མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་ཟུར་བཀྲས་མཐོང་དབང་པོ་ལགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཚན་པའི་འགན་འཛིན་དུ་བསྐོས།

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཚན་པའི་འཛིན་སྐྱོང་ལྷན་ཚོགས་ངོས་ནས་སྤྱི་ཟུར་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ཚན་པ་དེའི་ལག་བསྟར་འགན་འཛིན་དུ་བསྐོ་གཞག་ཞུ་རྒྱུའི་ཐག་གཅོད་བྱས་པ་ལྟར་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༣༡ ནས་འགན་འཛིན་གྱི་ལས་འཁུར་མགོ་འཛུགས་བྱ་རྒྱུ་ཡིན་འདུག

Former MP of TPiE Tethong Wangpo (International Campaign for Tibet)

ཡུ་རོབ་ཀྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇེན་ཨེན་ཌར་སན་ (Jan Anderson) ལགས་ཀྱིས་ལྷན་ཚོགས་ཀྱི་ཐག་གཅོད་དེའི་སྐོར་ནས་བརྗོད་དོན། ངས་དབང་པོ་ལགས་འདས་པའི་ལོ་ངོ་ ༣༠ ལྷག་གི་གོང་ནས་ངོ་ཤེས་ཏེ། ཁོང་གི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ལ་བཅངས་པའི་ཆོད་སེམས་དེ་ཡང་མཐོང་མྱོང་། ཁོང་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་དང་བོད་དོན་རྒྱབ་སྐྱོར་བའི་སྡེ་ཁག དེ་བཞིན་བོད་དོན་མ་ཡིན་པའི་སྤྱི་ཚོགས་དང་ཁོར་ཡུག་གི་ལས་འགུལ་ནང་ཕྱག་ལས་གནང་བའི་ཉམས་མྱོང་ཕུན་སུམ་ལྡན་པ་ཡོད། ཅེས་དང་། དེ་བཞིན་ངས་ད་ལྟའི་འགན་འཛིན་ཚེ་རིང་བྱམས་པ་ལགས་ཀྱིས་འདས་པའི་ལོ་ངོ་ ༢༠ ལྷག་གི་རིང་ཆོད་སེམས་བརྟན་པོའི་ཐོག་ནས་ཕྱག་ལས་ཧུར་ཐག་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ། ཞེས་བརྗོད་ཡོད་འདུག

ལས་འགུལ་ཁང་དེའི་གཞུང་འབྲེལ་དྲ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༡༩༩༩ ལོར་ཡུ་རོབ་ཀྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཐོག་མར་གསར་འཛུགས་བྱེད་མཁན་དང་། ད་ལྟའི་ལག་བསྟར་འགན་འཛིན་ཚེ་རིང་བྱམས་པ་ལགས་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་རྒས་ཡོལ་དུ་ཕེབས་ཀྱི་ཡོད་པར་བརྟེན། ཁོང་མོའི་ཚབ་ཏུ་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་བསྐོ་གཞག་གནང་གཏན་འཁེལ་བ་ཞིག་ཡིན་འདུག

ཕྱི་ལོ་ ༢༠༡༤ ལོར་སྐབས་དེའི་ཡུ་རོབ་ཀྱི་སྤྱི་འཐུས་ལས་ཐོག་ཆུང་བདག་ཀོ་རིན་ལགས་ནད་གཞིའི་རྐྱེན་པས་སྤྱི་འཐུས་ལྷན་ཚོགས་ནང་རྩ་དགོངས་ཞུས་པར་བརྟེན། ཡུ་རོབ་སྤྱི་འཐུས་ཀྱི་སྒུག་ཐོ་དང་པོའི་ནང་ཡོད་པའི་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ལོ་དེའི་ཕྱི་ཟླ་ ༥ ཚེས་ ༦ ཉིན་ཡུ་རོབ་སྤྱི་འཐུས་གསར་བར་དམ་འབུལ་བསྐོ་གཞག་བྱས་ཡོད་པ་རེད། དེ་བཞིན་བོད་དོན་ལས་འགུལ་སྤེལ་བཞིན་པའི་གནས་སྟངས་དང་ནད་ཡམས་ཀྱི་རྐྱེན་པས་སྤྱི་འཐུས་གྲོས་ཚོགས་སུ་སྐབས་གཉིས་བསྟུད་མར་ཚོགས་བཅར་ཞུ་མ་ཐུབ་པའི་རྐྱེན་གྱིས། འདས་ལོར་རང་བཞིན་གྱིས་ཕྱིར་འབུད་སོང་བའི་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་ཡུ་རོབ་ཀྱི་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ཚབ་ཏུ་བཀྲས་མཐོང་དབང་པོ་ལགས་བསྐོ་གཞག་བྱེད་གཏན་འཁེལ་ཡོད་ནའང་། དམ་འབུལ་ཞུ་མ་ཐུབ་པའི་རྐྱེན་གྱིས་བསྐོ་གཞག་གནང་ཐུབ་མེད་པ་རེད།

བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ནི་སུད་སིར་སྐྱེས་ཤིང་། ཛུ་རིག་གཙུག་ལག་སློབ་གྲྭ་ཆེན་མོ་ནས་སློབ་མཐར་སོང་རྗེས། སུད་སིའི་ཁོར་ཡུག་ཚོགས་པ་གྷི་རིན་པི་སི་ (Greenpeace Switzerland) དང་། སུད་སིའི་རྒྱལ་ས་ཛ་རིག་ཏུ་རྟེན་གཞི་བྱས་པའི་གྷི་རིན་སྲིད་དོན་ཚོགས་པ་ (Green Party Zurich) བཅས་ཀྱིས་མཚོན་པའི་ཁོར་ཡུག་དང་ཚབ་སྲིད་ཚོགས་པ་གནད་ཆེན་ཁག་དང་། དེ་བཞིན་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ (Tibetan Youth Association in Europe) དང་། སུད་བོད་མཐུན་གྲོགས་ཚོགས་པ་ (Swiss Tibetan Friendship Society) བཅས་ཀྱིས་མཚན་པའི་བོད་དོན་ལས་འགུལ་ཁང་དང་ཚོགས་པའི་ནང་ཕྱག་ལས་གནང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 1

  1. Sonam Gyaltsen says:
    ལོ་ 5 སྔོན།

    ? ལྟས་ངན་རེད། ཐུ རྣམ་རྟོག་སློང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese