མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟའི་གནས་སྟངས་ལ་ཕན་པའི་ཐབས་ལམ་གསར་པ།

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

     བོད་བཙན་པོའི་བུ་རྒྱུད།

དཀའ་རྙོག་སེལ་བའི་དབུ་མའི་ཐབས་ལམ།

ཐོག་མར་སུས་ནོར་མིན་ལ་མ་ལྟོས་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་སྤྱི་འཐུས་རྒྱུན་ལས་གཉིས་ཀྱི་བཅའ་ཁྲིམས་ཀྱི་དགོངས་པ་འགྲེལ་ཕྱོགས་མི་མཐུན་པ་ལས་བྱུང་བའི་དཀའ་རྙོག་འདི་ད་ལྟ་རྒྱུན་སྲིང་གནས་ནས་ཆེ་རུ་མ་གཏོགས་ཆུང་དུ་མ་སོང་བར་ཞི་ཐབས་མེད་པའི་འཚམས་འདིར། ཕྱོགས་གཉིས་ཀས་མུ་མཐུད་མཁྲེགས་བཟུང་བྱས་ན། བོད་མིའི་སྒྲིག་འཛུགས་ཀྱི་དགོས་དམིགས་བོད་ཀྱི་བདེན་དོན་དང་བོད་མི་དམངས་ཀྱི་བདེ་དོན་བསྒྲུབ་རྒྱུ་ལ་རྒྱབ་ཀྱི་ཕྱོགས་པར་འགྱུར། དེས་ན་འདིར་ལྷག་བསམ་ཟོལ་མེད་ཀྱིས་ཕྱོགས་གཉིས་ཀ་ནས་གུ་ཡངས་བྱ་ནུས་ཤིང་། བཅའ་ཁྲིམས་དང་མི་འགལ་བའི་ཐབས་ལམ་ཞིག་གཤམ་དུ་བཏོན་ཡོད་པས། བོད་མི་རྩམ་ཟན་ཡོངས་ཀྱིས་བོད་མིའི་ཆིག་སྒྲིལ་ལ་དགོངས་ཏེ་འདི་ལ་རྒྱབ་སྐྱོར་ཡོང་བ་ཞུ།

རྩོད་རྙོག་གི་བྱུང་རིམ་སྙིང་བསྡུས།

༡) དེ་ཡང་སྤྱིར་ནད་ཡམས་ཀྱི་སྐབས་འདིར་མིའི་སྲོག་ལ་ཉེན་ཁ་ཡོད་པ་སོགས་དངོས་ཡོད་གནས་ཚུལ་དང་བསྟུན་ཏེ་སྤྱི་འཐུས་རྒྱུན་ལས་ཀྱིས་གྲོས་ཚོགས་ཀྱི་ཚོགས་འདུ་ཕར་འགྱངས་གནང་བ་དེ་ཁྲིམས་མཐུན་ཡིན་མིན་ཇི་ལྟར་རུང་། དེ་སྐབས་བབས་ཀྱི་དགོས་མཁོ་ལ་དགོངས་པ་ཡིན་པས། ཁྲིམས་དཔོན་རྣམས་ཀྱིས་སྐབས་དེར་ཉེན་བརྡ་ཞིག་བཏང་ནས་ཉེས་པ་དག་པར་གནང་ན་བར་ལམ་རྙོག་དྲ་འདི་ཙམ་བྱུང་དོན་མེད། དེས་ན་དེ་དུས་ཁྲིམས་ཀྱི་ཉེས་ཆད་བཀལ་བ་དེ་ནོར་བ་དང་པོ་ཡིན།

༢) སྤྱིར་སྤྱི་འཐུས་རྒྱུན་ལས་རྣམས་ཀྱིས་རང་ཉིད་ཀྱི་འདེམས་བྱེད་ལན་གཅིག་ཁོ་ན་འཕྲོག་པ་དེ་ལ་ནང་སེམས་པས་ལྕོགས་ན་དེ་ཙམ་མི་བཟོད་པ་བྱེད་དགོས་དོན་མེད་ཅིང། སྐབས་དེར་ཁྲིམས་ཞིབ་པ་རྣམ་པས་ནོར་ཡོད་པའི་དབང་དུ་བཏང་ན་ཡང་། ཉེས་པ་ཆེ་ཆུང་ལ་དཔག་པའི་ཉེས་ཆད་བཀལ་དགོས་པ་ནི་ཆོས་འཇིག་རྟེན་གང་གི་དབང་དུ་བྱས་ཀྱང་འགྲོ་ལུགས་ཡིན། འོན་ཀྱང་སྡེབ་གཅིག་ལ་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གྱི་གྲོས་ཆོད་བཞག་པ་དེ་ནོར་བ་གཉིས་པ་ཡིན།

དེ་དག་ནི་ཕྱོགས་གཉིས་ཀས་ཕན་ཚུན་བསམ་ཤེས་དང་དངོས་ཡོད་གནས་ཚུལ། བཅའ་ཁྲིམས་ཀྱི་དགོས་དམིགས་མ་བསམས་པ་ཡིན་པས། དེའི་དབང་གིས་བོད་མིའི་ཁྲོད་དུ་སེམས་ཚབས་ཚད་ལས་བརྒལ་བ་བཟོས་ཡོད།

༣) དེ་ནས་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ཀྱིས་ཚོགས་ཆུང་གསར་བཙུགས་ཀྱིས་ཁྲིམས་ཞིབ་པ་གསུམ་བསྐོ་རྒྱུ་དང་། གྲོས་ཚོགས་འཕར་མ་འཚོགས་རྒྱུར་ཁྲིམས་མཐུན་ཡིན་མིན་ལ་ལྟོས་མེད་ཀྱིས་ཐབས་ཤེས་ཡོད་དགུ་བྱས་ཀྱང་། ལམ་དུ་མ་སོང་བ་ནི་བྱ་ཐབས་བྲལ། སྤྱི་འཐུས་རྣམས་ཕྱོགས་གཉིས་སུ་གྱེས་ཟིན་པས། ཅི་སྟེ་དེ་དུས་གྲོས་ཚོགས་ཚོགས་ཐུབ་ན་ཡང་གྲུབ་འབྲས་གང་ལེགས་ཡོང་རྒྱུ་ནི་ཁག་པོར་གྱུར་ཡོད།

༤) སྐབས་༡༦ པའི་སྤྱི་འཐུས་ཀྱི་ཁྲིམས་ཞིབ་པ་གསར་པ་གསུམ་འདེམས་རྒྱུའི་ཐབས་ཤེས་བྱས་ཀྱང་དོན་དག་ཡེ་ནས་མ་བསྒྲུབས་མཚམས། མི་དམངས་ཀྱི་མངོན་འདོད་དང་བསྟུན་དྭགས་པོ་བསོད་ནམས་ནོར་བུ་ལགས་སོགས་ཁྲིམས་ཞིབ་པ་གསུམ་གྱིས་ལས་བཤོལ་བ་མ་གཏོགས་ལས་མཚམས་བཞག་མེད་པར་གསུངས་ཏེ། ལས་འཁུར་མུ་མཐུད་བསྐྱངས་པ་དེ། ཕྱོགས་གཅིག་ནས་སྤྱི་དོན་ལ་བསམ་ཤེས་གནང་བ་ཞིག་གཏན་གཏན་ཡིན་སྲིད་ཀྱང་། དེས་སྐབས་༡༦ པའི་རྒྱུན་ལས་ཕལ་ཆེ་བ་དང་། ཁྱད་པར་མདོ་སྟོད་དང་ཆོས་ལུགས་ཀྱི་སྤྱྲི་འཐུས་རྣམས་བློ་མ་ཚིམས་པར་གྱུར་ཡོད།

༥) སྤྱིར་འཕོ་འགྱུར་གཏོང་མཁན་གྱི་སྐབས་༡༦ པའི་སྤྱི་འཐུས་འོས་འཕེན་མཁན་ཁྲོད་ནས་མདོ་སྨད་དང་དབུ་གཙང་གི་སྤྱི་འཐུས་འགའ་ཞིག་གིས་གྲོས་ཆོད་༣༩ དེ་ནོར་བར་ཁས་བླངས་ཀྱང་། མདོ་སྟོད་དང་ཆོས་ལུགས་ཀྱི་སྤྱི་འཐུས་ཆ་ཚང་། ཚོགས་གཙོ་ཚོགས་གཞོན་གཉིས་དང་དབུས་གཙང་གི་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་སོགས་ཀྱིས་དེ་ནོར་བར་ཁས་བླངས་མེད།

ད་ལྟ་སྐབས་༡༧ པའི་སྤྱི་འཐུས་སུ་སྔར་གྱི་ཆོས་ལུགས་སྤྱི་འཐུས་རྣམས་རང་འཇགས་འདེམས་ཐོན་བྱུང་ཡོད་པ་དང་། དེ་བཞིན་མདོ་སྟོད་སྤྱི་འཐུས་རྣམས་ཀྱང་ཕལ་ཆེར་རང་འཇགས་སླེབས་ཡོད། སྤྱིར་སྐབས་བཅུ་༡༦ པའི་སྤྱི་འཐུས་ཀྱིས་གྲོས་ཆོད་༣༩ རྒྱུན་སྐྱོང་བྱེད་ཐབས་བྲལ་སོང་ཞེས་གསལ་བསྒྲགས་བྱས་ཟིན་ཀྱང་མུ་མཐུན་ཁྲིམས་དཔོན་གསུམ་ལ་ངོས་ལེན་མེད་པར་བསྙད་དེ། དེ་དག་གིས་བར་བརྒལ་ཚོགས་གཙོར་ངོས་ལེན་མ་བྱས་པ་མ་ཟད། བཅའ་ཁྲིམས་དང་མི་མཐུན་པར་༧རྒྱལ་བའི་སྐུ་དཔར་གྱི་མདུན་དུ་དམ་བཅའ་བྱེད་རྒྱུ་མཐར་བཀར་ཡོད། དེ་ལ་སྤྱི་འཐུས་གཞན་རྣམས་དང་། འོས་བསྡུ་ལྷན་ཁང་། ཕྱོགས་གཞན་གྱི་མི་དམངས་ནས་མོས་མཐུན་བྱེད་ཐབས་བྲལ། དེས་ན་སྤྱི་དོན་ལ་འཐུས་ཤོར་ཆེན་པོ་ཤོར་ལ་ཉེ་བའི་མཚམས་འདིར་ཁྲིམས་དཔོན་གསུམ་(ཀ་སྡེ) དང་། འདེམས་ཐོན་སྤྱི་འཐུས་༢༢ (ཁ་སྡེ) ལ་གཉིས་ཕན་གྱི་ཐབས་ལམ་གཤམ་ལྟར་འདོན་རྒྱུ་ཡིན།

སྤྱི་སྨན་གྱི་ཐབས་ལམ་དབུ་མ། ཀ

དེ་ཡང་བཅའ་ཁྲིམས་དང་མི་འགལ་བ། ༧རྒྱལ་བ་རིན་པོ་ཆེ་ཐུགས་བསུན་པོ་བཟོ་མི་དགོས་པ། འདེམས་ཐོན་སྤྱི་འཐུས་རྣམས་ཀྱང་དམ་འབུལ་ཞུ་ཐུབ་པ། མི་དམངས་ཀྱི་ཆིག་སྒྲིལ་མ་འཐོར་བ་བཅས་ཀྱི་དགོས་པ་ཆེན་པོ་ཡོད་པས་ཕྱོགས་གཉིས་ཀས་དགོངས་བཞེས་གནང་རོགས།

༡) ཐོག་མར་ཁྲིམས་ཞིབ་པ་ཆེ་བ་མ་གཏོགས་པའི་ཁྲིམས་ཞིབ་པ་གཞན་གཉིས་ཀྱིས་རང་འཚམས་ཀྱིས་ཁྲིམས་ཞིབ་པའི་ལས་སྣེ་ལས་དགོངས་ཞུ་གནང་དགོས། ཀ་སྡེའི་གུ་ཡངས་དང་པོ།

༢) དེ་ནས་བར་བརྒལ་ཚོགས་གཙོ་ནི་སྐབས་༡༦ པའི་རྒྱུན་ལས་ཀྱིས་བསྐོས་ཟིན་ཅིང་། དེས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་བཅའ་ཡང་བཞག་ཟིན་པས། དེའི་དྲུང་དུ་འདེམས་ཐོན་སྤྱི་འཐུས་ཉེར་གཉིས་ཀྱིས་དམ་འབུལ་གནང་རོགས། ཁ་སྡེའི་གུང་ཡངས་དང་པོ།

༣) དེ་ནས་ཁྲིམས་མཐུན་གྱིས་ཚོགས་གཙོ་ཚོགས་གཞོན་གཉིས་བདམས་ནས་དེ་གཉིས་ཀྱིས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་འབུལ་གནང་རོགས། ཁ་སྡེའི་གུ་ཡངས་གཉིས་པ།

༤) དེ་ནས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ལས་སྣེ་ནས་རང་འཚམས་ཀྱིས་དགོངས་ཞུ་འབུལ་དགོས། ཀ་སྡེའི་གུ་ཡངས་གཉིས་པ།

༥) དེའི་རྗེས་གྲོས་ཚོགས་སུ་བཀའ་བློན་གྱི་བསྐོ་བཞག་སོགས་ཚར་བ་དང་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་བསྐོ་རོགས། ནུས་པ་མཉམ་སྤུངས།

༦) དེ་ནས་འདེམས་ཐོན་ཁྲིམས་ཞིབ་པ་ཆེ་བ་དེས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་ལགས་ཀྱི་དྲུང་དུ་དམ་བཅའ་ཕུལ་ནས་འཚམས་དེར་དྭགས་པོ་ལགས་དགོངས་པ་གྲོལ་བ་གནང་དགོས། ཆིག་སྒྲིལ་སོར་ཆུད་པ།

དེ་ཡང་ཁྲིམས་ཞིབ་པ་གསུམ་གྱིས་མི་དམངས་ནས་ཡར་ལངས་ཤིག་ཟེར་ན་ལངས་རྒྱུ་དང་། མར་སྡོད་ཅིག་ཟེར་ན་སྡོད་རྒྱུ་ཡིན་ཞེས་གསུངས་པ་དེ་བདེན་ན། འདིར་དགོངས་པ་ཞུ་ཡ་དེ་བོད་སྤྱི་པའི་རྩ་དོན་གྱི་ཆེད་དུ་གནང་བར་འགྱུར་བས་དེ་གཟི་བརྗིད་ལས་སྐྱོན་དུ་ནམ་ཡང་མི་འགྱུར། སྤྱིར་ཁྲིམས་ཞིབ་པ་གསུམ་ལས་ལུང་རྟོགས་ལགས་མ་གཏོགས་གཞན་གཉིས་རང་ལོ་༦༥ཟིན་ལ་ཉེ་བས། ཟླ་བ་ཁ་ཤས་ནས་དགོངས་པ་ཞུ་དགོས་པས་དེ་ཙམ་གྱིས་སྐྱོན་ཆ་ཆེན་པོ་མེད། ཁྲིམས་ཞིབ་པ་ལུང་རྟོགས་ལགས་དགུང་གྲངས་༥༠་ཙམ་ཡིན་པས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་བློན་ནམ་དྲུང་ཆེ་དང་གནས་རིམ་མཚུངས་པའི་ལས་སྣེ་ཞིག་འབུལ་རྒྱུའི་དགོངས་བཞེས་གནང་དགོས། དེ་ཡང་བཅའ་ཁྲིམས་དོན་ཆན་༦༣ནང་ཚན་༥ལས་ཆེས་མཐོའི་ཁྲིམས་ཞིབ་པ་ལས་འཁུར་ནས་རྒས་ཡོལ་ཐོན་ཟིན་པའམ་འཕོ་གྱུར་བྱས་པའི་སྐྱེས་བུ་སུ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཁེ་ཡོད་ལས་འཛིན་དུ་གཞུག་མི་ཆོག་ཅེས་གསལ་བས། རྒས་ཡོལ་ནི་མིན་ཞིང་། དགོངས་པ་ཞུས་པ་ལས་འཕོ་འགྱུར་བྱས་པའམ་མིན་པས། དེ་ལྟར་དགོངས་བཞེེས་གནང་ན་བཅའ་ཁྲིམས་དང་མི་འགལ་བ་ཡིན། དེ་བཞིན་ཁྲིམས་ཞིབ་པ་གཞན་གཉིས་ལ་ཡང་དེ་ལྟ་བུའི་དགོངས་བཞེས་གནང་ན་ཡང་མི་འགྲིག་པ་གཏན་ནས་མེད།

རང་རྒྱལ་གཞན་ཕམ་གྱི་བསམ་པ་དེ་རེ་ཞིག་འདོར་ནས་ཚང་མས་དགོངས་པ་ཆེ་བཞེས་གནང་ན་འདི་བསྒྲུབ་མི་ནུས་པའི་ཐབས་ལམ་ཞིག་གཏན་ནས་མིན་པས་བོད་སྤྱི་པའི་དོན་དུ་ཚང་མས་མཐུན་པ་གནང་རོགས། མདོར་ན་ཁྲིམས་དཔོན་རྣམས་འཕོ་གྱུར་བཏང་བའི་མཐའ་དང་། ཡང་གོ་གནས་ལ་མུ་མཐུད་གནས་པའི་མཐའ་གཉིས་དང་བྲལ་བའི་དབུས་ཀྱི་ཐབས་ལམ་ཞིག་བསྟན་ཡོད་པས། ཕྱོགས་གཉིས་ཀ་དང་། མི་དམངས་རྣམ་པས་བོད་སྤྱི་པར་དགོངས་པ་ཆེ་བཞེས་ཀྱིས་མོས་མཐུན་གནང་རོགས་ཞེས་ཞུ་རྒྱུ་ཡིན།

བཅའ་ཁྲིམས་དང་འགལ་ཡང་དགོས་དབང་གིས་ཐབས་ལམ། ཁ

ཡང་ན་༧རྒྱལ་བའི་སྐུ་དཔར་གྱི་མདུན་དུ་དམ་འབུལ་གནང་ན་དེ་བཅའ་ཁྲིམས་དང་མི་མཐུན་ཀྱང་། དེ་ལ་དམིགས་བསལ་བཏང་ནས་གཞུང་དམངས་གཉིས་ཀས་གུ་ཡངས་གནང་དགོས། དེའི་ཆ་རྐྱེན་དུ་འདེམས་ཐོན་སྤྱི་འཐུས་ ༢༢ ཀྱིས་གྲོས་ཆོད་ ༣༩ དང་འབྲེལ་བའི་སྐོར་གླེང་སློང་མི་བྱེད་པའི་ཁས་ལེན་བྱེད་དགོས།

ཆོས་རྒྱལ་མེས་དབོན་དུས་ནས་བཟུང་། །

ལས་ཀྱིས་འབྲེལ་བའི་བོད་རིགས་ཚོ། །

རང་ཡུལ་གཞན་གྱིས་བཙན་བཟུང་སྐབས། །

ཆུང་ས་གཏོང་ལ་ཆེ་སར་རྩོད། །

ནང་ཁོངས་མ་རྩོད་བོད་དོན་རྩོད། །

རྩོད་ཅིང་མ་སྡོད་མཐུན་ཐབས་འཚོལ།

རང་ཕྱོགས་ཙམ་མིན་གཞན་ཕྱོགས་སོམས། །

བསམས་རྗེས་གཉིས་ཕན་དོན་ལ་སྤུངས། །

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 6

  1. Tenzin yonden says:
    ལོ་ 5 སྔོན།

    Dhuntse 47 di yagshok rey

    Reply
  2. བོད་བཙན་པོ།  says:
    ལོ་ 5 སྔོན།

    བསམ་ཚུལ་བཤད་ནས་མི་མིང་བར་ལ་དཀྲུགས་ཤོག་ཨ། ཁྱེད་ཀྱི་བྲིས་བ་འདི་དག་གོ་རྒྱུ་མི་འདུག སྐྱག་ཆུ་ནང་དུ་རྡོ་ལྷུང་བ་ལྟ་བུ་རེད། རིང་ཐང་མི་འདུག དཔྱད་རྩོམ་ཡིན་ས་མ་རེད་སྐྱག་རྩོམ་རེད་འདུག 
    གུས་ཡངས་བསམ་བློ་དགོས་པ་ནི་པེ་ཅིན་སྐུ་ཚབ་དང་བསྟན་བཤིག་སྤྱི་འཐུས་ཚོ་རྒྱ་དམར་གྱི་བྱེད་སྟངས་གཏན་ནས་ཁྱད་པར་མི་འདུག 

    Reply
    • བློ་དོན says:
      ལོ་ 5 སྔོན།

      དེ་འདྲ་མ་གསུངས་ཁོང་གི་ལྷག་བསམ་ལ་དོ་ཕོག་མ་གཏོང་པར་ཐུགས་དགོངས་ཟབ་མོ་གནང་དང་གལ་སྲིད་དེ་ལས་གཞན་པའི་འཆམ་མཐུན་ཐབས་ལམ་ཡོད་ན་བཏོན་ནའང་ཆོག་ལགས།།

      Reply
  3. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 5 སྔོན།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་འཁུར་ནས་ཐབས་ལམ་སྟོན་མཁན་ཡོད་ན་དགའ་བསུ་ཡོད་།

    Reply
  4. ངག་དབང་། says:
    ལོ་ 5 སྔོན།

    གྲོགས་ཁྱེད་ཀྱིས་དཔྱད་པ་ཡག་པོ་བྱས་འདུག
    འོན་ཀྱང་དེ་འདྲ་ཏོག་ཙམ་རྙོག་གྲ་མང་དྲག་འདུག་སྙམ།
    རང་ཉིད་ལ་གཉིས་ཕན་བཅའ་ཁྲིམས་དང་ཡང་མི་འགལ་བའི་བསམ་ཚུལ་གཅིག་ཡོདཔ་ནི།
    དང་པོ་བར་བརྒལ་ཚོགས་གཙོ་ལགས་ཀྱིས་གུ་ཡངས་བྱས་ནས་སླར་ཡང་གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་རིན་པོ་ཆེའི་འདུན་ནས།
    དམ་འབུལ་གཅིག་ཞུ་དགོས་པ་དང་།
    གཉིས་པ་འདམ་ཐོན་སྤྱི་འཐུས་22ནས་གུ་ཡངས་ཀྱིས་བར་བརྒལ་ཚོགས་གཙོའི་འདུན་ནས་དམ་འབུལ་ཞུས་ན།
    བཅའ་ཁྲིམས་དང་ཡང་མི་འགལ་ལ་ང་ཚོ་གངས་ཅན་པ་ས་ཡ་དྲུག་ལ་ཡང་གྱོང་རག་གི་མ་རེད།
    དེ་ནས་བཟུང་རྙོག་གྲ་དེ་ཚོ་ཕྱོགས་གཉིས་ཀས་ས་གཞི་རྡུལ་དག་དང་ནམ་མཁའ་གཡའ་དག་གནང་ཐུབ་ན་ང་ཚོ་གངས་ཅན་པ་ལ་སྐྱིད་པའི་ཉི་མ་དེ་ཡོང་ངེས།
    གཞན་མཆོག་གཉིས་ཀས་འདི་འདྲ་ཕྲག་པོ་བྱས་ནས་ཉི་མ་གང་ཁྱོལ་བྱས་ནས་བསྡད་ན།
    རྒྱ་དགའ་བོད་སྡུག་ལས་གཞན་གང་ཡང་མེད།
    རྙོག་གྲ་དེ་མྱུར་བ་མྱུར་དུ་མེད་པ་མ་བཟོས་ན།
    ཉིན་རེ་བཞིན་བོད་པ་ས་ཡ་དྲུག་པོ་སྤྱི་ཡོངས་ལ་གྱོང་གུད་ཚད་ལས་འགལ་བ་རག་གི་ཡོད་པ་ནི་ངས་བཤད་མ་དགོས་ཞིག་རེད།
    དཔེར་ན་གྱོང་གུད་དེ་དངུལ་ལ་བསམ་ན་ཉིན་རེ་བཞིན་ཨ་སྒོར་འབུམ་ཕྲག་མང་པོ་ལས་ཀྱང་མང་བ་བོད་གངས་ཅན་པ་ལ་གྱོང་རག་གི་ཡོད་དོ།

    Reply
  5. ལམ་སེ་ནས་ says:
    ལོ་ 5 སྔོན།

    སུས་བྲིས་པ་རེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese