མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་ཏོག་དབྱིབས་ཀྱི་ནད་རླབས་གསུམ་པ་ཡོང་སྲིད་པས་གྲ་སྒྲིག་ཨང་གསར་དགོས་པའི་ཉེན་བརྡ་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཏོག་དབྱིབས་ནད་པ་ཛ་དྲག་ཅན་རྣམས་གཙོ་བོར་དམིགས་པའི་རྒྱ་གར་གྱི་ཏོག་དབྱིབས་སྨན་ཕྱེ་ 2DG ལ་སྨན་གཞན་ལས་དྲག་སྐྱེད་ཀྱི་ཕན་ནུས་མགྱོགས་པ་ཡོད་སྐོར་བསྒྲགས་འདུག་ཀྱང་སྨན་ཕྱེ་དེ་བེད་སྤྱོད་གཏོང་ཕྱོགས་དང་གཏན་འབེབ་རིན་གོང་སོགས་ད་ལྟ་ཁ་གསལ་མི་འདུག

རྒྱ་གར་དབུས་འཕྲོད་བསྟེན་ལྷན་ཁང་གི་གྲངས་ཐོ་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༡༢ ནས་བཟུང་ཏོག་དབྱིབས་ནད་པའི་གྲངས་འབོར་བསྟུད་མར་ཆག་མགོ་བརྩམས་ཏེ། ཁ་སང་རྒྱལ་ཡོངས་ནང་ཁྱོན་ནད་པ་གསར་པ་ ༢,༦༧,༣༣༤ ཐོན་ཡོད་འདུག དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༡༧ བར་ཉིན་ལྟར་ཆ་སྙོམས་ཀྱིས་ཏོག་དབྱིབས་གཉན་རིམས་ཀྱི་བརྟག་དཔྱད་འབུམ་ ༡༨།༤༥ ལྷག་བྱས་ཡོད་ཅིང་། དེའི་ཁྲོད་ནས་མི་གྲངས་ཀྱི་བརྒྱ་ཆ་ ༡༦།༩ ལ་ཏོག་དབྱིབས་གཉན་རིམས་འགོས་ཡོད་ལ། སྤྱི་ཡོངས་ནས་འདས་པའི་བདུན་ཕྲག་གཉིས་ནང་། རྒྱ་གར་གྱི་ཛ་དྲག་ཆེ་བའི་མངའ་སྡེ་མ་དྷི་ཡ་པར་དྷེ་ཤི་དང་། ཨུ་ཏར་པར་དྷེ་ཤི། ཏེ་ལང་གྷ་ཎ། མཱ་ཧཱ་ར་ཤི་ཏྲ་བཅས་ནང་གི་རྫོང་ཁག་ ༡༩༩ ལྷག་གི་ཏོག་དབྱིབས་ནད་པའི་གྲངས་འབོར་མར་ཆག་མུས་ཡིན་འདུག་ལ། ཁ་སང་རྒྱ་གར་དབུས་གཞུང་གི་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྨན་པ་ཝི་ཀེ་པཱོལ་ (V K Paul)གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་སྔོན་འགོག་གི་ཐབས་ཇུས་ལག་བསྟར་ཚགས་ཚུད་བྱས་པར་བརྟེན་གཉན་རིམས་ཀྱི་ནད་རླབས་གཉིས་པ་མར་འཇགས་ཀྱི་ཡོད་ནའང་། ཏཱ་མིལ་ན་ཌུ་དང་ཨན་དྷ་ར་པར་དྷེ་ཤི ནུབ་སྦེལ་གྷལ། ཨོ་ཌི་ཤ་བཅས་ཀྱི་གནས་སྟངས་ད་དུང་ཛ་དྲག་པོ་ཡིན་སྐོར་བརྗོད་འདུག་པ་ལྟར། ཁ་སང་ཉིན་གཅིག་ནང་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིགས་གཉན་རིམས་ཀྱི་རྐྱེན་པས་མི་གྲངས་ ༤༥༢༩ འདས་གྲོངས་སུ་གྱུར་ཡོད་ཅིང་། དེ་ནི་རྒྱ་གར་གྱི་ཉིན་གཅིག་གི་ནང་ནད་པའི་འདས་གྲངས་མཐོ་ཤོས་དེ་ཆགས་ཡོད་འདུག

ད་ལྟ་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པ་དེ་ཁྱབ་གདལ་འགྲོ་མུས་ཡིན་པའི་སྒང་དེར། རྒྱ་གར་གྱི་མགོ་འཁྲིད་དང་འཕྲོད་བསྟེན་མི་སྣའི་ཁྲོད་རྒྱ་གར་ནང་ནད་རླབས་གསུམ་པ་བསླེབ་ཉེན་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད། དེ་ཡང་བདུན་ཕྲག་སྔོན་མར་རྒྱ་གར་གྱི་ཚན་རིག་སློབ་སྟོན་པ་གཙོ་བོ་ (Principal Scientific Adviser) སྐུ་ཞབས་ཀེ་ཝེ་ཇེ་ར་གྷ་ཝན་(K VijayRaghavan)ལགས་ཀྱིས། ད་ལྟའི་ཆར་ཏོག་དབྱིབས་གཉན་སྲིན་གྱི་རྫས་རྒྱུན་འགྱུར་བཞིན་པའི་གནས་སྟངས་འོག རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གསུམ་པ་བསླེབ་ངེས་ཡིན་སྐོར་དང་། དེའི་ཆེད་དུ་ད་ལྟ་ནས་གྲ་སྒྲིག་དགོས་སྐོར་བརྗོད་ཡོད་ཅིང་། རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ངོས་ནས་ཀྱང་དབུས་གཞུང་ལ་ནད་རླབས་གསུམ་པའི་ཆེད་དུ་ད་ལྟ་ནས་སྲོག་རླངས་བཀོད་སྒྲིག་སོགས་ཀྱི་ཐད་ནས་གྲ་སྒྲིག་ཨང་གསར་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་རེད།

དེ་ཙམ་དུ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཀེ་ཇི་རི་ཝཱལ་ (Arvind Kejriwal) ལགས་ཀྱིས། ད་ལྟ་སིང་གྷ་པུར་ (Singapore) དུ་ཐོན་བཞིན་པའི་རྣམ་པ་མི་འདྲ་བའི་ཏོག་དབྱིབས་གཉན་སྲིན་དེ་བྱིས་པ་རྣམས་ལ་ཧ་ཅང་ཉེན་ཚབས་ཆེན་པོ་ཡིན་པ་མ་ཟད། དེ་ཉིད་རྒྱ་གར་ནང་ནད་རླབས་གསུམ་པའི་ཚུལ་དུ་བསླེབ་སྲིད་པར་བརྟེན། དབུས་གཞུང་ངོས་ནས་འཕྲལ་དུ་སིང་གྷ་པུར་དང་མཁའ་ལམ་འགྲིམ་འགྲུལ་འགོག་དགོས་པ་མ་ཟད། རྒྱལ་ནང་དུ་བྱིས་པར་སྔོན་འགོག་སྨན་ཁབ་བརྒྱབ་རྒྱུའི་ལས་གཞི་མྱུར་དུ་གཏོང་དགོས་པའི་རེ་སྐུལ་ཞུས་ཡོད་འདུག འོན་ཀྱང་སྤྱི་ཁྱབ་བློན་ཆེན་གྱི་གནས་ཚུལ་དེ་སྤེལ་བའི་རྗེས། སིང་གྷ་པུར་གྱི་འཕྲོད་བསྟེན་ལྷན་ཁང་ངོས་ནས་ཡུལ་དེའི་ནང་ཏོག་དབྱིབས་གཉན་སྲིན་གསར་པ་ཐོན་མེད་སྐོར་གྱི་བརྡ་ལན་སྤྲད་ཡོད་འདུག

འཕྲོད་བསྟེན་གྱི་ཞིབ་འཇུག་སྙན་ཐོ་སྐོར་ཞིག་གི་ནང་། རྒྱ་གར་གྱི་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་དང་པོའི་ནང་ལོ་རྒན་པ་དང་། ད་ལྟའི་ནད་རླབས་གཉིས་པའི་སྐབས་སུ་གཞོན་པར་དོ་ཕོག་ཤུགས་ཆེ་བ་སྤྲོད་བཞིན་ཡོད་པ་ལྟར། ནད་རླབས་གསུམ་པའི་སྐབས་བྱིས་པར་ཉེན་ཚབས་ཆེན་པོ་ཡོད་སྐོར་གྱི་ཚོད་དཔག་བྱས་ཡོད་། དེ་བཞིན་འདས་པའི་ཉམས་མྱོང་ལྟར་ནའང་། ནད་རླབས་དང་པོའི་ནད་པའི་ཁྲོད་ནས་བྱིས་པའི་བརྒྱ་ཆ་ ༢ མ་གཏོགས་ལོངས་ཀྱི་མེད་ཀྱང་། ནད་རླབས་གཉིས་པའི་སྐབས་བརྒྱ་ ༡༡ ལ་འཕར་ཡོད་སྟབས། གནས་སྟངས་དེའི་འོག་ནད་རླབས་གསུམ་པའི་སྐབས་བརྒྱ་ཆ་ ༢༨ ནས་ ༣༠ ལ་འཕར་སྲིད་སྐོར་བརྗོད་ཡོད། ཡིན་ནའང་། རྒྱ་གར་གྱི་འཕྲོད་བསྟེན་ཆེད་མཁས་པ་རྣམས་ཀྱིས་ད་ལྟའི་ཆར་ནད་རླབས་གསུམ་པས་བྱིས་པ་ཚོར་ཉེན་ཚབས་ཆེན་པོ་སྤྲད་སྲིད་པའི་ཞིབ་འཇུག་གི་གྲུབ་དོན་གང་ཡང་མེད་སྟབས། དེར་འཇིགས་སྣང་བྱེད་དགོས་དོན་མེད་ནའང་གཞུང་ངོས་ནས་དེ་ལྟར་ཡོང་སྲིད་པར་གྲ་སྒྲིག་དགོས་སྐོར་རྗོད་ཀྱི་འདུག

གང་ལྟར་ཡང། ཆེད་མཁས་མི་སྣའི་ཁྲོད་ནད་རླབས་གསུམ་པར་གྲ་སྒྲིག་གི་ཆེད་དུ་བྱིས་པ་རྣམས་ལ་གང་མགྱོགས་སྔོན་འགོག་སྨན་ཁབ་བརྒྱབ་དགོས་པའི་བསམ་ཚུལ་འདོན་མཁན་མང་པོ་བྱུང་བ་བཞིན། དེ་རིང་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་སྨན་རྫས་དོ་དམ་ལས་ཁུངས་ངོས་ནས་རྒྱ་གར་གྱི་བྷ་རཏ་སྐྱེ་དངོས་འཕྲུལ་རིག་བཟོ་གྲྭ་ (Bharat Biotech) ཡིས་བཟོ་སྐྲུན་བྱས་པའི་ཁོ་ཝེག་སིན་ (Covaxin) སྔོན་འགོག་སྨན་ཁབ་དེ་ལོ་ན་ ༢ ནས་ ༡༨ བར་གྱི་ཕྲུ་གུ་རྣམས་ལ་དངོས་སུ་ཚོད་ལྟ་བྱ་རྒྱུའི་ཆོག་མཆན་སྤྲད་ཡོད་པ་རེད་འདུག

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་དང་བདེ་སྲུང་བློན་ཆེན་རྣམ་གཉིས་ཀྱིས། རྒྱ་གར་བདེ་སྲུང་ལྷན་ཁང་གི་ཁྱབ་ཁོངས་བདེ་སྲུང་ཉམས་ཞིབ་དང་ཡར་རྒྱས་ལྟེ་གནས་ཁང་ (Defence Research and Development Organisation) དང་། རྒྱ་གར་གྱི་སྒེར་གཉེར་སྨན་པ་རེ་ཌི་ཡི་བརྟག་དཔྱད་ཁང་ (Dr. Reddy’s Laboratories) གཉིས་ཀྱིས་མཉམ་འབྲེལ་ཐོག་བཟོ་སྐྲུན་བྱས་པའི་ཏོག་དབྱིབས་གཉན་རིམས་ཀྱི་སྨན་ཕྱེ་2-DG  (2-deoxy-D-glucose) ཞེས་པ་དབུ་འབྱེད་གནང་ཡོད་ཅིང་། སྨན་ཕྱེ་དེ་ནི་རྒྱ་གར་རང་གིས་བཟོས་པའི་ཏོག་དབྱིབས་སྨན་ཐོག་མ་དེ་ཡིན་པ་རེད། སྨན་ཕྱེ་དེ་གནས་སྟངས་ཛ་དྲག་ཡིན་པའི་ཏོག་དབྱིབས་ནད་པ་ཚོར་དམིགས་པ་ཞིག་ཡིན་འདུག་ཀྱང་། ད་ལྟའི་ཆར་སྨན་ཕྱེ་དེ་བེད་སྤྱོད་གཏོང་ཕྱོགས་དང་གོང་ཚད་སོགས་ཁ་གསལ་མི་འདུག འཕྲོད་བསྟེན་བློན་ཆེན་གྱིས་འགྲེལ་བརྗོད་གནང་བ་ལྟར་ན། སྨན་ཕྱེ་དེ་ད་ལྟ་སྤྱོད་བཞིན་པའི་སྨན་གཞན་དང་བསྡུར་ན། ནད་པ་རྣམས་དྲག་སྐྱེད་ཡོང་རྒྱུ་མྱུར་དུ་གཏོང་བ་མ་ཟད། འཕྲུལ་ཆས་ཀྱི་སྲོག་རླུང་ལ་དེ་ཙམ་བརྟེན་མི་དགོས་པའི་ཕན་ཐོགས་ཡོད་པ་དང་། སྨན་དེའི་གྲུབ་ཆ་སོགས་ཀྱི་ཆ་ནས་དུས་ཚོད་ཐུང་ཐུང་ནང་ཕོན་ཆེན་པོ་བཟོ་སྐྲུན་བྱེད་ཐུབ་ཀྱི་ཡོད་པར་བརྟེན། ཡོང་རྒྱུའི་ཕྱི་ཟླ་ ༦ པའི་ཚེས་ཤར་ལ་སྨན་དེ་སྨན་ཁང་ཚང་མའི་ནང་ཡོད་པར་བྱ་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    རྒྱ་ནག་གི་བཟོས་པའི་ཏོག་དབྱིབས་ནད་འབུའི་འཇབ་རྒོལ་གསུམ་པའི་ཉེན་ཁ་རྒྱ་གར་ནང་ཡོང་གི་ཡོད་ན་ང་རང་ཚོ་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལྷན་ཁང་ནས་ནད་འབུ་སྔོན་འགོག་གི་ཁབ་མཁོ་སྒྲུབ་གནང་དགོས་པ་དེ་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ལ་གཞིས་ཆགས་སོ་སོའི་ས་གནས་འཕྲོད་བསྟེན་སྨན་ཁང་ནང་སྲོག་རླུངས་གང་མང་སྔ་ས་ནས་སྒྲ་སྒྲིག་ཨང་སར་དགོས་པ་སོགས་གལ་ཆེན་དོན་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese