མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟླ་ས་ག་ཟླ་བའི་ཚེས་ ༡༥་ཉིན་འཛམ་གླིང་གི་སྟོན་པའི་རྗེས་འཇུག་པ་ཡོངས་ལ་འཚམས་འདྲིའི་གསུང་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཟླ་ས་ག་ཟླ་བའི་ཚེས་ ༡༥ སྟེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྟོན་པའི་རྗེས་འཇུག་པ་ཡོངས་ལ་འཚམས་འདྲི་གནང་བ་དང་དྲ་ལམ་བརྒྱུད་བཀའ་ཆོས་སྩལ།

དེ་ཡང་འཚམས་འདྲིའི་གསུང་འཕྲིན་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། སངས་རྒྱས་པའི་ཆོས་ནི་ལག་ལེན་ལ་གཞིར་བཞག་པ་ཞིག་ཡིན་པ་དང་། དེ་ནི་རྒྱལ་ཁབ་དང་ཚོགས་སྡེ་བྱེ་བྲག་ཞིག་ལ་མིན་པར་འགྲོ་བ་ཡོངས་ལ་གསུངས་པ་ཞིག་རེད། མི་ཚོས་རང་ཉིད་ཀྱི་ཁམས་དང་མོས་པ་ལ་བརྟེན་ནས་ཉམས་ལེན་གནང་ཆོག་པ་ཞིག་རེད། དཔེར་ན་ངོས་རང་བྱིས་པ་ཡིན་སྐབས་ནས་ནང་བསྟན་ལ་སྦྱང་བ་བྱེད་མགོ་བཙུགས་ཡོད་པ་དང་། ད་ལྟ་རང་ལོ་ ༨༦ ལ་སླེབས་ཡོད་ནའང་མུ་མཐུད་སྦྱོང་གི་ཡོད་པ་རེད། དེ་བས་ངོས་ཀྱིས་རྟག་ཏུ་སངས་རྒྱས་ཆོས་ཀྱི་རྗེས་འབྲངས་པ་རྣམས་ལ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་རེད་ཅེས་རྗོད་ཀྱིན་ཡོད། ཅེས་དང་། ཡང་མགོན་པོ་གང་ཉིད་ནས། སྟོན་པའི་དུས་སྐབས་ནས་ད་བར་འཛམ་གླིང་ལ་འགྱུར་ཆེན་པོ་ཐེབས་ཡོད་པ་དང་། ད་ལྟ་ལོ་ངོ་ ༢༦༠༠ ཙམ་ཕྱིན་ཡོད་ནའང་། སྟོན་པའི་བཀའ་གསུང་གི་སྙིང་བོ་རྣམས་ད་ལྟའི་དུས་སུའང་འབྲེལ་བ་ཆེན་པོ་ཡོད་པ་རེད། པ་ལིའི་ལུགས་དང་ལེགས་སྦྱར་གྱི་ལུགས་གཉིས་ཀར་ཉོན་མོངས་དང་སྡུག་བསྔལ་ལས་གྲོལ་བའི་ལམ་ཡོད་པ་རེད། བཅོན་ལྡན་འདས་ཀྱིས་དུས་ནམ་ཡིན་ཡང་ཐབས་ལམ་ཡོད་རྒུ་ལ་བརྟེན་ནས་གཞན་ལ་གནོད་འཚེ་བྱེད་པ་སྤོངས་བ་དང་གཞན་ལ་ཕན་པ་བྱེད་དགོས་པ་གསུངས་ཡོད་པ་རེད། ཅེས་གསུངས་འདུག

ཡང་རང་ཉིད་ལ་བདེ་སྐྱིད་ཡོང་ཐབས་སུ་བྱམས་བརྩེ་གོང་འཕེལ་གཏོང་དགོས་སྐོར་ལ་གསུང་འཕྲིན་གྱི་ནང་། འགྲོ་བ་གཞན་ཀྱང་རང་ཉིད་ལྟར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན་པ་ངོས་འཛིན་བྱས་པའི་ཐོག་ནས། གཞན་ལ་གནོད་འཚེ་བྱེད་པ་སྤོངས་བ་དང་ཕན་པ་བསྒྲུབས་པ་མགོ་འཛུགས་བྱེད་ཐུབ་པ་ཞིག་ཡིན་པ་དང་། སྡུག་བསྔལ་ལས་གྲོལ་ཏེ་རང་དབང་དང་བདེ་སྐྱིད་ཀྱི་དོན་དུ་འབད་པ་ནི་སྐྱེས་དུས་ནས་ཡོད་པའི་ཐོབ་ཐང་ཞིག་ཡིན་ནའང་། སྒེར་གྱི་བདེ་སྐྱིད་ནི་གཞན་ལ་ཅི་བྱས་ནས་འབྱུང་གི་ཡོད་སྟབས། རང་ཉིད་ཁོ་ན་སྙམ་པའི་བསམ་བློ་སྟེ་རང་ཉིད་ཀྱི་སྡུག་བསྔལ་མང་པོ་ཞིག་གི་འབྱུང་ཁུངས་ཡིན་པའི་བློ་དེ་ཤུགས་ཆུང་དུ་བཏང་སྟེ། གཞན་ལ་གུས་བརྩི་བྱེད་པ་དང་། གཞན་གྱི་བདེ་སྡུག་ལ་སེམས་འཁུར་བྱེད་པའི་ཐོག་ནས་རང་ཉིད་ཀྱི་བྱམས་བརྩེའི་ནུས་པ་ཆེ་རུ་གཏོང་བ་ནི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན་སྐོར་དང་། དེ་རིང་གི་དུས་བཟང་ཉིན་མོར་སངས་རྒྱས་པའི་ཆོས་ཀྱི་རྗེས་འབྲངས་པ་ཚོས་རྡོ་རྗེ་གདན་དང་ལུམྦི་ནི། དེ་བཞིན་ཁན་ཌི་ (Kandy) སོགས་སྟོན་པའི་གནས་རྩ་ཆེན་ཁག་ཏུ་སྨོན་ལམ་གསུང་གི་ཡོད་པ་དང་། འཛམ་གླིང་ཁྱོན་ཡོངས་སུ་དཀའ་ངལ་དང་ན་ཟུག་ཆེན་པོ་འཁྱེར་ཡོང་མཁན་གྱི་ཏོག་དབྱིབས་གཉན་རིམས་ཚུད་པའི་གོ་ལའི་འཇིགས་པ་ཐམས་ཅད་ཞི་ཐབས་སུ་ཚང་མས་མཉམ་དུ་གདོང་ལེན་བྱེད་དགོས་སྐོར་སོགས་གསུངས་འདུག

དེ་བཞིན། དེ་རིང་སྔ་དྲོའི་ཆུ་ཚོད་ ༨ ཙམ་གྱི་སྟེང་། སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་དགོན་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་སོག་ཡུལ་རྒྱལ་ཡོངས་ས་ག་ཟླ་བའི་དུས་ཆེན་སྲུང་གཙི་དང་འབྲེལ་བཀའ་སློབ་སྩལ་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདག་ཉིད་བདག་གི་མགོན་ཞེས་གསུངས་ཡོད་པ་བཞིན་རང་ཉིད་ཀྱི་བདེ་སྡུག་དེ་རང་ཉིད་ཀྱི་ལག་ཏུ་ཡོད་པ་གསུང་གི་ཡོད་པ་དང་། ཆོས་ལུགས་གཞན་གྱིས་རང་ཉིད་ཀྱི་བདེ་སྡུག་དེ་དཀོན་མཆོག་གི་ལག་ཏུ་ཡོད་པ་ཞིག་ཡིན་སྟབས། སངས་རྒྱས་པའི་ཆོས་ཀྱིས་སོ་སོ་མི་ཡག་པོ་ཞིག་བྱས་པ་དང་ལས་བཟང་པོ་བསགས་ཚེ་རང་ཉིད་ལ་བདེ་སྐྱིད་ཡོང་བ་ཞིག་དང་། ལས་བཟང་པོ་ཞིག་བྱེད་མ་ཐུབ་ཚེ་སངས་རྒྱས་ཀྱིས་ཀྱང་སྐྱོབ་ཐུབ་ཐབས་མེད་པ་ཞིག་གསུངས་ཡོད་སྐོར་དང་། རང་ཉིད་ཀྱི་སེམས་ཅི་ཙམ་མ་འདུལ་བ་ཡིས་གཞན་ལ་གནོད་པ་ཞིག་དང་སེམས་འདུལ་བ་བྱུང་ཚེ་གཞན་ལའང་ཕན་གྱི་ཡོད་སྟབས། སེམས་འདུལ་ཐབས་སུ་སྨོན་ལམ་བརྒྱབས་ནས་ཡོང་ཐབས་མེད་པར་སོ་སོའི་སེམས་མ་ཞི་བ་དེ་ཞི་བར་བྱེད་པ་དང་མ་འདུལ་བ་དེ་གདུལ་བར་བྱེད་དགོས་སྐོར། དེ་བཞིན་མིའི་རང་བཞིན་ནི་སྤྱི་ཚོགས་ལ་བརྟེན་པ་ཞིག་ཆགས་ཡོད་པ་དང་། རང་ཉིད་འཚོ་བར་སྤྱི་ཚོགས་ལ་བརྟེན་དགོས་པ་ཡིན་སྟབས། སྤྱི་ཚོགས་ལ་བརྩེ་བ་ཞིག་རང་ཤུགས་ཀྱིས་སླེབས་ཡོད་པ་དང་། བྱ་དང་དུད་འགྲོ་སོགས་རང་ཉིད་འཚོ་ཐབས་སུ་རང་ཉིད་ཀྱི་སྡེ་དེ་ལ་རང་བཞིན་གྱིས་བརྩེ་བ་ཞིག་ཡོད་སྐོར་ཚན་རིག་པ་ཚོས་ཀྱང་བཤད་ཀྱི་ཡོད་ནའང་།  མི་རྣམས་རིམ་བཞིན་ནར་སོན་སྐབས་རང་ཉིད་ཀྱིས་བྱེད་ཐུབ་པའི་བསམ་བློ་ཤུགས་ཆེ་རུ་ཕྱིན་ཏེ་སྤྱི་ཚོགས་ལ་བརྟེན་དགོས་པ་དེའི་ཐོག་ལ་དོ་སྣང་མེད་པར་ཆགས་པ་ལ་བརྟེན། རང་རྒྱལ་གཞན་ཕམ་གྱི་གནས་ཚུལ་དེ་ཡོང་གི་ཡོད་སྐོར་སོགས་གསུངས་འདུག

ཡང་༧གོང་ས་མཆོག་ནས། བོད་དང་སོག་པོ་གཉིས་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་པ་ཞིག་ཆགས་ཡོད་སྐོར་དང་། སོག་ཡུལ་གྱི་དགོན་པ་ཁག་གི་ནང་འདོན་པ་ཁོ་ན་བཏོན་ནས་མི་འདུག་པར། གཞུང་ཆེན་དག་སློབ་ཁྲིད་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། རྒྱ་གར་གྱི་གདན་ས་ཁག་ཏུ་སློབ་གཉེར་བྱེད་བཞིན་པའི་སོག་པོའི་དགེ་འདུན་པ་ཚོ་རིམ་བཞིན་སློབ་ཐོན་བྱུང་རྗེས། སོག་ཡུལ་དུ་ཁོང་ཚོར་དམིགས་བསལ་གྱི་འགན་སྤྲད་དེ་དཔེ་ཆ་ཁྲིད་དུ་འཇུག་དགོས་པ། དེ་བཞིན་སློབ་ཁྲིད་ཀྱི་སྐབས་སུ་དགེ་འདུན་པ་ཚོར་ཆུང་ཆུང་སྐབས་ནས་བློ་རིག་དང་རྟགས་རིགས་སོགས་བསླབ་དགོས་སྐོར་དང་། སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་རྣམས་རིག་པས་དཔྱད་པ་བྱས་པའི་ཐོག་ནས་སངས་རྒྱས་པའི་ཆོས་ལ་སོ་སོས་ཡིད་ཆེས་དང་དད་པ། ཉམས་ལེན་བྱེད་པ་ཞིག་བྱུང་ན་དུས་རབས་ཉེར་གཅིག་པའི་ནང་པ་ཆགས་པ་ཡིན་པ་ལས། གཞན་ལུགས་སྲོལ་དང་མི་གཞན་གྱིས་དེ་འདྲ་ཟེར་གྱི་འདུག་ཅེས་བཤད་པའི་ཐོག་ནས་བརྟག་དཔྱད་མ་བྱས་པར་ཕྱིན་པ་ཡིན་ན་རྨོངས་དད་ཆགས་ཀྱི་ཡོད་པ་དང་། སངས་རྒྱས་པའི་ཆོས་ཀྱི་ངོ་བོ་ནི་རྨོངས་དད་མིན་པ་ལ། ཁྱད་པར་དུ་དཔལ་ནཱ་ལེནྜའི་ཆོས་བརྒྱུད་འཛིན་མཁན་རྣམས་ཀྱིས་རིག་པའི་ཐོག་ནས་གཏན་ལ་ཕབས་ཀྱི་ཡོད་པ་ཞིག་ཡིན་སྐོར། དེ་བཞིན་སོག་པོ་མི་མང་གིས་དཔེ་ཆ་བལྟ་རྒྱུ་ནི་གྲྭ་པས་བྱེད་པ་རེད་ཅེས་ཟེར་བ་སོགས་མི་བྱེད་པར། མི་ཚེ་འཆམ་པོ་དང་སྐྱིད་པོ་ཡོང་བ་ཞིག་ཡོང་ཐབས་སུ་ནང་པའི་སེམས་ཁམས་རིག་པར་སློབ་གཉེར་གནང་དགོས་པ་དང་། རིམ་བཞིན་ཆོས་དང་མ་འབྲེལ་བའི་ཐོག་ནས་སློབ་གྲྭ་ཁག་གི་ནང་རིགས་ལམ་སོགས་བསླབ་དགོས་སྐོར་དང་། འཛམ་གླིང་མ་འཇིགས་བར་དུ་ནང་པ་ཚོས་སངས་རྒྱས་པའི་གཞུང་ཚན་རིག་དང་མཐུན་ཞིང་། རིགས་ལམ་གྱི་ཐོག་ནས་གཏན་ལ་ཕབས་ཡོད་པ་དེར་བདག་པོ་ཡག་པོ་ཞིག་བརྒྱབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་འདུག

དེར་མཐུད་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་དད་ལྡན་མང་ཚོགས་ལ་རྗེ་ཙོང་ཁ་པས་མཛད་པའི་བྱང་ཆུབ་སེམས་དཔའ་དང་འབྲེལ་བཀའ་ཆོས་སྩལ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། བར་སྐབས་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཤུགས་ཆེན་པོ་བྱུང་ཡོད་པ་དང་། ད་ལྟ་རིམ་བཞིན་གནས་ཚུལ་བཟང་ཕྱོགས་སུ་འགྲོ་བཞིན་ཡོད་པ་ལྟ་བུ་ཞིག་ཏུ་སྣང་བ་དང་། མོན་དང་ལ་དྭགས། བལ་ཡུལ་གྱི་ཕྱོགས་སུའང་ནད་ཡམས་ཀྱི་དཀའ་ངལ་འོག་ཡོད་སྟབས། ས་ཁུལ་དེ་གའི་ནད་ཡམས་རིམ་བཞིན་ཞི་ཐུབ་ཐབས་སུ་སྒྲོལ་མའི་གཟུངས་སྔགས་གསོག་སྒྲུབ་གང་ཐུབ་བྱེད་དགོས་པ་དང་། གཟུངས་སྔགས་བགྲངས་ན་ག་ལེར་ནད་ཡམས་དེ་ཞི་ནས་འགྲོ་བ་ཞིག་ལ་རེ་བ་བྱེད་ས་ཞིག་ཡོད་སྟབས། སྒྲོལ་མའི་གཟུངས་སྔགས་གང་ཐུབ་གསོག་སྒྲུབ་བྱས་ན་ནད་པ་རྣམས་ལ་ཕན་པ་མ་ཟད།  ཡུལ་ཁམས་སྤྱི་ལ་ནད་ཡམས་དེ་འདྲ་མི་ཡོང་བར་ཕན་ཐོགས་ཡོད་སྐོར་དང་། མགོན་པོ་གང་ཉིད་ནས་ཞོགས་ལྟར་ཐུབ་དབང་གི་སྐུ་མདུན་ནས་སྒྲོལ་མའི་གཟུངས་སྔགས་གསོག་གིན་ཡོད་པ་དང་། བརྒྱ་ཕྲག་ཁ་ཤས་ཤིག་སྤྱིའི་འཛམ་གླིང་ཡོངས་དང་ཡང་སྒོས་སུ་རྒྱ་གར་ནང་ནད་ཡམས་མྱུར་དུ་ཞི་བའི་སྨོན་ལམ་གསུང་གི་ཡོད་པ་དང་། ཡང་ཕྲེང་སྐོར་གཅིག་ཙམ་སྐུ་སྒེར་ལ་ནད་ཡམས་དེའི་རིགས་མི་ཡོང་བར་དམིགས་ཏེ་གསོག་སྒྲུབ་མཛད་ཀྱི་ཡོད་པས། ཚང་མས་སྒྲོལ་མའི་གཟུངས་སྔགས་གསོག་དགོས་སྐོར་གྱི་བཀའ་སློབ་ལམ་སྟོན་མཛད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese