མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་མང་ཚོགས་ལ་གསུང་བཤད་ཐོག་མ་སྤེལ་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་ནས་འོས་བསྡུའི་འགྲན་རྩོད་ལ་བརྟེན་ནས་བསམ་ཚུལ་མཐུན་མིན་གྱི་ཕྱོགས་ཁག་ཅི་རིགས་ཡོང་རྒྱུ་ནི་ཆོས་ཉིད་ཡིན་ནའང་། སྒེར་ནད་སྤྱི་སྤུངས་དང་སྤྱི་དོན་ཐད་མི་མཐུན་པ་ཇི་བྱུང་སྒེར་གྱི་འཁོན་འཛིན་དུ་མ་བཟུང་བར་ཁ་གཏད་ངོ་མ་ཇི་བཞིན་ངོས་འཛིན་ཐུབ་པ་བྱེད་གལ་དང་། རང་ཡུལ་ཤོར་བའི་བཙན་བྱོལ་བ་ཡིན་པའི་ཆ་ནས། ང་ཚོ་ཚང་མ་བོད་ཀྱི་བདེན་མཐའ་གསལ་བའི་དམིགས་ཡུལ་སྒྲུབ་མཁན་གཅིག་གྱུར་ཡིན་ཞེས་གསུངས་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་ཀྱི་དྲ་བརྙན་ཐད་གཏོང་བརྒྱུད་ཐོག་མར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ། བོད་དོན་བདེན་མཐའ་གསལ་ཐབས་དང་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས། མང་གཙོའི་ལམ་ལུགས་ཚགས་ཚུད་དང་སྲ་བརྟན། དེ་བཞིན་གཞེན་སྐུལ་དང་སྨོན་འདུན་སོགས་ཁྱོན་པ་ཚན་ལྔ་ཅན་གྱི་དམ་འབུལ་གསུང་བཤད་ཅིག་སྤེལ་ཏེ། ༧གོང་ས་མཆོག་ནས་དམ་འབུལ་མཛད་སྒོར་བཀའ་ཆོས་བསྩལ་གནང་མཛད་པ་ནི་བསྐལ་བ་བཟང་ཞིང་། རང་ཅག་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་བཀའ་བཞིན་སྒྲུབ་པའི་འབད་བརྩོན་བྱེད་རྒྱུ་གལ་ཆེ་བ་ལྟར། འཛིན་སྐྱོང་གི་ངོས་ནས་ཀྱང་འབད་བརྩོན་ལྷོད་མེད་ཞུ་གི་ཡིན་སྐོར་གསུངས་འདུག

དེ་ཡང་སྲིད་སྐྱོང་མཆོག་ནས་ཤ་རུས་གདུང་རྒྱུད་གཅིག་པའི་གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་དང་། རང་དབང་དང་དྲང་བདེན་ལ་དགའ་བའི་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་གཅིག་ཏུ། ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག དེ་བཞིན་ཐའེ་ཝན་ཕྱི་སྲིད་བློན་ཆེན་སོགས་ཀྱིས་མཚོན་པའི་རྒྱལ་སྤྱིའི་ཁྱོན་ནས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག གཞན་ཚོགས་སྡེ་ཁག་དང་། མི་སྒེར་སོགས་ནས་བདམས་ཐོན་སྲིད་སྐྱོང་ལ་འཚམས་འཕྲིན་ཞུས་གནང་བར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་གི་ཡོད་སྐོར་དང་། འདི་ལོའི་འོས་བསྡུའི་ནང་འོས་འཕེན་པ་བརྒྱ་ཆ་ ༧༧ ཙམ་བྱུང་སྟེ་འོས་བསྡུའི་ལས་རིམ་ཚགས་ཚུད་དང་ཞི་འཇམ་ངང་ལེགས་འགྲུབ་བྱུང་ཡོད་པ་ནི་བོད་གཞུང་མང་གཉིས་མཉམ་རུབ་ཀྱི་སྒོ་ནས་བྱུང་བའི་བོད་མིའི་མང་གཙོའི་རྒྱལ་ཁ་ཞིག་ལ་ངོས་གནང་གི་ཡོད་སྐོར། དེ་བཞིན་དེ་རིང་ཁྲིམས་ཞིབ་པ་ཆེ་བའི་མདུན་སྲིད་སྐྱོང་གི་ལས་ཁུར་དམ་འབུལ་ཞུ་སྐབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང༌།  བློ་གཏད་ཀྱི་ཐོག་ནས།  སྲིད་སྐྱོང་གིི་ལས་འཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས། རང་ནུས་གང་ཐེག་ཞུ་རྒྱུའི་མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན་ཞེས་ཞུས་ཟིན་པའི་རྒྱ་ལས་ནམ་ཡང་མ་བརྒལ་པ་ཞུ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

དེ་རྗེས། བོད་དོན་བདེན་མཐའ་གསལ་ཐབས་སྐོར་ལ་གསུང་བཤད་གནང་སྐབས། གཅིག་བཀའ་ཤག་གི་ལས་འགན་གཙོ་བོ་ནི། དཀའ་ཉེན་འོག་ཚུད་པའི་བོད་དང་བོད་མིའི་ཛ་དྲག་གི་དཀའ་ངལ་རྣམས་སེལ་ཐབས་བྱ་རྒྱུ་དེ་ཡིན་པ་དང་། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། བོད་ཕྱི་ནང་གི་མང་ཚོགས་ཀྱི་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཅིང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་ལ་བརྟེན་ནས་རྒྱ་ནག་གཞུང་དང་མཉམ་དུ་བོད་རྒྱ་གཉིས་སྨན་དང་། འབྲེལ་གཏུག་གྲོས་མོལ། འཚེ་མེད་ཞི་བ་བཅས་ཀྱི་རྩ་དོན་གཞི་རྩར་བཞག་སྟེ་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་བྱུང་ན། འཛམ་གླིང་སྟེང་རྩོད་རྙོག་ཞི་འགྲིག་ལ་མིག་དཔེ་བཟང་པོ་ཡོང་རྒྱུའི་རེ་བ་འཛིན་གྱི་ཡོད། གཉིས་མཐར་ཐུག་གི་དཀའ་སེལ་མ་ཐུབ་བར་དུ། ང་ཚོས་གཞིས་ལུས་བོད་མིའི་མགྲིན་ཚབ་པ་བྱས་ཏེ། སོ་སོའི་ནུས་རྩལ་ཡོད་ཚད་མཉམ་སྤུངས་ཀྱིས་རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་རྒྱ་ཆེར་སྤེལ་རྒྱུ་དང་། བོད་ཀྱི་ཁོར་ཡུག་དང་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པའི་རྩ་དོན་ཐོག་གནོད་སྐྱོན་ཇི་ཆགས་ཞིབ་འཇུག་དང་ལྟ་ཞིབ་ཟབ་ནན་ཐོག རྒྱ་ནག་གི་ནོར་འཁྲུལ་སྲིད་ཇུས་ཐེར་འདོན་བྱས་ཏེ། ཡོ་བསྲང་། མཚམས་འཇོག བཟོ་བཅོས་ཡོང་ཐབས་བཅས་ལ་འབད་བརྩོད་བྱ་རྒྱུ་དང་། དེ་མཚུངས་གཞིས་བྱེས་དབར་འབྲེལ་གཏུག་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་གྱི་ཐུགས་རེ་འགྲུབ་ཐབས་ལ་རམ་འདེགས་ཞུ་སླད། རྒྱ་གཞུང་ལ་འབྲེལ་མཐུད་ཞུ་སྒོ་གང་ཡོང་བྱ་རྒྱུ། གསུམ་མ་འོངས་པར། དུས་དང་བསྟུན་པའི་ཐབས་ལམ་འགྱུར་བ་གཏོང་དགོས་གྱུར་ཚེ། དེ་ཡང་མང་གཙོའི་ལམ་ལུགས་དང་མཐུན་པར་འབྲེལ་ཡོད་ལ་གོ་བསྡུར་སྦྱངས་བཤད་བརྒྱུད་ཐག་གཅོད་བྱ་རྒྱུ། བཞི་འཛིན་སྐྱོང་གི་ངོས་ནས་རྒྱ་གར་དང་། ཨ་རིས་གཙོས་པའི་རྒྱལ་སྤྱིའི་ནང་འབྲེལ་བ་བྱེད་སྐབས། དངོས་ཡོད་གནས་ཚུལ་དང་མཐུན་པར་བབ་ལྷིང་བརྟན་གསུམ་གྱི་སྒོ་ནས་འབྲེལ་འཇོག་བྱ་རྒྱུ། ལྔ་རྒྱ་ནག་གཞུང་གིས་འདི་ཟླའི་ཚེས་ ༢༡ ཉིན་རྒྱ་ནག་དབུས་གཞུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་ནས་བོད་ཞི་བའི་བཅིངས་འགྲོལ་དང་། དར་རྒྱས་གོང་འཕེལ་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་འདོན་འགྲེམས་བྱས་འདུག  དེའི་ཐོག་ད་ལྟ་བརྗོད་འདོད་པ་ནི། དེབ་དེར་འཁོད་པའི་བརྗོད་དོན་ཐོག་ང་ཚོའི་ངོས་ནས་གནས་སྟངས་ངོ་མ་མྱང་བརྩད་བྱེད་པོ་གཏོང་ཆོག་ཡིན་། ཞེས་གསུངས་སོང་།

མང་གཙོའི་ལམ་ལུགས་ཚགས་ཚུད་དང་སྲ་བརྟན་སྐོར་ལ་སྲིད་སྐྱོང་མཆོག་གིས། བཀའ་ཤག་གི་ངོས་ནས། གཅིག་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཆེ་མཐོང་དང་བརྩི་བཀུར་ཞུས་ཏེ་ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་ནུས་ལྡན་ལམ་ལྷོང་འབྱུང་བར་མཐུན་འགྱུར་གང་ཡོང་ཞུ་རྒྱུ་དང་། གཉིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་བའི་ཐོག་ནས་གྲོས་ཚོགས་ཀྱི་ལས་དོན་ཁག་ལ་མཐུན་འགྱུར་གང་ཡོད་ཞུ་རྒྱུ། གསུམ་རང་དབང་ཅན་གྱི་སྡེ་ཚན་ཁག་གི་རང་དབང་ལ་དོ་ཕོག་མ་སོང་བའི་སྒོ་ནས་ལས་དོན་ཡར་རྒྱས་ཚགས་ཚུད་ཀྱི་ཕྱོགས་སུ་འགྲོ་བར་མཐུན་འགྱུར་སྦྱར་རྒྱུ། བཞི་གསར་འགྱུར་བརྒྱུད་ལམ་ཁག་མིང་དོན་མཚུངས་པའི་མང་གཙོའི་ཀ་བ་བཞི་པ་ཆགས་ཐབས་སུ་འཛིན་སྐྱོང་གི་ངོས་ནས་རང་དབང་དང་ཆེ་མཐོང་ཕུལ་བའི་ཐོག་ནས་སྒྲིག་འཛུགས་ཀྱི་མཐུན་རྐྱེན་གང་ཡོད་སྦྱར་རྒྱུ། ལྔ་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་ལ་ལུང་ཚན་དང་ཆོས་བརྒྱུད། ལྟ་བ་ལངས་ཕྱོགས་ཀྱི་དབྱེ་བ་མེད་པར་ནུས་པ་མཉམ་སྤུངས་བྱེད་ཕྱོགས་གོ་བསྡུར་བྱ་རྒྱུ། དྲུག་ས་གནས་སྒྲིག་འཛུགས་ཁག་དང་། མང་ཚོགས་ལ་འཛིན་སྐྱོང་གི་ལས་དོན་ཁག་ཕྱི་གསལ་ནང་གསལ་བྱས་ཐོག  འཛིན་སྐྱོང་གི་ངོས་ནས་བྱེད་སྒོ་མཐའ་དག་རྒྱ་ཆེའི་མང་ཚོགས་ལ་འགན་ཁུར་དང་། ལན་འདེབས་དང་རྩིས་རྒྱག་ཞུ་རྒྱུ་དང་། འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་དང་འབྲེལ།་གཅིག་འཛིན་སྐྱོང་གི་ལས་དོན་གྱི་ཐོག་མར་བཀའ་བློན་རྣམ་པ་དང་ལས་བྱེད་རྣམ་པ་མང་ཚོགས་ལ་སྲི་ཞུ་ཞབས་འདེབས་སྒྲུབ་མཁན་ཡིན་པའི་ངོས་འཛིན་གསལ་པོ་བཟོས་ཐོག  ལས་དོན་བྱེད་སྐབས་ཀྱང་མང་ཚོགས་ལ་སྲི་ཞུ་སྒྲུབ་རྒྱུའི་དམིགས་ཡུལ་འདོར་མི་ཆོག་པའི་བཀོད་མངགས་ནན་པོ་བྱ་རྒྱུ། གཉིས་བཀའ་ཤག་གིས་གཏན་འབེབས་བྱས་པའི་སྲིད་ཇུས་འོག་ལས་འཆར་ལག་བསྟར་བྱེད་སྐབས་ལས་བྱེད་པའི་ཉམས་མྱོང་དང་བསྒྲིལ་ནས་ནུས་པ་མཉམ་སྤུངས་བྱ་རྒྱུ། གསུམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པའི་བཀའ་སློབ་ལམ་སྟོན་གཞིར་བཟུང་། རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་བོད་ཀྱི་ཆོས་རིག་རྒྱུན་འཛིན་དར་སྤེལ་གྱི་ལས་དོན་ཁག་ལ་རམ་འདེགས་དང་མཐུན་འགྱུར་གང་འོས་ཞུ་རྒྱུ། བཞི་དོན་སྙིང་ལྡན་པའི་ཤེས་ཡོན་སྦྱོར་སྤྲོད་ཆེད། སློབ་ཕྲུག་གི་ཁེ་ཕན་གཙོ་བོར་བཞག་སྟེ་སློབ་གྲྭ་ཁག་ཟླ་བསྒྲིལ་དང་། སློབ་གཉེར་གྱི་མཐུན་རྐྱེན་ཡར་རྒྱས་གང་ཐུབ་གཏོང་རྒྱུ། ལྔ་བོད་མི་འདུས་སྡོད་ས་གནས་ཁག་ཡར་རྒྱས་ཚགས་ཚུད་སླད་གཞི་རིམ་གྱི་དགོས་མཁོ་ཁག་སྐོང་སྒྲུབ་ཐོག དམིགས་སུ་བཀར་ནས་དབུལ་ཕོངས་ལ་ལྟ་སྐྱོང་བྱ་རྒྱུ་དང་། ལས་གཞིའི་ངོ་བོ་ལ་གཞིགས་པའི་སྟེང་ནས་གཤམ་དང་གཤམ་ནས་སྟེང་དུ་འཆར་སྒྲིག་ལག་བསྟར་བྱ་རྒྱུ། དྲུག་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་གལ་ཆེར་བཟུང་སྟེ། ནད་གཞི་སྔོན་འགོག་དང་སྨན་བཅོས་ལ་ཤུགས་སྣོན་དང་། ནད་གཅོང་དང་རྒས་འཁོགས་ལ་ལྟ་སྐྱོང་ཚད་ལྡན་ཡོང་ཐབས་འབད་བརྩོན་བྱ་རྒྱུ། བདུན་བོད་གཞུང་མང་གཉིས་དཔལ་འབྱོར་ཐོག་རང་ཁ་རང་གསོ་ཡོང་བའི་དམིགས་ཡུལ་འགྲུབ་ཆེད། འཆར་གཞི་ལྡན་པའི་སྒོ་ནས་ཚོང་ལས་དང་། ལག་ཤེས་བཟོ་ལས། གསར་གཏོད་ལས་གཞི། གཞིས་མི་དང་གཞིས་ཟུར་དབར་གཅིག་ཕན་གཅིག་གྲོགས་ཀྱི་ལས་གཞི་བཅས་པར་མཐུན་འགྱུར་གང་ཡོད་སྦྱར་རྒྱུ། བརྒྱད་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་ཅན་དང་། གཞོན་སྐྱེས་ཀྱི་ནུས་པ་སྐུལ་སྤེལ་ཐོག བོད་མིའི་སྒྲིག་འཛུགས་དང་མཉམ་རུབ་ཀྱིས་ཆབ་སྲིད་གཙོ་བོར་གྱུར་པའི་ལས་འཆར་གང་མང་སྤེལ་རྒྱུ། དགུ་སྲིད་སྐྱོང་གི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། སྲིད་གཞུང་ཁག་ལ་འབྲེལ་བ། བོད་མིའི་སྒྲིག་འཛུགས་དང་མང་ཚོགས་དབར་འབྲེལ་བ་དམ་ཟབ་ཡོང་བའི་འགན་ཁུར་གཙོ་བོ་ལེན་རྒྱུ། བཅུ་བཀའ་བློན་རྣམ་པས་སོ་སོའི་ལས་བགོས་ལྟར་གྱི་ལས་འགན་སྒྲུབ་རྒྱུའི་ཐོག  ལས་དོན་སྒྲུབ་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐུགས་བསུན་མི་ཡོང་བའི་འགན་ཁུར་ལེན་ཐུབ་དགོས་པའི་ཆ་རྐྱེན་ལྟར་སྒྲུབ་ཐབས་བཀོད་མངགས་བྱེད་ཀྱི་ཡིན། བཅུ་གཅིག་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་འཆར་འགོད་ཚད་ལྡན་དང་། ལག་བསྟར་ནུས་ཐོན་གྱི་གཞི་མར་བཙན་བྱོལ་བོད་མིའི་སྤྱི་ཡོངས་གནས་སྟངས་གསལ་པོར་རྟོགས་ཐུབ་པའི་མི་འབོར་ཞིབ་བཤེར་གྱི་ལས་གཞི་སྤུས་དག་ཅིག་གང་མགྱོགས་འགོ་འཛུགས་བྱ་རྒྱུ་ཡིན་ཞེས་གསུངས་སོང་།

མཇུག་ཏུ་སྲིད་སྐྱོང་མཆོག་ནས་འོས་བསྡུའི་འགྲན་རྩོད་ལ་བརྟེན་ནས་བསམ་ཚུལ་མཐུན་མིན་གྱི་ཕྱོགས་ཁག་ཅི་རིགས་ཡོང་རྒྱུ་ནི་ཆོས་ཉིད་ཡིན་ནའང་། སྒེར་ནད་སྤྱི་སྤུངས་དང་སྤྱི་དོན་ཐད་མི་མཐུན་པ་ཇི་བྱུང་སྒེར་གྱི་འཁོན་འཛིན་དུ་མ་བཟུང་བར་ཁ་གཏད་ངོ་མ་ཇི་བཞིན་ངོས་འཛིན་ཐུབ་པ་བྱེད་གལ་དང་། རང་ཡུལ་ཤོར་བའི་བཙན་བྱོལ་བ་ཡིན་པའི་ཆ་ནས། ང་ཚོ་ཚང་མ་བོད་ཀྱི་བདེན་མཐའ་གསལ་བའི་དམིགས་ཡུལ་སྒྲུབ་མཁན་གཅིག་གྱུར་ཡིན་ཞིང་། སྤྱི་ཚོགས་ནང་འགྲིག་མ་འགྲིག་གི་རྩོད་རྙོག་ཕྲན་བུ་བྱུང་སྐབས། ང་ཚོས་མང་གཙོའི་སྒྲིག་འཛུགས་དང་ཁྲིམས་སྒྲིག་གི་ཐོབ་ཐང་ལོངས་སུ་སྤྱད་དེ་ཚུལ་མཐུན་གྱི་ཐོག་ནས་རྩོད་པ་སེལ་ཆོག་པ་དང་། འཛིན་སྐྱོང་གི་ངོས་ནས་རྒྱུ་མཚན་དང་ལྡན་པའི་བསམ་ཚུལ་དང་སྐྱོན་བརྗོད་ཀྱི་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱས་ཏེ། དེར་བདག་སྤྲོད་དང་ཉན་འཇོག་བྱེད་ངེས་ཡིན་པས། རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་ཀྱང་མཉམ་རུབ་དང་མཉམ་ལས་ཀྱི་འགན་ཁུར་སྔར་ལྷག་གནང་གལ་ཆེ་བའི་འབོད་སྐུལ་ཞུས་པ་དང་སྦྲགས། ཁྲིམས་ཀྱིས་དབང་བསྒྱུར་གཙིགས་སྣང་བཟུང་བའི་སྤྱི་སྙོམས་དྲང་བདེན་དང་། རང་གཞན་རོགས་གསུམ་གདུང་ཤུགས་གཅིག་ཏུ་བསྒྲིལ་བའི་ནུས་པ་མཉམ་སྤུངས། རྒྱུན་མཐུད་ཡར་རྒྱས་ཕུགས་དམིགས་སུ་གཏད་པའི་གོམ་པ་མདུན་སྤོ་བཅས་སྲོག་སྙིང་དུ་བཟུང་བའི་བསྒྲགས་ཚིག་འདི་གསུམ་ལག་ལེན་དོན་འཁྱོལ་གྱི་སྐབས་ཤིག་བྱུང་བ་ཡིན་ན། བོོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་སྒྲུབ་ཐབས་ཀྱི་བྱེད་སྒོ་རྣམས་བཟང་ཕྱོགས་སུ་ཁྲིད་ཐུབ་པར་མཐུན་རྐྱེན་ངེས་ཅན་ཞིག་འཛོམས་ཡོད་པའི་ཡིད་ཆེས་བྱེད་ཆོག་ཅེས་ཡོངས་ཁྱབ་ཏུ་ཞུས་ཟིན་པ་ལྟར། དེ་རིང་ནས་བཟུང་སྟེ་ང་ཚོ་ཚང་མ་ལེའུ་གསར་པ་ཞིག་འབྱེད་པའི་གོམ་ཁ་གསར་པ་ཞིག་སྒྱུར་འགོ་འཛུགས་དགོས་ཀྱི་རེད། ཡང་ཕྱི་ཚེས་ ༢༣ ཉིན་མགོ་ལོག་ཁུལ་དུ་ས་ཡོམ་གྱི་གནོད་པ་བྱུང་འདུག་སྟེ། མི་ཕྱུགས་ཀྱི་ཚེ་སྲོག་ལ་གནོད་སྐྱོན་ཆེ་བ་བྱུང་མི་འདུག་ཀྱང་། རང་རེའི་སྤུན་ཟླ་ཚོར་འབྱུང་བའི་བར་ཆད་བྱུང་བར་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་སྐོར། དེ་བཞིན། ད་ཆ་འཛིན་སྐྱོང་གི་ལས་དོན་ཛ་དྲག་ཆེ་ཤོས་ནི་རྒྱ་བལ་གཉིས་ཀྱི་བོད་མིའི་གཞིས་སྒར་ཁག་ཏུ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་སེལ་ཐོག་དབུས་དང་ས་གནས་ཁག་གི་ཛ་དྲག་ཚོགས་ཆུང་ཁག་བསྐྱར་སྒྲིག་བྱས་ཏེ། དགོས་ངེས་མཐུན་རྐྱེན་སྦྱོར་སྤྲོད་བྱ་རྒྱུ་དེ་ཡིན་ཅིང་། ཉིན་གཉིས་ཀྱི་རྗེས་སུ་འཛིན་སྐྱོང་གི་ངོས་ནས་བྱེད་ཐབས་དང་ལམ་སྟོན་བྱེད་སྒོ་ཁག་གསལ་བསྒྲགས་ཞུ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 3

  1. Thupten Tsephel says:
    ལོ་ 5 སྔོན།

    དངོས་གནས་ཤེས་ཡོན་དང་སྤྱི་སེམས་ཡོད་པའི་བཀའ་མོལ་གནང་འདུག འགན་འཁྱེར་བའི་བཀའ་མོལ་གནང་འདུག འོན་ཀྱང་སྤྱི་ཚོགས་ནང་གཉིད་སད་མི་ཐུབ་པ་དང་། སད་ཀྱང་མཐོང་མི་ཐུབ་མཁན་མང་པོ་ཡོད་པ་ཚང་མས་ཤེས་གསལ་རེད། དགྲ་ངོ་མ་སུ་ཡིན་པ་ཤེས་དགོས་རེད་ལབ་དུས་དེ་དེ་བཞིན་རེད། ཉན་མཁན་ཚོས་ཤེས་ཐུབ་པ་དགོས། དེ་ལ་གོ་བ་ལོག་སྒྲུབ་བྱས་ནས་སུ་གཅིག་ལ་ཕན་ལེ་མ་རེད།

    Reply
  2. གངས་ཆབ། says:
    ལོ་ 5 སྔོན།

    སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འཕོ་འགྱུར་བཏང་ཚར་བའི་མི་སྣའི་མདུན་དུ་འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་དམ་འབུལ་ཞུས་པ་དེ་ཁྲིམས་འགལ་མ་རེད་དམ།
    ཁྲིམས་དང་མཐུན་པའི་དམ་འབུལ་ཞིག་ལ་ངོས་ལེན་རྩ་བ་ནས་མེད། དེ་དོན་ལུགས་མཐུན་གྱི་སྲིད་སྐྱོང་ཞིག་ཡིན་པར་རྒྱ་ཆེ་མི་མང་གིས་ངོས་འཛིན་བྱ་མི་སྲིད།

    Reply
  3. ཨོ་ལ་ལ says:
    ལོ་ 5 སྔོན།

    སྒེར་ནད་འཁོན་འཛིན་་་་་་་་་་་་་དགྲ་ངོ་མ་སུ་ཡིན་སོགས་་་་་་་་་་་་།ཁ་་ནང་སྐད་ཆ་དེ་ཚོ་མ་འདོན་ཐུབ་པ་དཔེ་མི་སྲིད་་་་་་་་་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese