མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པའི་བདུན་གཅིག་ནང་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་ ༥༢ བྱུང་།

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་སྔོན་མའི་ནང་རྒྱ་གར་དང་བལ་ཡུལ་ནང་བོད་མི་ཏོག་དབྱིབས་ནད་པ་ ༧༢ བྱུང་ཡོད་ཀྱང་ད་ལན་གྱི་འདས་པའི་བདུན་ཕྲག་གཅིག་ནང་ནད་པ་ཇེ་ཉུང་དུ་ཕྱིན་ཏེ་མི་ ༥༢ མ་གཏོགས་བྱུང་མི་འདུག

CTA COVID-19 Emergency Relief Committee’s press conference

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས། ནད་རླབས་གསུམ་པ་བསླེབས་པའི་དབང་དུ་བཏང་ན། ང་ཚོས་སྔོན་འགོག་གི་ཐབས་ལམ་རྣམས་མུ་མཐུད་ནས་ལག་བསྟར་གནང་རོགས། ཕྱི་ལ་ཕེབས་པའི་སྐབས་སུ་མི་གང་ཉུང་ཉུང་ལ་ཐུག་རོགས་གནང། སོ་སོའི་གཟུགས་པོ་བདེ་པོ་མེད་པ་ཡིན་ན་སྨན་པ་ལ་ཡིན་ཅིག་གསུང་རོགས་གནང་། དེ་བཞིན་དུས་ཐོག་ཏུ་ཞལ་ལག་མཆོད་རོགས། ཏོག་དབྱིབས་འགོག་ཁབ་རྒྱག་རོགས་གནང་། ཞེས་བརྗོད་སོང་།

དེ་ནས་སྨན་པ་མཚམས་གཅོད་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། བདུན་ཕྲག་འདིའི་ནང་རྒྱ་གར་ནང་ས་གནས་གྲངས་ ༡༤ དང་བལ་ཡུལ་ནང་ས་གནས་གྲངས་ ༥ ཁྱོན་བསྡོམས་པའི་རང་ཁྱིམ་དུ་བཞུགས་མཁན་མི་གྲངས་ ༣༨༩ དང་། ཚོགས་སྡེའི་ཟུར་བཀག་ནང་བཞུགས་མཁན་མི་གྲངས་ ༥༤༠ འདུག   གསོ་རིག་ལུས་སེམས་ནུས་གསོའི་སྨན་དང་འབྲེལ་བའི་ཐོག་ནས་འདས་པའི་ལོ་གཅིག་དང་ཕྱེད་ཀ་ལྷག་ཙམ་གྱི་རིང་ལ་ཁྱོན་གསོ་རིག་ལུས་སེམས་ནུས་གསོའི་སྨན་སྟོང་ཕྲག་ ༣༧ ལྷག་བོད་ཀྱི་སྨན་རྩིས་ཁང་དང་བོད་མིའི་སྒྲིག་འཛུགས་ངོས་ནས་རིན་མེད་ཐོག་གནང་ཟིན་འདུག  བདུན་ཕྲག་འདིའི་ནང་མི་གྲངས་ ༣༡ ལ་ཁ་པར་ཐོག་ནས་འབྲེལ་བ་གནང་སྟེ་སེམས་ཁམས་ཐད་སློབ་གསོ་ལམ་སྟོན་གནང་ཐུབ་པ་བྱུང་འདུག  བདུན་ཕྲག་འདིའི་ནང་རྒྱ་གར་དང་བལ་ཡུལ་ནང་བོད་རིགས་སྐྱེས་པ་གྲངས་ ༣༧ དང་བུད་མེད་གྲངས་ ༡༥ བཅས་ཁྱོན་ཏོག་དབྱིབས་ནད་པ་གྲངས་ ༥༢ བྱུང་བའི་ཁྲོད་ནས་རང་ལོ་ ༩༠ སོན་པ་གཅིག་རྐྱེན་འདས་སུ་ཕྱིན་ཡོད་འདུག འདས་པའི་ལོ་གཅིག་དང་ཕྱེད་ཀ་ལྷག་གི་རིང་རྒྱ་གར་དང་བལ་ཡུལ་ནང་ནད་གཞི་ཕོག་པའི་གྲངས་ ༥༢༠༨ དང་། དྲག་སྐྱེད་སོང་བའི་མི་གྲངས་ ༤༧༩༧། རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ ༡༣༢། ནད་ཀྱིས་མནར་བཞིན་པ་མི་གྲངས་ ༢༧༩ ཡོད་འདུག

མཇུག་ཏུ་བདེ་ལེགས་སྨན་ཁང་གི་སྨན་པ་བརྩོན་འགྲུས་ལགས་ཀྱིས། རྒྱ་གར་ནང་དུ་འདས་པའི་ཆུ་ཚོད་ ༢༤ ནང་ཏོག་དབྱིབས་ནད་པའི་གྲངས་འབོར་འཕར་ཡོད་པ་དང་།  ད་ལྟའི་ཆར་ཧི་མ་ཅལ་མངའ་སྡེའི་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཕེབས་པའི་དུས་ཚོད་ཡིན་པས། ང་ཚོའི་ངོས་ནས་གཟབ་གཟབ་གནང་དགོས་ཀྱི་འདུག  ནད་རྟགས་ཡོད་མཁན་ཡོད་ན་ངེས་པར་དུ་བརྟག་དཔྱད་གང་མགྱོགས་གནང་རོགས་གནང་། བརྟག་དཔྱད་གང་མགྱོགས་གནང་བ་ཡིན་ན་དྲག་སྐྱེད་མགྱོགས་པ་འགྲོ་ཡི་རེད། ཏོག་དབྱིབས་འགོག་ཁབ་བརྒྱབ་མེད་མཁན་རྣམས་ཀྱིས་འགོག་ཁབ་བརྒྱག་རོགས་གནང་། ཞེས་བརྗོད་སོང་།

ཟླ་འདིའི་ཕྱི་ཚེས་ ༡ ཉིན་སྤེལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་གནས་ཚུལ་ལྟར་ན། རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབས་ཟིན་པའི་བོད་མི་ཁྱོན་ ༡༤༧༠༣ བྱུང་ཡོད་པ་དང་། འགོག་ཁབ་རིམ་པ་གཉིས་ཀ་བརྒྱབས་ཟིན་པ་དང་དང་པོ་ཁོ་ན་བརྒྱབས་ཟིན་པ་བཅས་ཀྱི་གྲངས་འབོར་གྱིས་རྒྱ་གར་རྒྱལ་ཡོངས་ཀྱི་བོད་མིའི་བརྒྱ་ཆའི་ ༨༩ ཟིན་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese