མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་འདོན་དགོས་པའི་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

 དེ་རིང་ཉི་ཧོང་ནང་གི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཉན་ཞིབ་སྟེང་ཨ་རི་ལྟར་ཉི་ཧོང་གྲོས་ཚོགས་ངོས་ནས་ཀྱང་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་འཆར་འདོན་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་ནང་གི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་ཀྱི་ཉན་ཞིབ་དེའི་སྟེང་། ད་ལྟ་རྒྱ་ནག་གཞུང་གིས་བོད་ཀྱི་སློབ་གྲྭ་ཁག་ནང་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱ་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་པ་མ་ཟད། བོད་ཀྱི་ཆོས་ལུགས་ལས་དོན་དང་དགོན་སྡེ་ཁག་གི་འཛིན་སྐྱོང་ལམ་ལུགས་ལ་ཐེ་ཇུས་བྱེད་པ་སོགས་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་སྔར་བས་ཤུགས་ཆེར་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་དང་འབྲེལ། འདས་ལོར་ཨ་རིའི་གཞུང་གིས་གཏན་འབེབ་བྱས་པའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་ཡིག་ (Tibet Policy and Support Act of 2020) སྐོར་འགྲེལ་བརྗོད་དང་སྦྲགས། ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཀྱང་དེ་ལྟ་བུའི་ཁྲིམས་འཆར་ཞིག་འདོན་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཉི་ཧོང་གི་གྲོས་ཚོགས་འོག་མའི་ལས་ཁུངས་སུ་གོ་སྒྲིག་ཞུས་པའི་ཉན་ཞིབ་དེར་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ ༣༠ ལྷག་མཉམ་ཞུགས་གནང་ཡོད་ཅིང་། ཉན་ཞིབ་གཙོ་སྐྱོང་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝ་ཏ་ན་པེ་ཤུ་ (Watanabe Shu) ལགས་ཀྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ཉན་ཞིབ་འདི་ནི། ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་ཤེས་རྟོགས་བྱེད་ཐབས་དང་། བོད་དོན་ལ་རྒྱབ་སྐྱོར་ཇི་ལྟར་བྱེད་དགོས་མིན་འབད་རྩོལ་གྱི་ཆ་ཤས་ཤིག་ཡིན་སྐོར་བརྗོད་ཡོད་འདུག

དེ་བཞིན་ཉན་ཞིབ་སྟེང་ཉི་ཧོང་གི་ཊོ་ཀྱོ་གཙུག་ལག་སློབ་གྲྭ་ཆེན་མོའི་ (University of Tokyo) ཁྲིམས་ལུགས་དང་ཆབ་སྲིད་སློབ་གླིང་གི་སློབ་དཔོན་སྐུ་ཞབས་སཱ་ཊོ་ཤི་ཧི་རཱ་ཎོ་ (Satoshi Hirano) ལགས་ཀྱིས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་བོད་ནང་བཙན་འཛུལ་གྱིས་བོད་ཀྱི་ཆོས་རིག་སྐད་ཡིག་དང་བཅས་པ་གཏོར་བརླག་གཏོང་རྒྱུའི་སྲིད་ཇུས་ཇི་སྤེལ་དང་། ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་ཧན་མི་རིགས་སྔར་བས་ཕོན་ཆེན་གནས་སྤོ་བྱས་ཏེ། བོད་མི་རྣམས་ལ་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱ་རྒྱུར་འགོག་རྐྱེན་ཆེན་པོ་འཕྲད་ཀྱི་ཡོད་པ་དང་། བོད་ནང་གི་སློབ་གྲྭ་ཁག་གི་སློབ་འཁྲིད་སྐད་ཡིག་དེ་བོད་ཡིག་ནས་རྒྱ་ཡིག་ཏུ་སྒྱུར་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་སྐོར་དང། དེ་བཞིན་བོད་ནང་རང་གི་རིག་གཞུང་དང་ཁྲིམས་ལུགས་ཐོབ་ཐང་སྲུང་སྐྱོབ་ཐད་གོང་རིམ་ལ་ཞུ་གཏུག་བྱེད་མཁན་གྱི་བོད་མི་རྣམས་གང་བྱུང་བཙོན་འཇུག་བཀག་ཉར་བྱེད་ཀྱི་ཡོད་སྐོར་གྱི་གནས་སྟངས་འགྲེལ་བརྗོད་གནང་ཡོད་འདུག

གཞན་ཡང་། ཉན་ཞིབ་སྟེང་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ངོས་ནས་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་ལོ་ངོ་ ༢༦ འཁོར་བའི་ཉིན་མོ་དང་བསྟུན་དབུ་འབྱེད་བྱས་པའི་རྐུ་ལ་ཤོར་བའི་བོད་ཀྱི་བྱིས་པ་ (Tibet’s Stolen Child) ཞེས་པའི་དབྱིན་ཡིག་དཔེ་དེབ་ཉི་ཧོང་སྐད་ཐོག་བསྒྱུར་བ་དེ་ཉིད་གྲོས་ཚོགས་འཐུས་མི་རྣམས་ལ་ཕུལ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese