མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོབས་ཆེན་རྒྱལ་ཁབ་བདུན་མཉམ་འབྲེལ་གྱིས་རྒྱ་ནག་དང་འབར་མའི་ཐོག་ཐག་གཅོད་ལེན་དགོས།

བོད་ཀྱི་དུས་བབ།
༢༠༢༡/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་བཟང་དུ་གཏང་རྒྱུའི་ཁས་ལེན་བྱས་པ་ལག་བསྟར་བྱེད་དགོས་པའི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ།

ཁ་སང་ཕྱི་ཚེས་ ༨ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་གནས་ཚུལ་ལྟར་ན། ལྟ་ཞིབ་ཁང་དེས་འཚོག་ལ་ཉེ་བའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་དང་བསྟུན་རྒྱལ་ཁབ་བདུན་ལ་ཡོངས་ཁྱབ་བསྒྲགས་ཡིག་བྲིས་ཏེ། རྒྱ་ནག་དང་འབར་མ་དམག་གཞུང་སོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་པའི་ཐད། ཚོགས་ཆེན་ཐོག་སྟོབས་ཆེན་རྒྱལ་ཁབ་བདུན་མཉམ་འབྲེལ་བྱས་ཏེ་གནད་ལ་འཁེལ་ཞིག་སེམས་ཐག་ཆོད་པོའི་ཐག་གཅོད་ཞིག་ལེན་དགོས་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་ཆོད་སེམས་བརྟན་པོ་ཡོད་པ་མངོན་གསལ་བཟོ་དགོས་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་བཟང་དུ་གཏང་རྒྱུའི་ཁས་ལེན་བྱས་པ་ལག་བསྟར་བྱེད་དགོས་སྐོར་ཞུ་སྐུལ་བྱས་ཡོད་འདུག

རྒྱ་ནག་དང་འབྲེལ་ཡོངས་ཁྱབ་བསྒྲགས་གཏམ་དེའི་ནང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་ཁྲིམས་རྩོད་པ་སོགས་གང་བྱུང་འཛིན་བཟུང་བྱེད་ཀྱི་ཡོད་པ་དང་། སྤྱི་ཚོགས་དྲ་ལམ་དང་དྲ་རྒྱ་དམ་དྲག་བྱེད་ཀྱི་ཡོད་པ། དེ་བཞིན་མི་མང་ཁྲོད་ཉུལ་ཞིབ་དྲ་མིག་འཕྲུལ་རིགས་འབོར་ཆེན་འགྲེམས་འཇོག་བྱས་ཡོད་པ་མ་ཟད། ཡུ་གུར་མི་རིགས་ཚུད་པའི་ཤར་ཏུར་ཀི་སི་ཐན་གྱི་གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་བྱེད་ཀྱི་ཡོད་པ་དང་། ཁུལ་དེར་རྒྱ་ཆེ་བའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་ཡོད་སྐོར་དང་། རྒྱ་ནག་སྐམ་ས་ཚུད་པའི་ཧོང་ཀོང་སོགས་ཀྱི་ནང་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྐོར་བཀོད་འདུག

ཡང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་པའི་གནད་དོན་དང་འབྲེལ་སྟོབས་ཆེན་རྒྱལ་ཁབ་བདུན་ལ་དགོས་འདུན་དོན་ཚན་བཞི་བཏོན་ཡོད་པའི་ནང་། རྒྱ་ནག་གཞུང་གི་ཐེ་བྱུས་གང་ཡང་མེད་པའི་ཐོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་ཤར་ཏུ་ཀི་སུ་ཐན་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྟོག་ཞིབ་བྱེད་པར་གཏོང་པར་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་སྐུལ་འདེབས་གཏོང་དགོས་པ་དང་། ཤར་ཏུར་ཀི་སུ་ཐན་གྱི་དམར་ཤོག་དྲུང་ཆེ་ཁྲིན་ཆན་གོ་ (Chen Quanguo) དང་སྤྲིན་བལ་བཟོ་ལས་ཁང་ (Xinjiang Production and Construction Corps) བཅས་གཉིས་ལ་ཉེ་ལམ་ཨ་རིས་ཆད་འགེལ་བྱས་ཡོད་པ་བཞིན་སྟོབས་ཆེན་རྒྱལ་ཁབ་བདུན་ཚང་མས་ཆད་འགེལ་བྱེད་དགོས་པ། ཤར་ཏུར་ཀི་སུ་ཐན་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་མཁན་རྣམས་ལ་དུས་ནས་དུས་སུ་ཆད་འགེལ་བྱེད་དགོས་པ་མ་ཟད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་བོད་སོགས་ཚུད་པའི་རྒྱ་ནག་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་པའི་གནད་དོན་དང་འབྲེལ་ངེས་པར་དུ་རྟོག་ཞིབ་དང་སྙན་ཐོ་འདོན་ཐུབ་པར་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་བྱེད་དགོས་སྐོར་གྱི་དགོས་འདུན་བཏོན་འདུག

ད་ལྟའི་འབར་མའི་གནད་དོན་དང་འབྲེལ་ནས་ཡོངས་ཁྱབ་བསྒྲགས་གཏམ་དེའི་ནང་། འདི་ལོའི་ཕྱི་ཟླ་ ༢ ནས་བཟུང་འབར་མའི་དམག་གཞུང་གིས་མི་མང་བརྒྱ་ཕྲག་འགའ་བསད་ཡོད་པ་དང་། སྟོང་ཕྲག་འགའ་འཛིན་བཟུང་བྱས་ཡོད་པ་མ་ཟད། གསར་ཁང་ཁག་ལ་དམ་དྲག་བྱས་ཏེ་སྟོབས་ཆེན་རྒྱལ་ཁབ་ཁག་གི་གསར་འགོད་པ་ཚུད་པའི་ས་གནས་གསར་འགོད་པ་ ༧༠ ལྷག་འཛིན་བཟུང་བྱས་ཡོད་པ་དང་། མི་གྲངས་ཁྲི་ ༦ ལྷག་རང་ཁྱིམ་ནས་གནས་ཡོལ་དུ་འགྲོ་དགོས་བྱུང་ཡོད་པ། འབར་མིའི་ནང་དཔལ་འབྱོར་ཉེན་ཁའི་ནང་ལྷུང་ཡོད་པ་དང་ཟས་རིགས་འདང་ངེས་མེད་པའི་གནས་སྟངས་ཆགས་ཡོད་པ་དང་། དམག་གཞུང་གིས་གང་བྱུང་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རྡོག་རོལ་གཏོང་བཞིན་པའི་ཡོད་པ་དང་། མི་མང་གི་མགོ་ཁྲིད་དང་ལས་འགུལ་གྱི་སྣེ་ཁྲིད་པ་སོགས་ཀྱིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་ཞུས་ཏེ། འབར་མའི་དམག་སྡེ་དང་འབྲེལ་བའི་ཚོགས་སྒེར་ཁག་ལ་ཆད་འགེལ་བྱེད་དགོས་པའི་ཞུ་འབོད་བྱེད་ཀྱི་ཡོད་སྐོར་དང་། སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་དམག་དོན་དང་འབྲེལ་ནས་ལངས་ཕྱོགས་གཅིག་བཟུང་དགོས་པ་དང་། རྒྱལ་ཚོགས་ཀྱི་སྡེ་ཁག་བརྒྱུད་འབར་མའི་གནས་སྟངས་ལ་རྟོག་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་དང་། འབར་མིའི་དམག་གཞུང་གིས་འབར་མིའི་དམངས་གཙོ་བསྐྱར་གསོ་བྱེད་པར་རྒྱལ་ཚོགས་དང་ཕྱིའི་རྒྱལ་ཁབ་གཞན་ལ་མཉམ་འབྲེལ་བྱེད་འདོད་མེད་པ་ནི་འབར་མིའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བ་དང་རྒྱལ་སྤྱི་སྡིངས་ཆའི་ཐོག་ཁེ་ཕན་མེད་པ་སྟོབས་ཆེན་རྒྱལ་ཁབ་ཁག་གིས་གསལ་བཟོ་བྱེད་དགོས་པ་བཀོད་འདུག

ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་ཡོངས་ཁྱབ་བསྒྲགས་ཡིག་དེའི་ནང་། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་ཐེངས་འདིའི་ཚོགས་ཆེན་བརྒྱུད་འཛམ་གླིང་གི་ཚ་དྲོད་འཕེལ་བཞིན་པ་དང་འབྲེལ་འཕྲལ་དུ་རྡོ་སོལ་དང་། ས་སྣུམ་སོགས་ཚ་དྲོད་འཕེལ་བར་བྱེད་པའི་ལས་གཞི་ཁག་ལ་གཞུང་འབྲེལ་གྱི་རོགས་དངུལ་གསར་པ་སྤྲོད་མཚམས་འཇོག་དགོས་སྐོར་དང་། ཏོག་དབྱིབས་གཉན་རིམས་དང་འབྲེལ་འགོག་ཁབ་བཟོ་བསྐྲུན་རྒྱ་བསྐྱེད་བྱེད་དགོས་པ་དང་། གཉན་རིམས་ཀྱི་དུས་སྐབས་སུ་འཚོ་བར་དཀའ་ཁག་ཡོད་པའི་མི་མང་ལ་འཕྲལ་དུ་རོགས་དངུལ་གཏོང་དགོས་པ། ད་ལྟའི་ཨི་ཛི་རལ་ (Israel) དང་པ་ལི་སི་ཐན་ (Palestin) གཉིས་ཀྱི་དབར་དམག་འཛིང་བྱུང་ཡོད་པ་དང་འབྲེལ་ཨི་ཛི་རལ་གཞུང་ལ་ཡུལ་དངོས་སུ་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པ་གཏོང་བར་ནན་སྐུལ་བྱེད་དགོས་པ་དང་། ཨི་ཛི་རལ་གཞུང་གིས་འཛིན་སྐྱོང་བྱེད་པའི་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ཁག་ཐེག་བྱེད་དགོས་པའི་ཞུ་སྐུལ་བྱེད་དགོས་སྐོར་དང་། ར་ཤི་ཡ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་། ཁྲིམས་རྩོད་པ་སོགས་ལ་དམ་དྲག་དང་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་སོགས་ལ་དམ་དྲག་བྱེད་བཞིན་པའི་ཐད་སྐྱོན་བརྗོད་བྱེད་དགོས་པ་སོགས་བཀོད་འདུག

འདི་ལོའི་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་ནི་ཟླ་འདིའི་ཕྱི་ཚེས་ ༡༡ ནས་ཉིན་གསུམ་རིང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཛ་དྲག་ཡིན་མིན་ལ་མ་བལྟས་པར་དབྱིན་ཡུལ་གྱི་ཀར་བྷིས་མཚོ་ཁུལ་ (Carbis Bay) དུ་འཚོགས་འཆར་ཡོད་པ་དང་། ཚོགས་པ་དེའི་ཁོངས་སུ་ཧྥ་རན་སི་དང་འཇར་མན། ཨ་རི། དབྱིན་ཇི། ཁེ་ན་ཌ། ཨེ་ཊ་ལེ། ཉི་ཧོང་བཅས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་གར་དང་ཨོ་གླིང་། ལྷོ་ཀོ་རི་ཡ། ཡུ་རོབ་མཐུན་ཚོགས་བཅས་ཟུར་ཉན་དུ་ཞུགས་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese