མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་ཤོག་བུའི་སྟག་ཨེ་ཡིན།

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་། བློ་བཟང་ལུང་རྟོགས།

དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཆབ་སྲིད་པ་དང་། ཤེས་ཡོན་ཅན། ལྷག་བསམ་དཀར་པོའི་སེམས་ཤུགས་ཅན་མང་པོ་ཞིག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྐོར་ལ་དགོངས་ཚུལ་གསུང་གི་ཡོད། དེ་དག་གི་ཁྲོད་བཀའ་བློན་ཁྲི་ཟུར་དང་ཚོགས་གཙོ་ཟུར་པ་སོགས་མཐོ་རིམ་མི་སྣ་དང་། གུས་པ་བདག་ལྟ་བུའི་རྨོངས་པ་དག་གི་བསམ་ཚུལ་ཕྱོགས་གཉིས་སུ་གྱེས་ཡོད་པར་བརྟེན། སུ་ཞིག་བདེན་པ་དང་སུ་ཞིག་བདེན་པ་མིན་པའི་ཐག་གཅོད་བྱེད་ཐབས་བྲལ། ཚད་ལྡན་རྒྱལ་ཁབ་ཅིག་ལ་མཚོན་ན་མཐོ་རིམ་ཁྲིམས་ཁང་ནང་ཁྲིམས་དཔོན་མེད་པར་འགྱུར་བ་ཕལ་ཆེར་ཡོང་མི་སྲིད་པ་ལྟ་བུ་ཞིག་ཡིན་པས་ན། མཐོ་རིམ་ཁྲིམས་ཁང་ནས་རྩ་ཁྲིམས་ཀྱི་ཚིག་དོན་ལ་མཐར་ཐུག་གི་འགྲེལ་བརྗོད་གནང་ནས་གནད་དོན་ཐག་གཅོད་བྱེད་ཐུབ། དེ་བས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་གཞི་ལ་བཞག་ནས་བསམ་ཚུལ་བཤད་ན་ཉན་མཁན་དེ་ཙམ་མེད་པར་བརྟེན་མང་གཙོའི་རྒྱལ་ཁབ་ཚད་ལྡན་ཁག་ཅིག་གི་རྩ་ཁྲིམས་ལ་བལྟས་ནས་དཔྱད་ཞིབ་བྱས་ན་ཕན་ཐོགས་ངེས་ཅན་ཡོང་པར་འདོད།

བཅའ་ཁྲིམས་ཀྱི་ཚད་འཛིན།

མང་གཙོའི་རྒྱལ་ཁབ་མང་པོ་ཞིག་མང་གཙོར་གྱུར་བའི་བརྒྱུད་རིམ་ཁྲོད་མི་མང་ཁྲི་ཕྲག་མང་པོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ཡོད་པ་དང་། རྩ་ཁྲིམས་དེ་བཞིན་རྣམ་དཔྱོད་ལྡན་པའི་དབུ་ཁྲིད་རྣམས་ཀྱིས་མིི་མང་གི་མངོན་འདོད་གཞི་ལ་བཞག་ནས་དུས་ཡུན་རིང་མོ་ཞིག་ལ་གྲོས་བསྡུར་བྱས་པ་བརྒྱུད་གཏན་འབེབས་བྱུང་པ་ཞིག་ཡིན་པ་དང་། གཏན་འབེབས་བྱུང་བའི་རྩ་ཁྲིམས་དེ་རྒྱལ་ཁབ་ཀྱི་གཞི་རྩའི་ཁྲིམས་ཡིན་པས་ན། གྲོས་ཚོགས་ཤིག་ནས་གཏན་འབེབས་བྱུང་བའི་ཁྲིམས་དང་གྲོས་ཆོད་ཡིན་ན་ཡང་རྩ་ཁྲིམས་དང་འགལ་ཚེ་ནུས་མེད་ཆགས་འགྲོ་པ་ཡིན། རང་ཅག་གི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ལྔ་བའི་ནང་དུ་ཡང་བཅའ་ཁྲིམས་ཀྱི་ཚད་འཛིན་ནི།  ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ་ཟེར་བ་འདི་ཡང་གནད་འགག་ཧ་ཅང་ཆེན་པོ་ཡིན།  (Accordingly, even an Act passed by a Parliament is invalid if it is contrary to the Constitution)ལྷག་པར་དུ་རྩ་ཁྲིམས་ནི་རྒྱལ་ཁབ་ཅིག་གི་སྐྱེས་ཚེས་ལག་ཁྱེར་ལྟ་བུ་ཡིན་པས་ན། དེ་ལ་གང་བྱུང་འགྲེལ་བརྗོད་དང་འགྱུར་བ་བཏང་བ་ཡིན་ན་རྒྱལ་ཁབ་ཀྱི་རྨང་གཞིའམ་ངོ་བོར་འགྱུར་བ་གཏོང་གི་ཡོད་པས་ན། རྒྱལ་ཁབ་མང་ཆེ་བའི་རྩ་ཁྲིམས་ལ་བསྐྱར་བཅོས་གཏོང་བར་མང་མོས་འོས་བསྡུ་ཁོ་ནའི་ལམ་ནས་མ་གཏོགས་ཐབས་ལམ་གཞན་མེད་པ་དང་། ཨོ་སི་ཊོ་ལི་ཡར་ལྟ་བུར་མཚོན་ན་མང་མོས་འོས་བསྡུ་དགོས་པ་ཙམ་དུ་མ་ཟད། མང་མོས་ཉིས་བརྩེགས་དགོས་པ་སྟེ། རྒྱལ་ཁབ་ཁྱོན་ཡོངས་ཀྱི་མང་མོས་དང་། མངའ་སྡེ་མང་ཆེ་བའི་མང་མོས་དགོས་ཀྱི་ཡོད། ལྷག་པར་དུ། མངའ་སྡེ་གང་རུང་ལ་ཐད་ཀར་འབྲེལ་བ་ཡོད་པའི་བསྐྱར་བཅོས་ཤིག་ཡིན་ན་རྒྱལ་ཁབ་དང་མངའ་སྡེ་མང་ཆེ་བའི་མང་མོས་ཡོད་པས་མ་ཚད། གང་ལ་འབྲེལ་བ་ཡོད་པའི་མངའ་སྡེ་དེའི་ནང་ངེས་པར་དུ་མང་མོས་དགོས་ཀྱི་ཡོད། འདི་དག་ལ་ཞིབ་ཏུ་བསམ་ན་རྩ་ཁྲིམས་ནི་རྒྱལ་ཁབ་ཅིག་གི་སྐྱེས་ཚེས་ལག་ཁྱེར་ཙམ་དུ་མ་ཟད། ཉེ་རིང་ཆགས་སྡང་བྲལ་ཞིང་། བྱམས་དང་སྙིང་རྗེ་ལྡན་པའི་ཕ་མ་ལྟ་བུ་ཞིག་ཡིན་པའི་འདུ་ཤེས་རང་དབང་མེད་པར་སྐྱེས་ཡོང་།

རྩ་ཁྲིམས་ལ་འགྲེལ་བཤད་རྒྱག་མཁན་སུ་རེད་དམ།

མཁས་དབང་ཟམ་གདོང་རིན་པོ་ཆེ་ནས་རྩ་ཁྲིམས་ལ་སུས་ཀྱང་འགྲེལ་བཤད་རྒྱབ་ཆོག་གི་རེད། འོན་ཀྱང་། མཐར་ཐུག་གི་འགྲེལ་བཤད་གནང་མཁན་ཆེས་མཐོ་ཁྲིམས་ཞིབ་ཁང་རེད་གསུང་པ་འདི་ཧ་ཅང་གི་གནད་འགག་ཆེན་པོ་རེད། ད་ལྟའི་བར་དུ་བཙན་བྱོལ་སྤྱི་ཚོགས་ནང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་དང་ཚོགས་ཟུར་པདྨ་འབྱུང་གནས་གཙོས་ཁྲིམས་ལུགས་མཁས་དབང་མང་པོས་བཅའ་ཁྲིམས་འགྲེལ་བརྗོད་གནང་གི་ཡོད་མོད། དོན་དངོས་ཐོག་བཅའ་ཁྲིམས་ལ་མཐར་ཐུག་འགྲེལ་བརྗོད་གནང་མཁན་ནི་ཁྲིམས་ལུགས་དབང་འཛིན་ནམ་ཁྲིམས་ཞིབ་ཁང་ཁོ་ན་ཡིན་པས། ཁྲིམས་ཞིབ་པ་མེད་པའམ་ཁྲིམས་ཞིབ་པ་ངོས་ལེན་མེད་པའི་ཁོར་ཡུག་ཅིག་ནས་བཅའ་ཁྲིམས་ལ་མཐར་ཐུག་གི་འགྲེལ་བརྗོད་དང་ཐག་གཅོད་ཅིག་ཡོང་མི་སྲིད། དེ་བས་བཅའ་ཁྲིམས་དང་མཐུན་པའི་སྒྲིག་འཛུགས་ཤིག་དགོས་ན་ཁྲིམས་ཞིབ་པ་ཡོད་པའམ་ངོས་ལེན་གནང་དགོས་ཀྱི་ཡོད།

ཨོ་སི་ཊོ་ལི་ཡའི་བཅའ་ཁྲིམས་ནང་གྲོས་ཚོགས་ནས་ཁྲིམས་ཁང་དང་ཁྲིམས་དཔོན་རྣམས་བསྐོ་བཞག་བྱེད་པ་དང་། ཁྲིམས་དཔོན་རྣམ་པའི་ལས་འགན་གཙོ་བོ་ནི་ཁྲིམས་ལ་འགྲེལ་བཤད་གནང་རྒྱུ་དེ་རེད། ད་དུང་བཅའ་ཁྲིམས་ཀྱི་ཚིག་བརྗོད་ལ་འགྲེལ་བཤད་ཀྱི་ཚིག་མཛོད་དང་། བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་(CONSTITUTION LAW) སོགས་ཡོད་པ་འདི་དག་ཡོད་ཚད་ལ་འགྲེལ་བརྗོད་བྱེད་མཁན་ཁྲིམས་དཔོན་རྣམ་པ་ཁོ་ནར་ཡོད་པའི་དབང་ཚད་ཡིན་པས། ཨོ་སི་ཊོ་ལི་ཡར་མཚོན་ན་དྲི་བ་འདི་ལོ་ཆུང་བྱིས་པ་ཞིག་ལ་དྲིས་ན་ཤེས་པའི་ཚོད་ཡིན། ཁྲིམས་བཟོ་མཁན་གྲོས་ཚོགས། ལག་བསྟར་བྱེད་མཁན་འཛིན་སྐྱོང་གཞུང་། འགྲེལ་བརྗོད་བྱེད་མཁན་ཁྲིམས་ཁང་རེད། འདི་དག་གི་ཁྱད་པར་ཙམ་ཡང་མ་ཤེས་པའམ་ཤེས་འདོད་མེད་པའི་སྤྱི་འཐུས་མང་པོ་ཞིག་སྤྱི་འཐུས་ལྷན་ཁང་ནང་སླེབས་ཡོད་པ་ནི་ང་ཚོ་བོད་མི་རིགས་ཀྱི་གྱོང་གུད་དམ་ཕམ་ཁ་ཆེན་པོ་ཞིག་རེད། མང་གཙོའི་རྒྱལ་ཁབ་ཚད་ལྡན་ཞིག་ནས་འཚར་ལོངས་བྱུང་མཁན་ཞིག་ཡིན་ན་འདི་དག་ཁྱེད་ཀྱི་གཤིས་ཀར་འཐིམས་ཡོད་པ་སྟེ། ཁྲིམས་འགལ་བྱེད་དུས་ཞེད་སྣང་བྱེད་དགོས་ས་དང་ཡིད་ལ་འཁོར་ཡོང་བ་ནི་ཉེན་རྟོག་པ་ཁྲིམས་དཔོན་རེད་མ་གཏོགས། ཁྲིམས་བཟོ་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ཡིད་ལ་འཆར་མི་སྲིད་པ་ལྟ་བུ་རེད། དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཚང་མས་ཞེད་སྣང་བྱེད་ས་དེ་སྤྱི་འཐུས་ཚོ་ཡིན་པ་ཡང་ཕལ་ཆེར་ང་ཚོར་མང་གཙོའི་གཤིས་ཀ་འཇགས་མེད་པ་མངོན་གྱི་ཡོད།

ཞོར་འཕྲོས།

༧གོང་ས་མཆོག་དང་གོང་ས་མཆོག་གི་སྐུ་པར།

སྤྱིར་བཏང་། ཡར་ཐོན་རྒྱལ་ཁབ་བམ་རྒྱལ་ཁབ་ཚད་ལྡན་ཞིག་ཡིན་ན་མི་སྒེར་གྱི་རིག་དངོས་ཀྱི་བདག་དབང་གལ་ཆེན་པོར་བརྩི་སྲོལ་ཡོད་པ་ལྟར། ༧གོང་ས་མཆོག་དང་གོང་ས་མཆོག་གི་སྐུ་པར་གྱི་བདག་དབང་ངོ་མ་དེ་༧གོང་ས་མཆོག་ཡིན་པ་སྨྲོས་མེད་རེད། ལྷག་པར་དུ་༧གོང་ས་མཆོག་གི་སྐུ་པར་མདུན་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་གནོད་གཞིར་འགྲོ་སྲིད་པའི་སྤྱི་འཐུས་ཀྱི་དམ་འབུལ་མ་ཞུས་སྔོན་༧གོང་ས་མཆོག་ལ་སྙན་སེང་ཞུས་ཡོད་མེད་དང་། དགའ་ལྡན་ཕོ་བྲང་ནས་དེ་ལྟར་གནང་ཆོག་པའི་བཀའ་ཁྲོལ་བསྩལ་ཡོད་མེད་སོགས་ཀྱང་དྲི་བ་ཆེན་པོ་ཞིག་རེད། དེང་སྐབས་ང་ཚོའི་སྤྱི་ཚོགས་ཁྲོད་༧གོང་ས་མཆོག་གི་མཚན་གནས་བེད་སྤྱོད་ལོག་པར་གཏོང་མཁན་ཇེ་མང་ནས་ཇེ་མང་ལ་འགྲོ་བཞིན་པ་དང་། ༧གོང་ས་མཆོག་གི་སྐུ་པར་མདུན་ནས་ཕལ་ཆེར་སྒྲིག་འགལ་གང་ཡིན་ཀྱང་བྱས་ཆོག་པ་ལྟ་བུའི་གཤིས་ཀ་ངན་པ་ཤིག་འཇགས་བཞིན་འདུག རྡོག་དོན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོའི་ནང་། ༧གོང་ས་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང༌། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས་ཡིན་པ་དང་། དོན་ཚན་འདི་ལ་འགྱུར་བ་གཏོང་བར་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་བཞི་ཆ་གསུམ་ཡན་གྱིས་མོས་མཐུན་བྱས་པའི་ཁྲིམས་འཆར་དགོས་པའི་བརྟན་པོ་ཞིག་བཟོས་འདུག་པ་མ་གཏོགས། ད་ལྟའི་སྤྱི་འཐུས་རྣམས་པའི་བྱེད་བབས་ལ་བལྟས་ན་བཅའ་ཁྲིམས་དོན་ཚན་དང་པོ་དེར་ཡང་ལག་པ་འཆང་རྒྱུ་ཐེ་ཚོམ་མེད་པ་ལྟ་བུ་རེད། ལྷག་པར་༧གོང་ས་མཆོག་ཆིག་སྒྲིལ་གྱི་མཚོན་རྟགས་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་བདེན་ན། ༧གོང་ས་མཆོག་གི་སྐུ་པར་མདུན་ཆིག་སྒྲིལ་གཏོར་གཞིར་འགྲོ་བའི་ལས་འགུལ་སྤེལ་བ་འདི་བོད་མི་ཡོངས་ཀྱི་བསམ་ཡུལ་ལས་འདས་ཤིང་སེམས་ནང་བཟོད་ཐབས་བྲལ་བའི་གནང་སྟངས་ཤིག་མ་རེད་དམ། ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ཆུ་ཚོད་ཁ་ཤས་ནང་བཅའ་ཁྲིམས་བསྐྱར་བཅོས་བྱས་པའི་ཆེས་ཉེན་འཚབ་ཆེ་བའི་གནང་སྟངས་དེ་མཐོང་སྐབས། མང་གཙོ་ཚད་ལྡན་གྱི་རྩ་ཁྲིམས་ནང་འཁོད་དོན་བཞིན་བཅའ་ཁྲིམས་བསྐྱར་བཅོས་དེ་བཞིན་གྲོས་ཚོགས་བརྒྱུད་མང་མོས་འོས་བསྡུ་ཁོ་ནས་ལམ་ནས་གནང་དགོས་པའི་ཆ་རྐྱེན་ཅིག་མ་བསྐྲུན་པ་ཡིན་ཚེ། ང་ཚོའི་བཅའ་ཁྲིམས་འདི་བཞིན་སྐབས་དེ་དང་དེའི་སྤྱི་འཐུས་རྣམ་པའི་སེམས་ཚོར་ཙམ་གྱིས་ཀྱང་འགྱུར་གཏོང་ཐུབ་པ་ཞིག་ཡིན་པ་ཧ་ཅང་གསལ་པོར་གྱུར་ཡོད།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

སྐར་མ ༥༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩

མཆན། 3

  1. Tenzin yonden says:
    ལོ་ 5 སྔོན།

    ???❤️???he Soo yerang Yu.

    Reply
  2. པ་རྡོ་རེ། says:
    ལོ་ 5 སྔོན།

    “གྲོས་ཚོགས་ཤིག་ནས་གཏན་འབེབས་བྱུང་བའི་ཁྲིམས་དང་གྲོས་ཆོད་ཡིན་ན་ཡང་རྩ་ཁྲིམས་དང་འགལ་ཚེ་ནུས་མེད་ཆགས་འགྲོ་པ་ཡིན། རང་ཅག་གི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ལྔ་བའི་ནང་དུ་ཡང་བཅའ་ཁྲིམས་ཀྱི་ཚད་འཛིན་ནི། ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ་ཟེར་བ་འདི་ཡང་གནད་འགག་ཧ་ཅང་ཆེན་པོ་ཡིན། (Accordingly, even an Act passed by a Parliament is invalid if it is contrary to the Constitution)” དང་།”
    “༧གོང་ས་མཆོག་དང་གོང་ས་མཆོག་གི་སྐུ་པར་གྱི་བདག་དབང་ངོ་མ་དེ་༧གོང་ས་མཆོག་ཡིན་པ་སྨྲོས་མེད་རེད། ལྷག་པར་དུ་༧གོང་ས་མཆོག་གི་སྐུ་པར་མདུན་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་གནོད་གཞིར་འགྲོ་སྲིད་པའི་སྤྱི་འཐུས་ཀྱི་དམ་འབུལ་མ་ཞུས་སྔོན་༧གོང་ས་མཆོག་ལ་སྙན་སེང་ཞུས་ཡོད་མེད་དང་། དགའ་ལྡན་ཕོ་བྲང་ནས་དེ་ལྟར་གནང་ཆོག་པའི་བཀའ་ཁྲོལ་བསྩལ་ཡོད་མེད་སོགས་ཀྱང་དྲི་བ་ཆེན་པོ་ཞིག་རེད། དེང་སྐབས་ང་ཚོའི་སྤྱི་ཚོགས་ཁྲོད་༧གོང་ས་མཆོག་གི་མཚན་གནས་བེད་སྤྱོད་ལོག་པར་གཏོང་མཁན་ཇེ་མང་ནས་ཇེ་མང་ལ་འགྲོ་བཞིན་པ་དང་། ༧གོང་ས་མཆོག་གི་སྐུ་པར་མདུན་ནས་ཕལ་ཆེར་སྒྲིག་འགལ་གང་ཡིན་ཀྱང་བྱས་ཆོག་པ་ལྟ་བུའི་གཤིས་ཀ་ངན་པ་ཤིག་འཇགས་བཞིན་འདུག རྡོག་དོན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོའི་ནང་། ༧གོང་ས་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང༌། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས་ཡིན་པ་དང་། དོན་ཚན་འདི་ལ་འགྱུར་བ་གཏོང་བར་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་བཞི་ཆ་གསུམ་ཡན་གྱིས་མོས་མཐུན་བྱས་པའི་ཁྲིམས་འཆར་དགོས་པའི་བརྟན་པོ་ཞིག་བཟོས་འདུག་པ་མ་གཏོགས། ད་ལྟའི་སྤྱི་འཐུས་རྣམས་པའི་བྱེད་བབས་ལ་བལྟས་ན་བཅའ་ཁྲིམས་དོན་ཚན་དང་པོ་དེར་ཡང་ལག་པ་འཆང་རྒྱུ་ཐེ་ཚོམ་མེད་པ་ལྟ་བུ་རེད། ལྷག་པར་༧གོང་ས་མཆོག་ཆིག་སྒྲིལ་གྱི་མཚོན་རྟགས་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་བདེན་ན། ༧གོང་ས་མཆོག་གི་སྐུ་པར་མདུན་ཆིག་སྒྲིལ་གཏོར་གཞིར་འགྲོ་བའི་ལས་འགུལ་སྤེལ་བ་འདི་བོད་མི་ཡོངས་ཀྱི་བསམ་ཡུལ་ལས་འདས་ཤིང་སེམས་ནང་བཟོད་ཐབས་བྲལ་བའི་གནང་སྟངས་ཤིག་མ་རེད་དམ། ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ཆུ་ཚོད་ཁ་ཤས་ནང་བཅའ་ཁྲིམས་བསྐྱར་བཅོས་བྱས་པའི་ཆེས་ཉེན་འཚབ་ཆེ་བའི་གནང་སྟངས་དེ་མཐོང་སྐབས། མང་གཙོ་ཚད་ལྡན་གྱི་རྩ་ཁྲིམས་ནང་འཁོད་དོན་བཞིན་བཅའ་ཁྲིམས་བསྐྱར་བཅོས་དེ་བཞིན་གྲོས་ཚོགས་བརྒྱུད་མང་མོས་འོས་བསྡུ་ཁོ་ནས་ལམ་ནས་གནང་དགོས་པའི་ཆ་རྐྱེན་ཅིག་མ་བསྐྲུན་པ་ཡིན་ཚེ། ང་ཚོའི་བཅའ་ཁྲིམས་འདི་བཞིན་སྐབས་དེ་དང་དེའི་སྤྱི་འཐུས་རྣམ་པའི་སེམས་ཚོར་ཙམ་གྱིས་ཀྱང་འགྱུར་གཏོང་ཐུབ་པ་ཞིག་ཡིན་པ་ཧ་ཅང་གསལ་པོར་གྱུར་ཡོད།” ཅེས་པ་རྣམས་བོད་མི་ཚང་མས་དོ་སྣང་གནང་དགོས་པའི་གནས་ཚུལ་ཞིག་ཡིན།

    ལར་ནས། བོད་མིའི་མང་གཙོ་འམ་རྒྱ་མིའི་ནད་གཟིར་གྱི་མིག་འབེན་དུ་གྱུར་པའི་བོད་པའི་སྤྱི་ཚོགས་དེ་གཏོར་བཤིག་གཏོང་ལ་འབད་པའི་ད་ལྟའི་ཆ་མ་ཚང་བའི་སྤྱི་འཐུས་རྣམས་ཧ་ཅང་གི་མ་རབས་ཡིན། ༸གོང་ས་མཆོག་ཁ་ལ་འཁྱེར་ནས་འཁྲབ་ཅེས་པ་དེ་ཁྱོད་ཚོ་ཡིན། ད་ལྟ་ཁྱོད་ཚོའི་བསོད་ནམས་དེ་མ་ཟད་བར་དུ་འཁྲབ་རོགས་ཨང་། ལས་རྒྱུ་འབྲས་ཀྱིས་འཕྱུགས་མ་ཡོང་ངོ་།། བོད་མི་ཐ་ཞན་ཚོ།། ངོ་ཚ་རྒྱུ་ཡོད་ན་རྒྱ་མི་རོགས་བྱེད་རྒྱུ་མཚམས་འཇོག་བྱོས། དེ་མིན་བོད་མི་མང་གིས་ཁྱོད་རྣམས་དེ་མུར་འཇོག་ཐབས་མེད་དོ།།

    Reply
  3. ཐོས་བསམ། says:
    ལོ་ 5 སྔོན།

    བཀའ་དྲིན་ཆེ། དཔྱད་ཞིབ་ཚད་ལྡན་གནང་འདུག་པ་མ་ཟད་། རྒྱུ་མཚན་གྱི་ཐོག་ནས་འགྲེལ་འདུག་པ་ཡི་རངས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese