མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ག་ཟླ་བའི་རིང་བོད་ནང་དམ་དྲག་སྔར་ལྷག་བྱེད་ཀྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

ས་ག་ཟླ་བའི་རིང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་གྱི་མི་མང་བར་སྐོར་དང་གླིང་སྐོར། རྩེ་སྐོར་སོགས་སུ་འགྲོ་མི་ཆོག་པར་བཟོས་ཏེ་ཆོས་ཕྱོགས་ཀྱི་བྱེད་སྒོར་ཉུང་ཙམ་ཞུགས་དགོས་ཟེར།

ལོ་རེའི་བོད་ཟླ་བཞི་བ་ནི་ས་ག་ཟླ་བ་ཡིན་ཞིང་ཚེས་བཅོ་ལྔའི་ཉིན་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ཀྱི་ཟླ་བ་ཞིག་ཆགས་ཀྱི་ཡོད་པ་ལྟར། བོད་ཕྱི་ནང་གཉིས་དང་ནང་པ་སངས་རྒྱས་པ་ཁྲི་ཕྲག་མང་པོས་ས་ག་ཟླ་བའི་རིང་། ཕྱག་མཆོད་མཇལ་དང་གནས་སྐོར་སོགས་སྡུག་སྤོང་དགེ་སྒྲུབ་ཀྱི་ལས་ལ་བརྩོན་སྲོལ་ཡོད་ནའང་། ཟླ་འདིའི་ཕྱི་ཚེས་ ༩ ཉིན་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཟེར་བས། དོན་ཚན་བཞི་ཅན་གྱི་གྲོས་འདོན་ཡི་གེ་ཟེར་བ་ཞིག་བཏོན་ཏེ། ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་མིང་འོག་ནས། རྒྱལ་ས་ལྷ་སའི་ཁུལ་གྱི་བོད་མི་ཚོ་འདུ་འཛོམས་ཆེ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོར་མི་ཞུགས་པ་དང་བར་སྐོར་དང་གླིང་སྐོར། དེ་བཞིན་རྩེ་ཕོ་བྲང་པོ་ཏ་ལར་རྩེ་བསྐོར་འགྲོ་མི་ཆོག་པ་སོགས་ཀྱི་བཀའ་རྒྱ་བསྒྲགས་འདུག

ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་གྲོས་འདོན་ཡི་གེ་དེའི་ནང་། དད་ལྡན་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་ཏོག་ནད་སྔོན་འགོག་གི་བྱ་ཐབས་ཁག་ལ་རང་འགུལ་ངང་གཞོགས་འདེགས་ཡག་པ་བྱས་ཏེ་འགོག་ཁབ་རང་འགུལ་ངང་གཟེད་པ་དང་། འདུ་འཛོམས་དང་ཕྱིར་ཉུང་ཙམ་བསྐྱོད་པ།  ཁ་རས་རྒྱག་པ་དང་ལག་པ་ཡང་སེ་འཁྲུ་བ། དེ་བཞིན་རྩེ་སྐོར་དང་བར་སྐོར། གླིང་སྐོར་སོགས་འདུ་འཛོམས་ཆེ་སར་མི་འགྲོ་བ་དང་། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་བཟུང་ནས་ཡ་རབས་ངང་བསང་ཁ་བསང་གསོལ་དང་ལུགས་མཐུན་ངང་ཚེ་ཐར་གཏོང་བ་སོགས་བྱེད་དགོས་ཀྱི་ཡོད་སྐོར་དང་། གྲྭ་བཙུན་ཚོས་དུས་བཀག་ལྟར་ཚ་བ་ལྟ་བ་དང་སྤྱི་པའི་འདུ་འཛོམས་བྱ་ཡུལ་་དུ་དུག་སེལ་བྱེད་པ་དང་ཏོག་ནད་འགོག་ཁབ་དུས་ཐོག་ཏུ་གཟེད་དགོས་པ། རང་འགུལ་ངང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཟེར་བ་སྤེལ་བ་དང་ཤིང་འཛུགས་ནགས་བཟོའི་བྱེད་སྒོར་ཞུགས་ཏེ། དགོན་པ་དང་དེའི་མཐའ་འཁོར་གྱི་ཁོར་ཡུག་མཛེས་སུ་གཏོང་དགོས་སྐོར། རྒྱ་ཆེའི་ཡུལ་སྐོར་བས་ཆོས་མཇལ་དང་ཡུལ་སྐོར་བྱེད་རིང་། ཚ་བ་ལྟ་མཁན་ལ་རང་འགུལ་ངང་གཞོགས་འདེགས་བྱས་ཏེ་ལྟ་སྐོར་བྱེད་རིང་ཁ་རས་རྒྱག་པ་དང་། ཡ་རབས་དང་གོ་རིམ་ལྡན་པའི་སྒོ་ནས་ལྟ་སྐོར་བྱེད་པ་ལས་དགོན་པའི་ནང་ཡུན་རིང་མི་སྡོད་པ་དང་མི་མང་པོ་འཛོམས་སར་འགྲོ་མི་ཆོག་སྐོར། དེ་བཞིན། དགོན་སྡེ་ཁག་གིས་དགོན་པའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་གྲྭ་བཙུན་གྱི་གཟུགས་གཞི་བདེ་ཐང་སྲུང་སྐྱོང་། ཏང་དང་སྲིད་གཞུང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་བྱེད་ལ་དོན་འཁྱོལ་ཏན་ཏིག་བྱས་ཏེ་དགོན་པར་ཕྱི་ནས་ཏོག་ནད་འགོ་བའི་ཉེན་ཁར་འགོག་ཟོན་བྱེད་དགོས་སྐོར་སོགས་བརྗོད་འདུག

རྒྱ་ནག་གཞུང་གིས་ལོ་རྟག་པར་ས་ག་ཟླ་བའི་རིང་བོད་མིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་སྔར་ལྷག་བྱེད་ཀྱི་ཡོད་པ་དང་། འདས་ལོར་རྒྱ་ནག་གཞུང་གིས་ཏང་གི་ལས་བྱེད་པ་དང་སློབ་ཕྲུག་ཚོ་ས་ག་ཟླ་བའི་རིང་ཆོས་ཕྱོགས་ཀྱི་བྱེད་ཞུགས་མི་ཆོག་པའི་བཀའ་བསྒྲགས་པ་དང་། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་རྒས་ཡོལ་ལས་བྱེད་པ་དང་གཞུང་ཞབས་རྒས་ཡོལ་ཐོན་པ་རྣམས་དགོན་པར་འགྲོ་མི་ཆོག་པ་སོགས་ཀྱི་བཀའ་བསྒྲགས་ཡོད་ཅིང་། ཕྱོགས་གཅིག་ནས་རྒྱ་ནག་གིས་ཉེ་སྔོན་ཕྱི་ཚེས་ ༡༠ ཉིན་ནས་བོད་རང་སྐྱོང་ལྗོངས་ནང་ཕྱིའི་ཡུལ་སྐོར་བ་ཡོང་ཆོག་པའི་བཀའ་བཏང་བ་དང་ཕྱོགས་གཞན་ཞིག་ནས་ད་ལོར་དམིགས་བསལ་བར་སྐོར་དང་གླིང་སྐོར། རྩེ་སྐོར་སོགས་ལ་འགྲོ་མི་ཆོག་པར་བཟོས་པ་ནི་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པ་གསར་བོ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༨ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༢ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese