མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ཕོ་བྲང་དཀར་པོའི་ནང་ས་ག་ཟླ་བ་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༦ སྟེ་ས་ག་ཟླ་བའི་ཚེས་ཆེན་ ༡༥ ཉིན་ཨ་མེ་རི་ཀའི་ཕོ་བྲང་དཀར་པོའི་ནང་དུ་མར་མེ་མཆོད་འབུལ་གྱི་འདུ་འཛོམས་གནང་ཡོད་འདུག

ཨ་རིའི་ལོ་རྒྱུས་ནང་ཐེངས་དང་པོར་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་ཉིན་མོ་ཕོ་བྲང་དཀར་པོའི་ནང་དུ་སྲུང་གཙི་ཞུས་ཡོད་པ་མ་ཟད། ཉིན་དེར་ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་ (Joe Biden) གིས་ཕོ་བྲང་དཀར་པོ་ནས་ས་ག་ཟླ་བའི་ཚེས་ ༡༥ དང་འབྲེལ་བའི་ཡོངས་ཁྱབ་གསུང་འཕྲིན་ཞིག་གནང་བའི་ནང་དུ། ང་དང་ (Jill) གཉིས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་ཉིན་མོར། ཨ་རི་དང་འཛམ་གླིང་ཡོངས་སུ་ཡོད་པའི་ནང་པ་རྣམས་ལ་འཚམས་འདྲི་ཞུ་ཡི་ཡིན། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་སྙིང་རྗེ་དང་གུས་ཞབས། རང་ཤེད་མེད་པ། བཟོད་སྒོམ་གྱི་སྐོར་ལ་དྲན་སྐུལ་བྱེད་ཀྱི་ཡོད་པ་རེད། འདིའི་ཉིན་མོར་ཨ་རིའི་ནང་དུ་ཡོད་པའི་ནང་པ་རྣམས་ཀྱིས་ང་ཚོའི་སྤྱི་ཚོགས་དང་རྒྱལ་ཁབ་ནང་དུ་ལེགས་བཅོས་བྱས་ཡོད་པ་དང་། ང་ཚོ་ཚང་མས་གཅིག་སྒྲིལ་གྱིས་འབྱུང་འགྱུར་མི་ཚེ་ལེགས་པོ་ཡོང་བའི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་པ་རེད། ཅེས་གསུངས་འདུག

མར་མེ་མཆོད་འབུལ་གྱི་མཛད་སྒོ་དེ་ཨ་རིའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་(International Buddhist Association of America)ནས་གཙོ་སྐྱོང་གནང་ཡོད་པ་དང་། མཛད་སྒོ་དེའི་ཐོག་ནང་པའི་བླ་མ་ཁག་ཅིག་གདན་འདྲེན་ཞུས་པའི་ཁྲོད་དར་ཐང་རིན་པོ་ཆེ་མཆོག་ཀྱང་ཕེབས་ནས་མར་མེ་ཞལ་འབྱེད་དང་སྨོན་ལམ་གསུང་འདོན་གནང་ཡོད་འདུག

ཨ་རིའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་འགན་འཛིན་དབང་མོ་ (Wangmo Dixey)ལགས་ཀྱིས། ཨ་རིར་ནང་ཆོས་ཉམས་ལེན་གནང་མཁན་གྱི་སྲོལ་རྒྱུན་རྩ་ཆེན་པོ་གསུམ་ནས་སྨོན་ལམ་འདེབས་པ་དེ་ངོ་མཚར་ཅན་ཞིག་རེད་འདུག སངས་རྒྱས་བཅོམ་ལྡན་འདས་ནས་ཆོས་འཆད་པའི་ཉིན་མོ་སྲུང་གཙི་བྱེད་པའི་ཉིན་མོ་དེ་འདྲ་བྱུང་བ་ནི་རྟེན་འབྲེལ་བཟང་པོ་རེད། ང་ཚོའི་ངོས་ནས་དེ་རིང་གི་ཉིན་མོར་སྨོན་ལམ་འདེབས་པ་དེས་མི་མང་ཡོངས་དང་། དམིགས་བསལ་གྱིས་རྒྱ་གར་ནང་ཡོད་པའི་ང་ཚོའི་མཆེད་གྲོགས་ཕོ་མོ་རྣམས་ལ་ཞི་བདེ་དང་དྲག་སྐྱེད་ཡོང་བའི་རེ་བ་ཡོད། དེ་བཞིན་ཨ་རིའི་ཕོ་བྲང་དཀར་པོ་ནས་འཕྲོས་པའི་མར་མེའི་འོད་ཀྱིས་འཛམ་གླིང་ཡོངས་ལ་རྣམ་དཔྱོད་དང་ཞི་བདེ་ཡོང་བའི་རེ་བ་ཡོད་སྐོར་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 4

  1. བཀྲིས་ says:
    ལོ་ 5 སྔོན།

    ༢༠༢༢ ལོར་སྤྱི་ཟླ་༥ པའི་ཏ་རིག་༢༦ ཉིན་སྲུང་རྩི་བྱས་ན་་་ས་ག་ཟླ་བ་ལ་རྩི་སྐུར་བྱས་བ་མ་རེད་ཉན་ཐོས་སྡེ་བའི་ལུགས་སངས་རྒྱས་འཁྲུངས་དཀར་ལ་དགུས་རྩི་ཞུས་བ་རེད་་་་ལོ་ཞུག་མ་སྤྱ་ཟླ་༦ པའི་ནང་ཚེས་བཅོ་ལྔ་ལ་སྲུང་རྩི་ཞུས་ན་ས་ག་ཟླ་བ་ལ་སྲུང་རྩི་ཞུས་རེད།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    བོད་མི་རིགས་ལ་བསམ་ན་གཏམ་བཟང་རེད་། སྟོན་པ་བཀའ་དྲིན་ཅན་གྱི་ཟབ་པ་དང་རྒྱ་ཆེའི་ཆོས་ཀྱིས་སྦྱིན་རླབས་ལ་བརྟེན་ནས་ང་ཚོའི་བདེན་པའི་འཐབ་རྩོད་ལ་རེ་བ་གསར་པ་དང་ཁ་ཕྱོགས་གསར་པ་བརྒྱུད་ནས་བོད་དོན་བདེན་མཐའ་སེལ་བའི་ཉི་མ་ཤར་ལ་ཉེ་འདུག་། ཨ་རིའི་སྲིད་གཞུང་དང་། ཨ་རིའི་སྲིད་འཛིན་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་། ཨ་རིའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་། དར་ཐང་རིན་པོ་ཆེ་། འབྲེལ་ཡོད་ཚང་མ་བཀའ་དྲིན་ཆེ་། ཐུགས་རྗེ་ཆེ་།

    Reply
  3. Sonam Gyaltsen says:
    ལོ་ 5 སྔོན།

    Buddha ? ? ? ? ? ? ? ? ? ? ? ? ? ? ? ? ? ? ? ? He Says… Beautiful ? Drama ? is Not My Religion.

    Reply
  4. ཐུབ་བསྟན་བྱམས་པ། says:
    ལོ་ 5 སྔོན།

    ཨ་མི་རི་ཀའི་དབུ་ཁྲིད་བཟང་པོ་འདིས་ད་བར་ལོ་རྒྱུད་ཐོག་བྱུང་མྱོང་མེད་པའི་ལས་དོན་བཟང་པོ་ཞིག་གནང་བ་དེ་ནི་འཛམ་གླིང་ཐོག་གནས་པའི་ང་ཚོ་བོད་མིས་གཙོས་པའི་ནང་པ་ཡོངས་དགའ་འོས་པ་ཞིག་རེད། ནང་པའི་ལྟ་སྤྱོད་གཉིས་ནི་དེང་གི་དུས་དེར་འཛམ་གླིང་ནང་མེད་དུ་མི་རུང་བའི་སླབ་བྱ་གལ་ཆེ་ཞིག་ཡིན་པ་ཨ་རིའི་སྲིད་འཛིན་གསར་པ་ཁོང་ནས་ཤེས་རྟོག་ཐུབ་པ་དེ་ནི་དངོས་ཡོད་གཟི་བརྗིད་ཞིག་དུ་ངོས་འཛིན་ཞུ་བཞིན་ཡོད། དེང་འཛམ་གླིང་ནང་ཆོས་ལུགས་མང་པོ་ཡོད་ཀྱང་འདི་ཕྱི་གཉིས་ཀྱི་ལམ་སྟོན་བཟང་ཤོས་ནི་ནང་པའི་ཆོས་དེ་ཉིད་ལས་མེད་སྟབས་འཛམ་གླིང་ནང་གི་མི་ཕལ་མོ་ཆེས་སློབ་སྦྱོང་དང་ལག་ལེན་ཚུལ་བཞིན་དུ་གནང་ཚེ་འགྲོ་བ་མིས་གཙོས་པའི་སེམས་ཅན་ཚང་མར་བདེ་སྐྱིད་ཡོང་རྒྱུ་ཡིན་པ་འདོན་མི་ཟ། ཕྲན་ནས་གུས་བརྩེ་དང་བཅས་ཨ་རིའི་སྲིད་འཛིན་གྱི་དབུ་ཁྲིད་པའི་ཨ་རི་བ་ཡོངས་ལ་སྙིང་དབུས་ནས་ཐུག་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese