དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༣༠ སྟེང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ནས་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་འོས་བསྡུ་དང་འབྲེལ་བའི་གསལ་བཤད་ལམ་སྟོན་གྱི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོར་སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམས་ནས་དམ་འབུལ་ཞུ་ཕྱོགས་མི་འདྲ་བ་གཉིས་གནང་ཡོད་པ་དེའི་ཐད་དབུས་འོས་བསྡུ་ལས་ཁང་གི་ལམ་སྟོན་ནང་དུ། ད་ཐེངས་སྐབས་ ༡༧ པའི་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ལམ་ལྷོངས་མ་བྱུང་བའི་རྐྱེན་རྩ་གཙོ་བོ་དེ་ཚོགས་དྲུང་ལས་ཁུངས་ནས་བཅའ་ཁྲིམས་དང་མ་མཐུན་པའི་དམ་འབུལ་ཞུ་ཡུལ་ཁག་གཉིས་བཟོས་པར་འདི་ནས་འགན་འཁུར་དགོས་པའི་ཡིག་ཐོག་ཕུལ་སྐབས། དཀའ་རྙོག་གི་འབྱུང་རྐྱེན་གཙོ་བོར་གྱུར་བར་ངོས་ལེན་ཞུ་ཐབས་མེད་པ་དང་། མཇུག་འབྲས་ཇི་ཆགས་འགན་ཡང་འཁུར་ཐབས་མེད་ཅེས་གསལ་འདེབས་གནང་སྟངས་ལ་གཞིགས་སྐབས། བཅའ་ཁྲིམས་དང་སྒྲིག་འཁུར་གང་ཡང་ཞུ་མི་དགོས་པའི་གདེང་སྤོབས་དང་གནང་སྟངས་ལ་ཐུགས་འཚབ་ཧ་ཅང་ཆེན་པོ་ཡོད། སླད་འགན་འཁུར་ཡོངས་རྫོགས་ཚོགས་དྲུང་ལས་ཁུངས་ནས་ཞུ་དགོས་ཞུས་ལུགས་གསལ་བཤད་མཐིལ་ཕྱིན་ཞུས་ཟིན་ན། སླད་དེ་འབྲེལ་ཚོགས་དྲུང་ལས་ཁུངས་ལ་འབྲེལ་གཏུགས་གནང་སྐྱོང་ཡོང་བ་ཞེས་དང་། བཅའ་ཁྲིམས་དོན་ཚན་ ༤༧ ནང་བར་བརྒལ་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་དགོས་པ་ཁ་གསལ་ཡོད་པ་བཞིན། བདམས་ཐོན་སྤྱི་འཐུས་གྲངས་ ༢༢ ནས་བཅའ་ཁྲིམས་དགོངས་དོན་བར་བརྒལ་ཚོགས་གཙོའི་མདུན་དམ་འབུལ་ཞུས་མཚམས་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་ཞུ་རྒྱུར་གྲ་སྒྲིག་ཨང་གསར་ཡོད། ཅེས་གསུངས་འདུག
ཡང་དམ་འབུལ་ཉིན་མོར་དབུས་འོས་བསྡུ་ལས་ཁང་ལ་གནས་ཚུལ་ག་རེ་འབྱོར་ཡོད་མེད་དང་དེའི་ཐད་ལམ་སྟོན་ག་རེ་གནང་ཡོད་མེད་བཀོད་པའི་ནང་། ཉིན་དེའི་ཉིན་གུང་ཕྱག་ཚོད་ ༡༢།༢༧ ཐོག་ཚོགས་དྲུང་ལས་ཁུངས་ཀྱི་ཡིག་སྐྱེལ་བརྒྱུད་སྤྱི་འཐུས་ལྷན་ཚོགས་ཀྱི་ཡིག་ཆུང་དང་། མཚན་གཞུང་ཕུལ་འབྱོར་བྱུང། མཛད་རིམ་ལྟར་གྱི་ཕྱི་ཡོལ་ཕྱག་ཚོད་ ༢།༠༠ ཐོག་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ངོ་བཅར་ཞུས་ཏེ་འདེམས་ཐོན་སྤྱི་འཐུས་རྣམ་པར་འཚམས་འདྲི་ཞུས་པ་དང་འབྲེལ་བཅའ་ཁྲིམས་དང་། འོས་སྒྲིག་ནང་གསལ་དོན་ཚན་ཁག དེ་བཞིན་འོས་ཤོག་འཕེན་སྟངས་སྐོར་ངོ་སྤྲོད་ཞུས་མཚམས། བཅའ་ཁྲིམས་དོན་ཚན་ ༤༧ དགོངས་དོན་དམ་འབུལ་ཞུས་པ་གྲངས་ ༢༡ བྱུང་འདུག་པས། བཅའ་ཁྲིམས་དོན་ཚན་ ༤༩ དགོངས་དོན་གསུམ་ཆ་གཉིས་ལོན་མེད་སྟབས། སྒྲིག་གསལ་གྲུབ་ཆ་ཚང་མཚམས་འོས་བསྡུ་ཞུ་རྒྱུ་ཡིན་ན་ཚང་མས་ཡོང་ཐབས་ཐུགས་སྐྱེད་ཡོང་བ་ཞུས་ཏེ་འགྲིག་འཇགས་འབྱུང་སླད་ལས་ཁུངས་སུ་ཕྱིར་ལོག་གནང་ཡོད་པ་དང་། ཉིན་དེའི་ཉིན་རྒྱབ་ཕྱག་ཚོད་ ༣།༠༢ སྟེང་བདམས་ཐོན་སྤྱི་འཐུས་སྐུ་ཚབ་བཞི་ལས་ཁུངས་སུ་ཕེབས་ཏེ། སྤྱི་འཐུས་གྲངས་ ༤༣ ཀྱི་མཚན་རྟགས་འཁོད་པའི་མཚན་གཞུང་ངོ་བཤུས་དང་། མཛད་རིམ་མིག་སྟོན་གནང་ཏེ། ཡིག་ཆ་འདི་གཉིས་ལ་གཞི་བཅོལ་ཏེ་ངོས་བཞེས་གནང་ཐབས་ཡོང་བ་ཞུས་པ་བཞིན། མཚན་གཞུང་ལ་ཞིབ་སྐབས་ཡིག་ཆ་ཚད་ལྡན་རེད་འདུག་པས་ཞིབ་རྩད་ཞུ་རྒྱུ་ཞུས་པ་ལྟར། ཕྱི་ཚེས་ ༩ ཉིན་ཚོགས་དྲུང་ལས་ཁུངས་སུ་ཡིག་ཆ་དེ་དམ་འབུལ་སྐབས་ཀྱི་མཚན་གཞུང་ཡིན་མིན་དང་། གཞུང་འབྲེལ་ངོས་བཞེས་ཇི་ཡིན་གསལ་བཤད་དགོས་པའི་ཡིག་ཆུང་ཕུལ་བ་དེར། ཚོགས་དྲུང་ལས་ཁུངས་ནས་དམ་འབུལ་ཞུ་ཕྱོགས་མི་འདྲ་བ་གཉིས་བྱུང་སྐོར་ཙམ་གྱི་ཡིག་ལན་འབྱོར་ཡོད་སྐོར་དང་། ངག་ཐོག་ནས་ད་བར་བསྟན་སྲིད་ཀྱི་ལས་དོན་གལ་ཆེ་འདི་ལྟ་བུ་བསྒྲུབ་ཐབས་སླད་དབུས་འོས་བསྡུ་ལས་ཁང་ནས་གང་ཡོང་རམ་འདེགས་ཞུས་ཁུལ་ཡང་། ཐེངས་འདིའི་བཅའ་ཁྲིམས་ལས་བརྒལ་བའི་གནས་དོན་ནང་སླད་མཉམ་ཞུགས་ཞུ་ཐབས་མེད་པ་གསལ་སྟོན་ཞུས་ཡོད་སྐོར་བཀོད་འདུག
འོས་བསྡུ་ལས་ཁང་གི་ལམ་སྟོན་གསལ་བཤད་ཀྱི་མཇུག་ཏུ། བོད་ཆག་འཇིག་གཉན་འཕྲང་གི་དུས་འདིར། འུ་ཅག་རྣམས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྷ་དགོངས་འཁྲུགས་གཞིར་མི་གྱུར་བ་གཙོ་དོན་ཐོག མང་ཚོགས་ནས་རེ་འདུན་ཆེན་པོས་མང་བཀུར་ཞུས་པ་བདམས་ཐོན་སྤྱི་འཐུས་རྣམས་ནས་འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་བཞེས་ཐོག་དམ་འབུལ་བཅའ་ཁྲིམས་དགོངས་དོན་འབུལ་ཐབས་དང་། འོས་བསྡུའི་ལས་རིམ་ཤར་སྐྱོད་འགྲོ་ཐབས་སུ་མཐུན་འགྱུར་ངེས་གནང་དགོས་པ་ཞུ་བཞིན་ཡོད། ད་དུང་འདི་མུར་རྒྱུན་རིང་ལྷགས་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིར་ཇི་མི་སྙམ་པའི་གོད་ཆག་དང་འགོག་རྐྱེན་ཆགས་ཉེན་འདུག་ན། དེ་ལྟར་མི་ཡོང་བའི་ཐུགས་འགན་ངེས་པར་བཞེས་གནང་དགོས་ཞེས་གསུངས་འདུག
དེ་ནས་གསར་འགོད་པ་དང་དྲི་བ་དྲིས་ལན་སྐབས། བཅའ་ཁྲིམས་དོན་ཚན་ ༤༧ བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུས་པ་དེས་དོན་ཚན་ ༤༩ པའི་དགོངས་དོན་ལྟར་གྲངས་ཚད་མ་ལོངས་པ་རེད། མ་འོངས་པར་ཕྱོགས་གཉིས་ཀས་བཅའ་ཁྲིམས་དོན་ཚན་ ༤༧ པར་མོས་མཐུན་བྱུང་ཐུབ་མིན་དྲིས་པར་ཁོང་གིས། དམངས་གཙོའི་རིང་ལུགས་ནང་ཁྲིམས་སྒྲིག་དེ་གལ་ཆེ་ཤོས་རེད། ཁྲིམས་སྒྲིག་ལ་ཤར་སྐྱོད་གནང་མ་ཐུབ་པ་ཡིན་ན་དམངས་གཙོའི་ལམ་དུ་ཏག་ཏག་བསྐྱོད་ཐུབ་རྒྱུ་ཁག་པོ་རེད། ཚང་མས་མཁྱེན་གསལ་ལྟར་ང་ཚོས་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ཕྱི་ལོ་ ༡༩༦༠ ནས་བཅའ་ཁྲིམས་དང་རྩ་ཁྲིམས་གཏན་འབེབ་གནང་བ་རེད། བཙན་བྱོལ་ནང་གནས་པའི་རིང་ང་ཚོས་ཡོངས་སུ་བཀུར་ས་དེ་བཅའ་ཁྲིམས་ཆགས་ཀྱི་ཡོད་པ་རེད། བཅའ་ཁྲིམས་དོན་ཚན་ལས་བརྒལ་བའི་གནས་སྟངས་ཆགས་ཀྱི་ཡོད་ན། དབུས་འོས་བསྡུ་ལས་ཁང་ལྟ་བུ་ལ་ཆ་བཞག་ན། བཅའ་ཁྲིམས་དགོངས་དོན་ཐོག་ངེས་པར་དུ་ཤར་སྐྱོད་བྱེད་དགོས་རེད་ཟེར་ནས་ཞུ་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་རེད། དེ་བཞིན་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ལ་ཆ་བཞག་ན། བདམས་ཐོན་བྱུང་བའི་སྐབས་སུ་འདེམས་ཐོན་བྱུང་བ་དང་ཁྲིམས་ལུགས་གཞིར་བཟུང་དམ་འབུལ་ཞུ་དགོས་རེད། དམ་འབུལ་ནང་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་དང་འཇིགས་ཞུམ་ཆགས་སྡང་མེད་པར་བྱེད་ཀྱི་ཡིན་ཟེར་ནས་ཁས་བླངས། དམ་བཅས་ཚར་བའི་མི་རེད། དེ་འདྲ་ཞིག་གིས་བཅའ་ཁྲིམས་བཞག་ནས་ཕྱོགས་གཉིས་ཞུ་ཐབས་རྩ་བ་ཉིད་ནས་ཡོད་པ་མ་རེད། ཅེས་གསུངས་སོང་།
ཡང་གསར་འགོད་པ་ཞིག་གིས། ད་ལྟའི་ཆར་ཚོགས་གཙོ་ཚོགས་གཞོན་འདེམས་པར་རྩ་འབོར་གསུམ་ཆ་གཉིས་ལོངས་མེད་དུས། གསུམ་ཆ་གཉིས་ལོངས་དགོས་པའི་ཚད་བཀག་དུས་ཚོད་ག་ཚོད་ཡིན་མིན་དྲིས་པར་འོས་བསྡུའི་འགན་འཛིན་ལགས་ཀྱིས། དུས་ཚོད་ག་ཚོད་བར་དུ་གནང་གི་རེད་གསུངས་པ་དེ་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིའི་ནང་གསལ་པོ་གང་ཡང་ཡོད་མ་རེད། ཡིན་ནའང་དེ་རྒྱུན་མཐུད་ནས་བཞག་ཐུབ་པའི་གནས་སྟངས་མེད་པ་དང་གནས་སྟངས་འདི་དངོས་ཡོད་རེད། དཔེར་ན་འོས་བསྡུ་དང་འབྲེལ་བའི་དུས་ཚོད་ཀྱི་གནས་སྟངས་དུས་ཚོད་འདིའི་བར་དུ་ཚར་དགོས་ཡོད་ཟེར་བའི་བཀའ་བཏང་བ་དེ་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་གཉིས་ཀའི་ནང་ཡོད་རེད། ད་ལྟ་ང་ཚོས་དེ་འདྲ་ཐག་གཅོད་བྱས་པ་ཡིན་ཟེར་བའི་གནས་སྟངས་གང་ཡང་ཞུ་ཡ་མེད། རྒྱུ་མཚན་ནི་ད་ལྟའི་དུས་ཚོད་འདི་ཁོང་ཚོས་དགོངས་བཞེས་གནང་གི་རེད་བསམ་པའི་ང་ཚོ་ལ་རེ་བ་དང་ཡིད་ཆེས་བྱས་ནས་འགྲོ་བཞིན་པའི་གནད་དོན་ཞིག་རེད། དཀའ་ངལ་སྡུག་ཅག་འཕྲད་པ་ཡིན་ན་དེ་ལ་དཔག་པའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིའི་ནང་གང་གསལ་ཡོད་པ་འདི་གའི་དོན་ཚན་སོ་སོའི་ནང་གསལ་དངོས་ཡོད་ཐོག་ནས་གང་ཡིན་པ་སྙན་སེང་ཞུ་དགོས་པའི་གནད་དོན་ཆགས་རྒྱུའི་ཉེན་ཁ་ཡོད་རེད། ང་རང་གི་ངོས་ནས་དེ་འདྲ་མ་ཡོང་བའི་ཐོག་ལ་རེ་བ་དང་འབོད་སྐུལ་ཞུ་ཡི་ཡོད། ཅེས་གསུངས་སོང་།
གསར་འགོད་པ། བསྟན་འཛིན་ཕུར་བུ།
The tyranny of the majority (or tyranny of the masses) is an inherent weakness to majority rule in which the majority of an electorate pursues exclusively its own objectives at the expense of those of the minority factions. This results in oppression of minority groups comparable to that of a tyrant or despot, argued John Stuart Mill in his 1859 book On Liberty.[1]
The scenarios in which tyranny perception occurs are very specific, involving a sort of distortion of democracy preconditions:
Centralization excess: when the centralized power of a federation make a decision that should be local, breaking with the commitment to the subsidiarity principle.[2] Typical solutions, in this condition, are concurrent majority and supermajority rules.
Abandonment of rationality: when, as Tocqueville remembered, a decision “which bases its claim to rule upon numbers, not upon rightness or excellence”.[3] The use of public consultation, technical consulting bodies, and other similar mechanisms help to improve rationality of decisions before voting on them. Judicial review (e.g. declaration of nullity of the decision) is the typical way after the vote.
In both cases, in a context of a nation, constitutional limits on the powers of a legislative body, and the introduction of a Bill of Rights have been used to counter the problem.[4] A separation of powers (for example a legislative and executive majority actions subject to review by the judiciary) may also be implemented to prevent the problem from happening internally in a government.[4]
འོས་བསྡུ་འགན་འཛིན་གྱིས་གསལ་བསྒྲགས་དེ་ལ་ངོས་ལེན་མེད། སྤྱི་འཐུས་སུམ་ཆ་གཉིས་ཀྱིས་འཕོ་འགྱུར་བཏང་བཞག་པའི་མི་སྣ་ཟུར་པ་མདུན་ནས་དམ་འབུལ་ཞུས་པ་ཡིན་ན། གྲྭ་པ་སྡོམ་མེད་མཁན་ཞིག་གི་མདུན་ནས་སྡོམ་པ་ཞུས་པ་དང་གཅིག་པ་རེད། ནམ་ཡང་ངོས་ལེན་མེད། ང་ཚོ་མི་མང་རྣམས་དྲང་བདེན་གྱི་ཕྱོགས་སུ་ལང་ནས་ངོ་རྒོར་མཐའ་གཅིག་ཏུ་བྱེད་ཀྱིས་ཡིན།