མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་ནས་ཏོག་དབྱིབས་གཉན་རིམས་ཐད་ཡོངས་ཁྱབ་ལམ་སྟོན་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཏོག་དབྱིབས་གཉན་རིམས་འགོག་བཅོས་སོགས་ཀྱི་ལས་དོན་ཆེད་མ་དངུལ་གང་གི་ཐོག་ནས་གཏང་དགོས་བྱུང་ནའང་ཐེ་ཚོམས་རྩ་བ་ཉིད་ནས་མེད་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྐབས་ ༡༦ པའི་བཀའ་ཤག་གི་ཏོག་དབྱིབས་གཉན་རིམས་དང་འབྲེལ་སྔོན་འགོག་དང་མཐུན་སྦྱོར་བྱེད་ཕྱོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་བསྒྲགས་གནང་སོང་བའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ཁྲིད་དེ་གཞུང་དང་ཚོགས་པ་ཁག་ནས་མུ་མཐུད་གཉན་རིམས་དང་འབྲེལ་ནས་དཔལ་འབྱོར་བསྡུ་རུབ་ཀྱི་ལས་གཞི་མཇུག་སྐྱོང་གནང་རྒྱུ་དང་། གལ་སྲིད་རོགས་དངུལ་འདང་ངེས་པ་ཞིག་མ་བྱུང་ཚེ། ད་ལྟའི་ནད་ཡམས་འདི་ཛ་དྲག་ཆེན་པོ་ཞིག་ཡིན་པ་དང་། མིའི་འཕྲོད་བསྟེན་དང་སྲོག་ལ་ཉེན་ཁ་ཆགས་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མ་དངུལ་གང་གི་ཐོག་ནས་གཏང་དགོས་བྱུང་ནའང་། འགྲོ་སོང་གཏོང་བར་ཐེ་ཚོམས་རྩ་བ་ཉིད་ནས་མེད་སྐོར་གསུངས་འདུག་ལ། དེ་བཞིན། བཀའ་ཤག་གསར་པས་དབུས་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་བསྐྱར་སྒྲིག་གནང་སྟེ། ཚོགས་ཆུང་ཀྱི་སློབ་སྟོན་པ་བདེ་ལེགས་སྨན་ཁང་གི་ཕྱི་ལུགས་སྨན་པ་དང་སྐུའི་བླ་སྨན་པ་ས་འདུས་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་། སྨན་རྩིས་ཁང་གི་སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་གཉིས་སྔར་མུས་སུ་གནས་རྒྱུ་དང་། ཚོགས་ཆུང་གི་ཚོགས་མི་བདུན་ནི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ།  སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས། བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། འཕྲོད་བསྟེན་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས། སྨན་རྩིས་ཁང་གི་སྨན་པ་རིན་ཆེན་བཟང་མོ་ལགས། བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་གཏན་འཁེལ་གནང་འདུག

ཡོངས་ཁྱབ་གསལ་བསྒྲགས་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་སྐབས་ ༡༦ པའི་སྲིད་སྐྱོང་དམ་འབུལ་ཞུས་འཕྲལ་ཏོག་དབྱིབས་གཉན་རིམས་ཛ་དྲག་ཚོགས་ཆུང་གི་ཚོགས་མི་དང་། དབུས་སྨན་རྩིས་ཁང་གི་འགན་འཛིན། བདེ་ལེགས་སྨན་ཁང་གི་འགན་འཛིན་བཅས་སུ་ད་བར་གྱི་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཀྱི་ཐད་རྒྱུས་ལོན་ཞུས་ཐོག ཁ་སང་ཕྱི་ཚེས་ ༢༧ ཉིན་དྷ་ས་ཁུལ་གྱི་ཏོག་དབྱིབས་གཉན་རིམས་ཀྱིས་མནར་བའི་ནད་པ་རྣམས་དང་དེ་འབྲེལ་གྱི་ལས་དོན་གནང་མཁན་རྣམས་ལ་ཐུག་འཕྲད་ཀྱིས་ཞིབ་འཇུག་གནང་རྗེས། འཛིན་སྐྱོང་གི་ངོས་ནས་དབུས་སའི་ཏོག་དབྱིབས་གཉན་རིམས་ཛ་དྲག་ཚོགས་ཆུང་གི་སྒྲོམ་གཞིར་དགོས་ངེས་བསྒྱུར་བཅོས་གང་དགོས་དང་། མ་འོངས་པར་ལས་དོན་བྱེད་ཕྱོགས་དང་མཐུན་སྦྱོར་བྱེད་ཕྱོགས་ཀྱི་ལམ་སྟོན་གསར་པ་ཞིག་སྤེལ་གཏན་འཁེལ་ཡོད་པ་དང་། དབུས་དང་ས་གནས་སོ་སོས་ལམ་སྟོན་ལྟར་ལག་བསྟར་གནང་དགོས་སྐོར་གསུངས་འདུག

ནད་ཡམས་དང་འབྲེལ་རོགས་དངུལ་གྱི་སྐོར་ལ་སྲིད་སྐྱོང་མཆོག་གིས། ད་བར་དུ་བལ་ཡུལ་ནང་རོགས་དངུལ་ཧིན་སྒོར་ ༢༢༥༥༢༠༧༤ བྱུང་ཡོད་པ་ནས་འགྲོ་གྲོན་ཧིན་སྒོར་ ༡༧༢༧༤༠༤༤  ཕྱིན་ཡོད་པ་དང་། རྒྱ་གར་ནང་རོགས་དངུལ་ཧིན་སྒོར་ ༩༡༥༧༩༦༡༧ བྱུང་ཡོད་པ་ནས་འགྲོ་གྲོན་ཧིན་སྒོར་  ༦༥༦༡༥༤༦༡ ཕྱིན་པ་དང་། རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ཞལ་འདེབས་ཁྱོན་ཧིན་སྒོར་ ༡༡༤༡༣༡༦༩༡ བྱུང་ཡོད་པ་ནས་ད་ལྟ་ཧིན་སྒོར་ ༣༡༢༤༢༡༨༦ ལྷག་ཡོད་སྐོར་དང་། དེའི་ཁྲོད་ཨ་རིའི་རོགས་ཚོགས་ཀྱི་དངུལ་དང་ཨ་རིའི་སྐྱབས་བཅོལ་བའི་རོགས་དངུལ་ (PRM) གཉིས་ནི་རོགས་དངུལ་ཆེ་ཤོས་གཉིས་དེ་ཡིན་པ་དང་། ད་ལྟ་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་སྟབས། བོད་ཀྱི་ཐེབས་རྩ་བརྒྱུད་པའི་ལྷན་ཁང་གཞན་གྱི་ནང་གཉན་རིམས་སྐབས་ལག་བསྟར་མ་ཐུབ་པའི་ལས་གཞི་ཁག་གི་ལྷག་དངུལ་རྣམས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལས་དོན་གྱི་ཐོག་ལ་ཁ་ཕྱོགས་བསྒྱུར་རྒྱུའི་གནས་སྟངས་ཡོད་མེད་སོགས་ཀྱི་ཐད་བོད་ཀྱི་ཐེབས་རྩའི་འབྲེལ་ཡོད་ལས་བྱེད་དང་གྲོས་བསྡུར་གནང་བཞིན་ཡོད་སྐོར་དང་། ད་ལྟ་བར་དུ་རོགས་དངུལ་གང་འཚམ་ཚད་ལྡན་བྱུང་འདུག་པ་དང་། ད་ལྟ་སྤྱི་འཐུས་རྒྱུན་ལས་ཚོགས་ཐུབ་ཀྱི་མེད་པའི་གནས་སྟངས་འོག་བར་བརྒལ་བཀའ་ཁྲོལ་ཞུ་རྒྱུར་ལྷག་ཡོད་པ་ཧིན་སྒོར་འབུམ་ ༡༤ ལྷག་ཡོད་སྐོར་དང་། དེ་བཞིན་ནད་ཡམས་ཀྱི་གནས་སྟངས་མུ་མཐུད་ཇེ་ལེགས་སུ་དེ་ཙམ་མ་ཕྱིན་པར་གནས་ཚེ་འཕྲོད་བསྟེན་ལས་ཁུངས་ཀྱིས་འབྱུང་འགྱུར་ཟླ་བཅུའི་ནང་དུ་ཧིན་སྒོར་འབུམ་ ༡༥༩ ཙམ་འགྲོ་སྲིད་པའི་འཆར་རྩིས་བྱས་ཡོད་པ་དང་། དེའི་ཐད་ད་ལྟ་འཕྲོད་བསྟེན་ལས་ཁུངས་ཀྱིས་འགོག་ཁབ་དང་སྔོན་འགོག་གི་མཁོ་ཆས་སོགས་ཀྱི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་བྱས་རྗེས་ཞིབ་ཕྲའི་གནས་ཚུལ་རྗེས་ལ་ཞུ་རྒྱུ་ཡིན་སྐོར་གསུངས་འདུག

ཡང་སྲིད་སྐྱོང་མཆོག་ནས་བཀའ་ཤག་གསར་པའི་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལས་དོན་གཙོ་བོ་གཅིག་ནི་ཏོག་དབྱིབས་སྔོན་འགོག་གི་སླད་དུ་འཛིན་སྐྱོང་ངོས་ནས་བོད་མི་གང་མང་མང་ལ་འགོག་ཁབ་བརྒྱབ་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་པ་དང་། ད་ལྟ་ཛ་དྲག་ཚོགས་ཆུང་ངོས་ནས་རྒྱ་གར་དབུས་གཞུང་ལ་འགོག་ཁབ་དང་འབྲེལ་ཆོག་མཆན་ཞུ་བ་དང་། སྨན་བཟོ་ཁང་ནས་འགོག་ཁབ་ཐད་ཀར་ཉོ་ཐུབ་མིན་སོགས་ཀྱི་གནས་སྟངས་ཤིག་ལ་གཟིགས་ཞིབ་གནང་གི་ཡོད་པ་དང་། ད་ལྟའི་ཆར་དངུལ་ཡོད་ནའང་ཁྲོམ་རར་འགོག་ཁབ་མི་རག་པའི་གནས་སྟངས་ཤིག་ཆགས་ཡོད་སྟབས། ས་གནས་མགོ་འཛིན་ལས་ཁུངས་སོ་སོ་དང་ས་གནས་འཕྲོད་བསྟེན་གྱི་མགོ་ལས་སོ་སོའི་འབྲེལ་བའི་ཐོག་ནས་གོ་སྐབས་གང་ཡོད་པ་བཟུང་སྟེ་དཔལ་འབྱོར་ལ་འཛེམས་མི་དགོས་པའི་ཐོག་ནས་འགོག་ཁབ་བརྒྱབ་དགོས་པ་གལ་ཆེན་པོ་ཡིན་པ་མ་ཟད། བོད་མི་འགོག་ཁབ་བརྒྱབ་པར་ཐོ་འགོད་བྱེད་མི་ཤེས་མཁན་སོགས་ལ་དམིགས་ཏེ་ངེས་པར་དུ་ཐོ་འགོད་བྱེད་མི་བསྐོ་བཞག་གནང་དགོས་པ་དང་། གཞིས་ཁོངས་སུ་འགོག་ཁབ་བརྒྱབ་མི་ཐུབ་ཚེ་ས་གནས་གཞན་ནས་ངེས་པར་དུ་བརྒྱབ་དགོས་སྐོར་གསུངས་སོང་།

ཡང་ཁོང་གིས། འཛིན་སྐྱོང་གི་གཉན་རིམས་དང་འབྲེལ་བའི་ལས་དོན་གལ་ཆེན་གཉིས་པ་ནི་ནད་ཀྱིས་མནར་བཞིན་པ་རྣམས་ལ་ལྟ་སྐྱོང་ཚད་ལྡན་གནང་རྒྱུ་ཡིན་པ་དང་། ད་ལྟ་སྤྱི་ཡོངས་ཀྱི་ནད་པའི་གྲངས་ཕྲན་བུ་ཉུང་དུ་འགྲོ་བཞིན་ཡོད་ནའང་། གཉན་རིམས་ཀྱི་ནད་རླབས་གསུམ་པ་ཞིག་ཡོང་རྒྱུ་ཡིན་པའི་ཉེན་ཁ་ཞིག་ཡོད་སྟབས། དེའི་ཐད་སྔོན་ཚུད་ནས་གྲ་སྒྲིག་བྱ་གལ་ཆེན་པོ་ཡིན་པ་དང་། འཛིན་སྐྱོང་གི་ངོས་ནས་སྨན་བཅོས་དང་འབྲེལ་ནས་སྲོག་རླུང་སོགས་སྨན་བཅོས་ཀྱི་མཁོ་ཆས་མ་འདང་བར་རྐྱེན་འདས་སུ་ཕྱིན་པའི་གནས་སྟངས་ཤིག་མི་འབྱུང་བ་གནང་རྒྱུར་འབད་བརྩོན་གནང་རྒྱུ་དང་། གསུམ་པ་ནི་ནད་ཡམས་ལ་རྐྱེན་བྱས་ཏེ་འཚོ་བར་དཀའ་ངལ་འཕྲད་བཞིན་པ་དག་ལ་ནང་སྲིད་ལས་ཁུངས་ནས་ལྟ་རྟོག་གནང་རྒྱུའི་རྐང་འགན་འཁུར་རྒྱུ་ཡིན་པའི་གཏན་འཁེལ་བྱུང་ཡོད་སྐོར་གསུངས་འདུག

དེ་ཡང་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལས་དོན་བྱེད་སྒོ་ཡོངས་དང་མཐུན་རྐྱེན་སྦྱོར་ཕྱོགས་ཀྱི་ལམ་སྟོན་དང་བཀོད་ཁྱབ་རྣམས་ཀྱི་འགན་ཡོངས་རྫོགས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་སྣེ་ཁྲིད་པའི་ཚོགས་ཆུང་དེས་གནང་རྒྱུ་ཡིན་འདུག་པ་དང་། ཛ་དྲག་ཚོགས་ཆུང་གི་ལམ་སྟོན་འོག་ས་གནས་ཁག་ཏུ་ཛ་དྲག་ཚོགས་ཆུང་མེད་པ་ཁག་ཏུ་བསྐྱར་གསོ་དང་ཡོད་པ་རྣམས་ལ་བསྐྱར་སྒྲིག་གནང་དགོས་པ། དེའི་ནང་ཕྱི་ལུགས་དང་བོད་ལུགས་གཉིས་ཀྱི་ཚོགས་མི་དགོས་པ་དང་། གཞིས་ཆགས་ཁག་ནས་ངེས་པར་དུ་ས་གནས་ཀྱི་ཏོག་དབྱིབས་གཉན་རིམས་ཀྱི་སྟངས་དང་འབྲེལ་ནས་དབུས་ལ་འབྲེལ་བ་ཞུ་ཆེད་དམིགས་ལས་བྱེད་གཅིག་བསྐོ་བཞག་གནང་དགོས་པ་སོགས་ཀྱི་ལམ་སྟོན་ཕེབས་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese