མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ཅལ་གྱི་སྤྱི་ཁྱབ་བློན་ཆེན་ཟུར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོའི་གསུང་འཕྲིན་བསྩལ།

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་བ་སྐུ་ཞབས་ཝར་བྷ་དྷཱ་རཱ་ལགས་འདས་གྲོངས་སུ་ཕྱིན་པར་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་དང་ཐུགས་སྨོན་གནང་འདུག

དེ་རིང་སྔ་དྲོར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་བ་སྐུ་ཞབས་ཝར་བྷ་དྷཱ་རཱ་ལགས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་པ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བློན་ཆེན་ཁོང་གི་སྐུ་ཟླ་པི་ཊེ་བྷ་སིང་(Pratibha Singh) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། འདས་པོ་དམ་པ་ཁོང་གི་ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

ཐུགས་གསོའི་གསུང་འཕྲིན་ནང་༧མགོན་པོ་གང་ཉིད་མཆོག་གིས། སྐུ་ཞབས་ཝར་བྷ་དྷཱ་རཱ་ལགས་གཞན་ཕན་གྱི་ལས་ལ་ཞུགས་ཏེ་ཡུན་རིང་འཚོ་བཞུགས་ཐུབ་ཅིང་དོན་སྙིང་ལྡན་པའི་མི་ཚེ་སྐྱེལ་ཐུབ་ཡོད། ཁོང་གིས་མི་མང་གི་དགོས་མཁོ་བརྩེ་བ་དང་སྙིང་རྗེ་ཡིས་སྐྱོང་གི་ཡོད་པར་ངོས་ནས་ཡི་རངས་གནང་གི་ཡོད། ངོས་རང་སྒེར་ལ་ཆ་བཞག་ན། ངེད་གཉིས་ངོ་ཤེས་པའི་འདས་པའི་ལོ་མང་རིང་ཁོང་གིས་ངོས་ལ་བཅིངས་པའི་གྲོགས་པོའི་མཛའ་བརྩེ་དེ་བཀའ་དྲིན་ཆེན་པོ་ཡིན། ཞེས་གསུངས།

ཡང་གསུང་འཕྲིན་ནང་། ལོ་རྒྱུས་ནང་དེ་སྔའི་བྷ་ཤཱར་རྒྱལ་རྒྱུད་ཀྱི་མངའ་སྡེའི་མི་མང་དང་ནུབ་ཕྱོགས་སུ་འཁེལ་བའི་ཁྱིམ་མཚེས་བོད་གཉིས་བར་འབྲེལ་བ་ཧ་ཅང་ཉེ་བོ་བྱུང་ཡོད། སྐུ་ཞབས་ཝར་བྷ་དྷཱ་རཱ་ལགས་ནི་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྲི་ཞུ་སྒྲུབ་མཁན་དུས་ཡུན་རིང་ཤོས་དེ་ཆགས་ཡོད་པས། ཁོང་ནམ་ཡང་དྲན་པ་བརྗེད་ཐབས་མེད། ཅེས་ཐུགས་སྨོན་དང་བཅས་གསུངས།

དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བློན་ཆེན་ཟུར་བ་ཁོང་གི་སྐུ་ཟླ་པི་ཊེ་བྷ་སིང་(Pratibha Singh) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོ་གནང་བའི་ནང་། སྐུ་​ཞབས་ཝར་བྷ་དྷཱ་རཱ་སིང་ལགས་འདས་གྲོངས་སུ་ཕྱིན་པ་ཤེས་རྟོགས་བྱུང་བས་ཧ་ཅང་སྐྱོ་གདུང་བྱུང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཚབ་བྱས་ནས་ཁྱེད་དང་ཁྱེད་ཀྱི་ནང་མི། དེ་བཞིན་ཧི་མ་ཅལ་མངའ་སྡེའི་མི་མང་ལ་སེམས་གསོ་ཞུ་ཡི་ཡོད། ཅེས་དང་། སྐུ་ཞབས་ཝར་བྷ་དྷཱ་རཱ་སིང་ལགས་ནས་རང་གི་ཡང་དག་པའི་མགོ་ཁྲིད་འོག ལོ་བཅུ་ཕྲག་འགའི་རིང་རྒྱ་གར་སྤྱི་དང་ལྷག་པར་དུ་ཧི་མ་ཅལ་མངའ་སྡེའི་ནང་ཞབས་འདེགས་ཞུས་སྟབས། ཁོང་གིས་མི་མང་པོའི་སེམས་ནང་གསུབ་མི་ཐུབ་པའི་དྲན་རྟགས་ཤིག་བཞག་ཡོད། དེ་མཚུངས་བཞིན། ༧གོང་ས་མཆོག་དང་བོད་མི་མང་གིས་འདས་པོ་དམ་པ་ཁོང་གི་འདས་པའི་ལོ་མང་རིང་གི་གཏོང་ཕོད་ཆེ་བའི་རྒྱབ་སྐྱོར་དག་དྲན་གྱི་ཡོད། ཅེས་གསུངས་འདུག

ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ལ་བཀའ་ཁྱབ་ཅིག་བཏང་སྟེ། དེ་རིང་ཉིན་གུང་ཆུ་ཚོད་ ༡༢ ནས་ ༡ བར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་སོ་སོ་ནས་འདས་པོ་དམ་པ་སྤྱི་ཁྱབ་བློན་ཆེན་ཁོང་གི་ཆེད་དུ་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་ཡོད་ཅིང་། ཉིན་རྒྱབ་ནས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་མཚོད་སླད་ལས་ཁུངས་ཁག་གི་ལས་དོན་མཚམས་འཇོག་གནང་གི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༡ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༢༣ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese