ལས་དོན་ཡོངས་རྫོགས་སྒྲུབ་དགོས་པ་ནས་ཉེ་ལམ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་དོན་ཚན་ ༦༣ གི་ནང་གསེས་ ༤ པའི་འོག་ཏུ་འགན་ཁུར་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆ་ཚང་གནས་དབྱུངས་བཏང་པ་དེ་བཅའ་ཁྲིམས་ཀྱི་དོན་ཚན་དང་མཐུན་གྱི་མེད་པ་ནི་བཅའ་ཁྲིམས་དོན་ཚན་ ༦༣ དེ་ཁྲིམས་ཞིབ་ཚོའི་ལས་ཡུན་ལོ་ཚད་ཡིན་པ་དང་ཆེས་མཐོའི་ཁྲིམ།ས་ཞིབ་ཁང་འཕོ་འགྱུར་གཏོང་རྒྱུའི་བཅའ་ཁྲིམས་ཀྱི་དོན་ཚན་དེ་དོན་ཚན་ ༥༤ ཡིན་པ་ནས་ཡིག་ཆ་ཨང་ ༣༩ དེ་བཅའ་ཁྲིམས་ཀྱིས་དོའ་ཚན་དང་ཕྱོགས་མཐུན་བྱུང་མེད་པ་ནས་ཁྲིམས་འགལ་གྱི་གྲོས་འཆར་ལ་ངོས་འཛིན་ཞུ་གི་ཡོད་ལ་སྤྱི་འཐུས་གྲོས་ཚོགས་ཀྱི་གྲོས་འཆར་དེ་ནོར་ཡོད་པ་སྤྱི་འཐུས་ཚོགས་གཙོ་དང་མདོ་སྨད་སྤྱི་འཐུས་བློ་བཟང་ཆོས་འབྱོར་གཉིས་བཟང་སྤྱོད་ལ་འགན་ཁུར་ནས་རྩ་དགོང་ཞུས་པ་མ་རེད་དམ་?

    Reply
  2. སྟོབས་ལགས says:
    ལོ་ 5 སྔོན།

    གཏོར་བཤིག་གྱི་རང་སྒྲ།
    བོད་~ པ་~ ཚོ་ ཡེ་~ གཏོར་~ བཤིག་~ དགའ་ ཡ།
    གཏོར་~ བཤིག་~ གཏོང་ ཡ།
    ཨ་ ~ཕའི་ གདོང་~གི་ སྐྱོ་~བ་ བསམ་~ ནས ~ །
    བོད་~ པ་~ ཚོ་ ~ གཏོར་~ བཤིག་~ དགའ་ ཡ།
    གཏོར་~ བཤིག་~ གཏོང་ ཡ།
    མདོ་ ~དབུས་ ཁམས་~གསུམ་ གཏོར་~ བཤིག་ བྱོས་ ~ ཡ~ །
    མདོ་~ དབུས་~ ཁམས་~ གསུམ་ ཡེ~
    གཏོར་~ བཤིག་~ དགའ་ ཡ། གཏོར་~ བཤིག་~ གཏོང་ ཡ། ~ གྱིས ཡ །
    ཨ་ ~མའི་ སེམས་~ཀྱི་ མིག་~ཆུ་ བསམ་~ ནས~ ཡེ ~ །
    བོད་~ པ་~ ཚོ་ ཡེ་~ གཏོར་~ བཤིག་~ དགའ་ ཡ།
    གཏོར་~ བཤིག་~ གཏོང་ ཡ།
    ཁ་ ~བ་ བོད་~པས་ གཏོར་~ བཤིག་~ གཏོང་ ཡ། ~དང་ ཡེ~ །
    ང་ ~ཚོ་ ~ནི་ ཕ་~མ་ གཅིག་~གི་ མིང་~སྲིང་ ཡིན ཡ !
    མི་ ~རིགས་ ཤིག་~གི་ རྒྱུད་~འཛིན་ ཡིན ཡ།
    གདོང་ ~དམར་ བོད་~པ་ ཚོ ཡེ~ །

    བོད་~ པ་~ ཚོ་ ཡེ་~ གཏོར་~ བཤིག་~ དགའ་ ཡ།
    གཏོར་~ བཤིག་~ གཏོང་ ཡ།
    སྐྱིད་ ~སྡུག་ འདྲེས་~པའི་ ལོ་~ཟླ་ བསམས་~ ནས ཡེ~ །
    བོད་~ པ་~ ཚོ་ ཡེ་~ གཏོར་~ བཤིག་~ དགའ་ ཡ།
    གཏོར་~ བཤིག་~ གཏོང་ ཡ།
    སྟོད་ ~སྨད་ བར་~གསུམ་ གཏོར་~ བཤིག་~ གཏོང་ ~དང་ ཡ ~ །
    སྟོད་~ སྨད་~ བར་~ གསུམ་ ཡེ~
    གཏོར་~ བཤིག་~ དགའ་ ཡ།
    གཏོར་~ བཤིག་~ གཏོང་ ཡ།
    ཁ་ ~བ་ གངས་~རིའི་ མདུན་~ལྗོངས་ བསམ་~ ནས ཡེ~ །
    བོད་~ པ་~ ཚོ་ ཡེ་~ གཏོར་~ བཤིག་~ དགའ་ ཡ།
    གཏོར་~ བཤིག་~ གཏོང་ ཡ།
    ཕུ་ ~ནུ་ མིང་~སྲིང་ གཏོར་~ བཤིག་~ གཏོང་ ~དང་~ །
    ང་ ~ཚོ་ ~ནི་ སྟོད་~ཕྱོགས་ འབྲོག་~གི་ ཕྱུགས་~བདག་ ཡིན ཡ།
    སྨད་ ~ཕྱོགས་ རོང་~གི་ ཞིང་~བདག་ ཡིན ཡ།
    གདོང་ ~དམར་ བོད་~པ་ ཚོ ཡེ~ །

    བོད་~ པ་~ ཚོ་ ཡེ་~ གཏོར་~ བཤིག་~ དགའ་ ཡ།
    གཏོར་~ བཤིག་~ གཏོང་ ཡ།
    ངུ་ ~མ་ དགོད་~ཀྱི་ ལས་~དབང་ བསམ་~ ནས ཡེ~ །
    བོད་~ པ་~ ཚོ་ ཡེ་~ གཏོར་~ བཤིག་~ དགའ་ ཡ།
    གཏོར་~ བཤིག་~ གཏོང་ ཡ།

    ཆོལ་ ~ཁ་ གསུམ་~པོ་ གཏོར་~ བཤིག་~ གཏོང་ ~དང་ ཡེ~ །
    བོད་~ པ་~ ཚོ་ ཡེ་~ གཏོར་~ བཤིག་~ དགའ་ ཡ།
    གཏོར་~ བཤིག་~ གཏོང་ ཡ།
    རང་ ~ དབང་~ འཚོ་~བའི་ བདེ་~སྐྱིད་ བསམས་~ ནས ཡེ~ །
    བོད་~ པ་~ ཚོ་ ཡེ་~ གཏོར་~ བཤིག་~ དགའ་ ཡ།
    གཏོར་~ བཤིག་~ གཏོང་ ཡ།
    གཞོན་ ~ནུ་ ཕོ་~མོ་ གཏོར་~ བཤིག་~ གཏོང་ ~དང་ ཡེ~ །
    ང་ ~ཚོ་ ~ནི་ དུས~རབས་ གསར་~པའི་ ཕོ་~ཉ་ ཡིན ཡ།
    ང་ ~ཚོ་ གངས་~རིའི་ བདག་~པོ་ ཡིན ཡ།
    གདོང་ ~དམར་ བོད་~པ་ ཚོ ཡེ~ །

    Reply
  3. སྙན་གྲགས| says:
    ལོ་ 5 སྔོན།

    ཧ་ཅིང་ཡག་པོ་འདུག་མོས་ཐུན་ཡོད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese