མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོ་ལོག་གི་ས་ཡོམ་ཁྲོད་མི་གྲངས་སུམ་ཁྲི་བདུན་སྟོང་ལྷག་ལ་གནོད་སྐྱོན་ཐེབས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

མགོ་ལོག་རྨ་སྟོད་རྫོང་གི་ས་ཡོམ་ཁྲོད་མི་རྒྱུ་གཉིས་ལ་གྱོང་གུད་ཚབས་ཆེན་ཕོག་པ་དང་ཁྱོན་མི་གྲངས་ཁྲི་བདུན་དང་ཕྱེད་ཀ་མ་ཟིན་ཙམ་ལ་གནོད་སྐྱོན་ཐེབས་ཡོད་འདུག

ཉེ་སྔོན་བོད་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་ཚད་རིམ་ ༧་༤ ཅན་གྱི་ས་ཡོམ་བརྒྱབས་རྗེས། འདི་གའི་གསར་ཁང་ལ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་རིམ་པ་འབྱོར་བ་དང་། དེ་རིང་གསར་དུ་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན།  མགོ་ལོག་ཁུལ་གྱི་ས་འགུལ་དེ་མགོ་ལོག་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་། པདྨ་རྫོང་། དགའ་བདེ་རྫོང་། དར་ལག་རྫོང་། ཆུ་དམར་ལེབ་རྫོང་། ཁྲི་འདུ་རྫོང་བཅས་རྫོང་བདུན་དང་ཡུལ་ཚོ་བཞི་བཅུ་བཅས་ཀྱི་ནང་བྱུང་སྟེ། ཁྱོན་མི་གྲངས་ཁྲི་བདུན་དང་ལྔ་སྟོང་ལྷག་ལ་གནོད་སྐྱོན་ཐེབས་ཡོད་པ་རེད་ལ།ཉེ་ལམ་ནས་རྒྱ་ནག་གཞུང་གིས་མགོ་ལོག་ཕྱོགས་སུ་དམག་མི་འགྲེམ་འཇོག་གིས་དམ་དྲག་བྱེད་ཀྱི་ཡོད་སྟབས། ས་ཡོམ་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་འགྲེལ་བརྗོད་གནང་ཕོད་ཀྱི་མི་འདུག

འདི་གའི་གསར་འགོད་པས་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ལ་ས་ཡོམ་སྐབས་ཀྱི་དངོས་ཡོད་གནས་སྟངས་ག་འདྲ་ཡིན་མིན་སྐོར་སྐད་ཆ་དྲིས་པར་ཁོས། ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གྱོང་གུད་ཚབས་ཆེན་ཐེབས་ཡོད་པ་རེད། འོན་ཀྱང་། ཤི་རྨས་ཐེབས་པའི་གྲངས་འབོར་ཏག་ཏག་ཅིག་བཤད་རྒྱུ་མེད། ཅེས་བརྗོད་བྱུང་བ་དང་། ཉེ་སྔོན་རྒྱ་ནག་གཞུང་གིས་ས་གནས་མང་ཚོགས་ལ་དམ་དྲག་གིས། ས་ཡོམ་དང་འབྲེལ་བའི་གནས་ཚུལ་ཕྱི་བསྒྲགས་བྱས་མི་ཆོག་པའི་ཉེན་བརྡའང་བཏང་ཡོད་པ་རེད།

ཡང་གནས་ཚུལ་མཁོ་སྤྲོད་པས། མགོ་ལོག་རྨ་སྟོད་རྫོང་དང་དགའ་བདེ་རྫོང་གཉིས་ནང་གི་དུ་ཁྱིམ་མང་པོའི་ཁང་པ་རྦད་དེ་རྩ་བརླག་ཐེབས་པ་དང་ནོར་ནག་དང་། རི་ཆེན་དང་ལམ་འགྱེལ་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་སྐོར་བརྗོད་བྱུང་བ་དང་། མགོ་ལོག་གི་ས་ཡོམ་འགུལ་ཐེངས་ ༡༠༤ བྱུང་ཡོད་པ་དང་ཐོག་མའི་ཆར་རྒྱ་ནག་གཞུང་གིས་ས་ཡོམ་གྱི་ཚད་རིམ་ ༧་༤ ཡིན་པར་ངོས་འཛིན་བྱས་ཡོད་ཀྱང་། ད་ལྟ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཚང་མའི་ནང་ཡོངས་གྲགས་ཀྱིས་མགོ་ལོག་གི་ས་འགུལ་གྱི་ཚད་རིམ་ ༥་༢༢ ཡིན་སྐོར་སྒྲོག་གི་འདུག

ཡང་ཉེ་སྔོན་འདི་གར་བོད་ནས་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་མགོ་ལོག་རྨ་སྟོད་རྫོང་ཁོངས་ནས་མི་ ༢༠ ལྷག་འདས་གྲོངས་དང་། ཚད་རིམ་མི་འདྲ་བའི་རྨས་སྐྱོན་བྱུང་བ་ ༣༠༠ ལྷག་དང་།  མི་ ༡༣ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། ས་གནས་སུ་སྨན་པ་དང་དམག་མི་ཧ་ཅང་མང་པོ་ཞིག་འབྱོར་ཡོད་སྐོར་དང་། ཐེངས་འདིའི་ས་ཡོམ་ཁྲོད་རྐྱེན་འདས་སུ་ཕྱིན་པའི་འདས་པོ་རྣམས་ཀྱི་ཁྱིམ་མིར་རྒྱ་སྒོར་ཁྲི་ལྔ་རེ་གུན་གསབ་ཏུ་སྤྲོད་ཀྱི་ཡོད་སྐོར་ཡང་བརྗོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གོང་མ་ཆིན་ཧྲི་ཧོང་གིས་བོད་ནང་དུ་འཆི་མེད་བདུད་རྩི་འཚོལ་ཞིབ་སླད་མི་སྣ་མངགས་གཏོང་བྱས་ཡོད་ཟེར།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།

ཆུ་ཚོད་ ༢༡ སྔོན་ལ།
བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཇི་ནི་ཝའི་རྒྱལ་ཚོགས་ལས་ཁུངས་སུ་བཅར་བ།  ༢༠༢༥།༢།༡༢
Mobile App

རྒྱལ་ཚོགས་ཀྱི་ཆེད་མཁས་པ་དྲུག་གིས་རྒྱ་ནག་གཞུང་ལ་གནད་དོན་ཁ་གསལ་དགོས་པའི་སྐུལ་འདེད་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་པ་མཇུག་བསྒྲིལ། 

༢༠༢༥/༠༩/༡༨
Mobile App

དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙིའི་མཛད་སྒོ་འཚོགས་སོང་།

༢༠༢༥/༠༩/༡༨
Mobile App

དབུས་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་ལས་འཕར་གཉིས་འདེམས་ཐོན་བྱུང་། 

༢༠༢༥/༠༩/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese