དབུ་དཀར་ཚང་གཡུ་སྒྲོན།
༧གོང་ས་སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་འཁྲིད་དང་མི་རབས་གོང་མ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་འདས་པའི་མི་ལོ་༦༠ ལྷག་ལ་ང་ཚོ་སྐྱབས་བཅོལ་དུ་བསྡད་པའི་རིང་མང་གཙོའི་སྒྲིག་འཛུགས་ཀྱི་གཞི་རྐང་ལེགས་པར་བསྐྲུན་ཐུབ་པ་བྱུང་ཡོད། སྒྲིག་འཛུགས་འདི་འདྲ་ཞིག་བཙུགས་ཐུབ་པ་བྱུང་བ་དེས་ང་ཚོའི་མཐར་ཐུག་གི་དམིགས་ཡུལ་འགྲུབ་སོང་བ་མ་ཡིན་པར་སྒྲིག་འཛུགས་འདི་ནི་ང་ཚོའི་འཐབ་རྩོད་ལ་འགུལ་ཤུགས་སྦྱིན་བྱེད་ཀྱི་ཆ་རྐྱེན་མེད་དུ་མི་རིང་བ་ཞིག་ཡིན། མཚམས་རེར་རང་རེའི་བཙན་བྱོལ་ནང་གི་འཐབ་རྩོད་ཀྱི་དགོས་དམིགས་གཙོ་བོ་གང་ཡིན་པར་མི་སེམས་པར་དམིགས་འབེན་ངོ་མ་དེ་བོར་འགྲོ་ཡི་འདུག
ཐེངས་འདིའི་གྲོས་ཚོགས་སྐབས་བཅུ་བདུན་པའི་ལས་དོན་རྒྱུན་འཁྱོངས་མི་ཐུབ་པའི་གནད་དོན་དང་གྲོས་ཚོགས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བར་བརྗིད་ཉམས་སྟངས་འཛིན་ལག་བསྟར་མི་ཐུབ་པའི་གནས་སྟངས་འདི་ཡི་འབྱུང་རྩ་ནི་ན་ནིང་༢༠༢༠ ལོའི་ཟླ་༨ པའི་ནང་དཔལ་ལྡན་ཚོགས་གཙོ་ཚོགས་མཆོག་གིས་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ལ་གཞིགས་ནས་གྲོས་ཚོགས་ཚོགས་དུས་བཅུ་པ་ཕར་འགྱངས་གནང་བ་དེར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གླེང་གཞི་ཅན་གྱི་ཁྲིམས་སྒྲིག་གསར་པ་ཁྲིམས་ཀྱིས་ངོས་བཞེས་ Suo Motu ཟེར་བ་སྤྱད་དེ་གྲོས་ཚོགས་ཕར་འགྱངས་གནང་བ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༠པ་དང་འགལ་སོང་བའི་བཀའ་ཁྱབ་བཏང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཁྲིམས་ཞིབ་ཁང་གི་གནས་སྟངས་དེ་བཅའ་ཁྲིམས་དོན་ཚན་ ༥༨པའི་ནང་གསལ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་ཅེས་པའི་དོན་ཆན་དང་བརྒལ་བ་ཡིན་པའི་ལན་འདེབས་གནངས།
ཁྲིམས་སྤྱི་གཉིས་ཀྱི་བར་འཕྲིན་ཡིག་ལན་འགར་སྐུར་རིས་གནང་ཡང་རང་རང་གི་ལངས་ཕྱོགས་ལ་འགྱུར་བ་གང་ཡང་མ་ཕྱིན་པར་བརྟེན། མཐར་ཁྲིམས་ཞིབ་ཁང་གིས་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཁྲོད་སྤྱི་འཐུས་རྒྱུན་ལས་རྣམ་པའི་ཆབ་སྲིད་ཀྱི་འདེམས་བྱེད་ཐོབ་ཐང་འཕྲོག་པ་དང་ ༢༠༢༡ ལོའི་ཟླ་ ༣ པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་གྲོས་ཆོད་ཡིག་ཆ་ཨང་ ༣༩ པར་སྤྱི་འཐུས་རྣམ་པའི་མང་མོས་ཐག་གཅོད་གནང་སྟེ་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་པོ་འཕོ་འགྱུར་བཏང་བ་རེད།
སྐབས་དེའི་འོས་བསྡུའི་ཆབ་སྲིད་དང་སྤྱི་ཚོགས་དྲྭ་རྒྱའི་ཤུགས་རྐྱེན། ཕན་ཚུན་ཁག་དཀྲི་སོགས་ཀྱི་གནས་ཚུལ་འདྲ་མིན་ལ་བརྟེན་ནས་གནས་སྟངས་ཇེ་སྡུག་ཏུ་གྱུར་ཞིང་སྤྱི་ཚོགས་འཆམ་མཐུན་ལ་གནོད་སྐྱོན་ཚབས་ཆེན་ཕོག དཀའ་རྙོག་དེ་སེལ་ཐབས་ལ་དམིགས་པའི་གྲོས་ཚོགས་འཕར་མའང་ཚོགས་མ་ཐུབ། ལས་གནས་ཕྱིར་བཤོལ་ཟིན་པའི་ཁྲིམས་ཞིབ་པ་གསུམ་པོ་ཟླ་བ་གཉིས་ཀྱི་རྗེས་སུ་ཁྲིམས་སྒྲིག་གི་བརྒྱུད་རིམ་མེད་པར་སྔར་ཀྱི་ལས་གནས་སུ་ཕྱིར་ལོག་གནང་བ་ནི་ཁྲིམས་ཐོག་ནས་ནུས་མེད་དུ་སོང་མེད་པའི་གྲོས་ཆོད་ཡིག་ཆ་ཨང་༣༩་པ་དང་འགལ་ཡོད་པ་རེད།
གྲོས་ཚོགས་སྐབས་བཅུ་དྲུག་པའི་གནད་དོན་དེ་ཐག་གཅོད་མ་ཐུབ་པར་བརྟེན་སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་སྐབས་སུ་དཀའ་རྙོག་དེ་བསྐྱར་ལོག་བརྒྱབས། རང་ཉིད་ཐེ་བའི་བདམས་ཐོན་སྤྱི་འཐུས་ ༢༢ ཡིས་བར་བརྒལ་ཚོགས་གཙོའི་མདུན་དུ་དམ་འབུལ་བྱས་མེད། སྤྱི་འཐུས་ ༢༢ ཡིས་ད་ཡོད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པས་ཁྲིམས་ཀྱི་བརྒྱུད་རིམ་གང་ཡང་མེད་པར་རང་གནས་སུ་ཕྱིར་ལོག་བྱས་པ་དེ་ཁྲིམས་མཐུན་དང་ལུགས་མཐུན་ཅིག་ལ་ངོས་ལེན་ཞུས་མེད། ཚོགས་དྲུང་མཆོག་གིས་ཕྱི་ཟླ་ ༦ པའི་ཚེས་ ༨ ཉིན་སྤྱི་འཐུས་ཀྱི་དམ་འབུལ་ཁག་གཉིས་གོ་སྒྲིག་གནང་བའི་ཁྲོད་ཁག་གཅིག་གིས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུས་ཤིང་ཁག་གཞན་དེས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཅའ་ཁྲིམས་ཀྱི་མདུན་སར་དམ་འབུལ་ཞུས། བར་བརྒལ་ཚོགས་གཙོས་དབུས་འོས་བསྡུ་ལས་ཁུངས་སུ་ཕུལ་བའི་གྲངས་ཐོའི་ནང་དུ་སྤྱི་འཐུས་གསུམ་ཆ་གཉིས་ཀྱི་གྲུབ་ཆ་ལོངས་མེད་པར་བརྟེན་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་གནང་མ་ཐུབ་པར་ལྷག་པ་རེད།
འདི་ནས་ང་ཚོས་ཕྱིར་འདང་ཞིག་བརྒྱབས་ན། འཛམ་གླིང་གང་སར་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་འགྲོ་འོང་བཀག་སྡོམ་ཧ་ཅང་ཆེ་བའི་དུས་སུ་གྲོས་ཚོགས་ཕར་འགྱངས་གནང་བའི་ཐག་གཅོད་དེར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཀའ་རྒྱ་དང་ཉེས་ཆད་འགེལ་དགོས་དོན་མ་མཐོང་། དེ་བཞིན་གྲོས་ཚོགས་ནས་ཁྲིམས་ཞིབ་པ་རྣམ་པ་གློ་བུར་དུ་འཕོ་འགྱུར་མི་གཏོང་བར་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་བཙུགས་ཀྱིས་འཕོ་འགྱུར་གྱི་ལས་དོན་རྣམས་ཞིབ་ཚགས་ངང་བསྒྲུབས་ཐུབ་ཡོད་ན་དཀའ་ངལ་འདི་འདྲ་བྱུང་ཡོད་མི་སྲིད། གནད་དོན་འདི་སེལ་བར་དམིགས་པའི་གྲོས་ཚོགས་འཕར་མ་དེ་ཚོགས་ཐུབ་ཡོད་ན་དཀའ་རྙོག་འདི་སེལ་ཐུབ་པའི་རེ་བ་ཡོད་པ་ཡིན། ལས་འགན་ནས་བཤོལ་ཟིན་པའི་ཁྲིམས་ཞིབ་པ་རྣམ་པ་ཁྲིམས་ཀྱི་བརྒྱུད་རིམ་གང་ཡང་མེད་པར་སྔར་གྱི་ལས་གནས་སུ་བསྐྱར་ལོག་གནང་མེད་པ་ཡིན་ན་དགེ་མཚན་ཆེ་བ་མཐོང་། མ་ཟད་དཀའ་རྙོག་འདིའི་འགོ་མཇུག་བར་གསུམ་པོ་ཕྱོགས་རིས་ཁེ་ཕན་དང་འོས་བསྡུའི་ཆབ་སྲིད་སོགས་ཀྱི་ཤུགས་རྐྱེན་འོག་ཏུ་མ་སོང་བ་ཞིག་བྱུང་བ་ཡིན་ན་དཀའ་ངལ་འདི་འདྲ་ཞིག་འབྱུང་དོགས་མེད།
གང་ལྟར་གནད་དོན་འདིའི་ཐད་ནས་ཁྲིམས་སྤྱི་གཉིས་ཀར་རང་རང་གི་འགྲིག་ས་དང་ནོར་ས་ཡོད། ཉེས་སྐྱོན་དང་ནོར་འཁྲུལ་ཡོད་ཚད་ཕྱོགས་ཁག་གཅིག་གི་མགོར་སྤུངས་ཐབས་བྱེད་པ་ལ་དོན་སྙིང་དང་གྲུབ་འབྲས་གང་ཡང་མེད། དེ་ལས་ཕྱོགས་གཉིས་ཀས་འགན་ཁུར་བཞེས་ཏེ་གནད་དོན་འདི་མཉམ་རུབ་ཀྱིས་སེལ་ཐབས་ལ་འབད་དགོས།
ཐེངས་འདིའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དཀའ་རྙོག་འདི་ཉིད་སེལ་བར་ཕྱོགས་སོ་སོའི་རང་ལྟ་མཆོག་འཛིན་མེད་པར་རང་རང་གི་ནོར་འཁྲུལ་ངོས་ཟིན་པའི་ཐོག་གུ་ཡངས་དང་བསྟུན་ཤེས་ཀྱི་སྒོ་ནས་འགྲིག་ཐབས་ཤིག་ཅིས་ཀྱང་བཙལ་དགོས་པ་ཡིན། ཆབ་སྲིད་ཀྱི་ཤུགས་རྐྱེན་ངེས་ཅན་ཞིག་འདྲེས་ཡོད་པའི་གནད་དོན་འདི་སེལ་བར་ཐབས་ལམ་ཡག་ཤོས་ནི་གཉིས་སྨན་གྱི་ལམ་ཞིག་བཙལ་རྒྱུ་དེ་ཡིན། ཕྱོགས་ཁག་ཅིག་གི་རེ་འདུན་ཕྱོགས་ཁག་གཞན་དེར་འགེལ་ཐབས་བྱ་རྒྱུ་ནི་གནད་དོན་སེལ་བྱེད་ཀྱི་ཐབས་ལམ་ཡང་དག་ཅིག་རྩ་ནས་མིན། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ན་ཕྱོགས་གཉིས་ཀའི་སྒང་ལ་གླེང་གཞི་ཆེན་པོ་ལྷག་ཡོད། དམ་འབུལ་མི་འདྲ་བ་གཉིས་བྱས་ཟིན་པར་ཕྱོགས་གཉིས་པོས་ཕན་ཚུན་ངོས་ལེན་དང་དབུས་འོས་བསྡུ་ལས་ཁང་ནས་གཉིས་ཀར་ངོས་ལེན་གནང་རྒྱུ་དེ་ཐོག་མའི་ཐབས་ལམ་ཉག་ཅིག་ཡིན། དེ་བཞིན་ཚོགས་གཙོ་ཚོགས་གཞོན་བདམས་ཟིན་པའི་མཚམས་སུའང་ཁོང་རྣམ་གཉིས་ལ་དམ་འབུལ་གྱི་ལམ་ཁ་གཉིས་པོའི་དབར་གདམ་ཁ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་དགོས། ཐབས་ལམ་འདིས་གྲོས་ཚོགས་སྐབས་བཅུ་བདུན་པ་སྐོང་ཚོགས་ཐུབ་པར་ཕན་གྲོགས་བྱེད་པ་མ་ཟད་དེ་འབྲེལ་གྱི་ལས་དོན་མཐའ་དག་རྒྱུན་སྐྱོང་ཡོང་བར་ཕན་གྲོགས་བྱ་ངེས་རེད། དེ་ཙམ་མ་ཟད་ཁྲིམས་ཀྱི་བརྒྱུད་རིམ་ལག་བསྟར་བྱས་ཏེ་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ན་གྲོས་ཆོད་ཨང་ ༣༩ ནུས་མེད་དུ་བཏང་རྗེས་ཁྲིམས་ཞིབ་པ་རྣམ་པའི་སྔར་གྱི་ཁྲིམས་མཐུན་གྱི་གོ་གནས་བསྐྱར་གསོ་ཐུབ་པ་ཡིན།
དབུས་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མ་འོངས་པར་བསྐྱར་དུ་འདིའི་རིགས་ཀྱི་དཀའ་རྙོག་མི་འཕྲད་པའི་སླད་དུ་གཤམ་གསལ་བྱ་རིམ་རྣམས་ལག་བསྟར་ཐུབ་ཚེ་ཕན་འབྲས་འབྱུང་བར་སྙམ།
- བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཞན་ཆ་སྐོང་ཕྱིར་ཁྲིམས་ལུགས་ཆེད་མཁས་པ་དང་གྲོས་ཚོགས་འཐུས་མི། བཀའ་ཤག་གི་སྐུ་ཚབ་སོགས་ཐེ་བའི་ཚད་མཐོའི་ཚོགས་ཆུང་ཞིག་བཙུགས་ཏེ་ཚོགས་ཆུང་གི་སྙན་ཐོ་གྲོས་ཚོགས་ཚོགས་དུས་རྗེས་མར་འབུལ་རྒྱུ་བྱུང་ན་དགེ་ཕན་ཆེ།
- མང་གཙོའི་ཀ་བ་གསུམ་དང་སྒྲིག་འཛུགས་མ་ལག་རྣམས་ཀྱི་བར་དཀའ་རྙོག་སེལ་སླད་དུ་བསྐྱར་བཅོས་ཟིན་པའི་བཅའ་ཁྲིམས་ལ་དཀའ་རྙོག་འདུམ་འགྲིག་དང་འབྲེལ་བའི་དོན་ཚན་ཁ་གསལ་ཞིག་དགོས་གལ་ཆེ།
- གཉན་འཕྲང་དང་ཛ་དྲག་གི་དུས་སྐབས་སུ་དྲྭ་བརྙན་གྱི་ལམ་ནས་གྲོས་ཚོགས་ཚོགས་ཐུབ་ཐབས་སུ་དགོས་ངེས་ཀྱི་མཐུན་རྐྱེན་མཁོ་སྒྲུབ་དགོས་གལ་ཆེ།
- ཞིབ་འཇུག་ཚོགས་ཆུང་ཆ་རྐྱེན་དུ་བྱས་པའི་སྒོ་ནས་གྲོས་ཚོགས་ཀྱི་གནས་དབྱུང་དབང་ཚད་དང་བྱ་རིམ་ཚད་དང་ལྡན་པ་གཏན་འབེབས་བྱ་རྒྱུ་གལ་ཆེ།
- མང་གཙོའི་ཀ་བ་བཞི་པ་རུ་འབོད་པའི་གསར་འགྱུར་ཚན་ཁག་གིས་དངོས་དོན་གཞིར་བཞག་གིས་དམངས་ཚོགས་ཀྱི་ངོས་ནས་གནད་དོན་གང་ཅིར་གོ་རྟོགས་ལྡན་ཞིང་དགོས་དམིགས་གསལ་བའི་ཐག་གཅོད་ཡོང་ཐབས་ལ་རམ་འདེགས་གནང་རྒྱུ་གལ་ཆེ་བར་མཐོང་།
མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།
གོང་གི་བོད་ཡིག་གི་རྩོམ་དེ་དབུ་དཀར་ཚང་གཡུ་སྒྲོན་གྱི་བྲིས་ཟེར་ན་གད་མོ་རྐུབ་ནས་ཤོར་གྱི་འདུག མོ་རང་གི་ཕྱོགས་ཁག་ཐོབ་གོ་ས་མེད། རྒྱུ་དཔལ་འབྱོར་མེད། བོད་ཡིག་ཁྱ་རེ་ཁྱོ་རེ་ཤེས་པ་ཡིན་གང་ཞིག་ཆོལ་ཞེན་གྱིས་ར་བཟིས་པ་གཅིག་བྲིས་ནས་དབུ་དཀར་གྱིས་བྲིས་པ་ལྟ་བུ་མིང་བཀོད་པ་རེད། དབུ་སྐར་སྐར་གཅེན་གཅུང་གཉིས་གིས་བོད་ཡིག་གཏོང་ཡིག་དག་པ་ཞིག་ཀྱང་འབྲི་མི་ཐུབ་ངས་ཐག་བཅད་ནས་བཤད་ཆོག
མདུན་སྐྱོད་ཀྱི་ལམ་ཞིག་འཚོལ་བ་ནི་ཁ་ཚ་དགོས་གཏུག་ཡིན། ཅེས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱི་དགོངས་ཚུལ་དེ་ད་ལྟའི་གནས་སུ་ཁ་ཚ་དགོས་གཏུག་ཙམ་དུ་མ་ཚད་དུས་རྒྱུན་དུའང་དགོས་ངེས་ཤིག་ལོས་ཡིན། ཡིན་ཀྱང་ཉིད་ཀྱི་མདུན་སྐྱོད་ཀྱི་ཐབས་ལམ་དེ་ཁྲིམས་སྒྲིག་དང་འགལ་བའི་ལམ་བུ་དང་དགོངས་གཞི་ཞིག་ཡིན་འདུག དགོངས་འགལ་མི་བཞེས་རོགས། འདིར་རྒྱ་གར་གྱི་དཔེ་ཞིག་ཞུས་ན་རན་པོ་འདུག་པ། ཀུ་ཏེ་ཀ་པུནྕ་ཀ་བྷི་སིཏ་ན་ཧིན་ཧོཏ། ཀུ་ཏ་རེད་ཞུ་ཡི་མེད། ག་ནས་ཡིན། ༸གོང་ན་མཆོག་གིས་ཐུགས་དབྱིངས་ལས་དར་རྒྱས། མདོ་སྟོད་མི་དམངས་ཀྱི་འོས་རེས་ཞུས་པའི་སྤྱི་འཐུས། བོད་པའི་སྤྱི་ཚོགས་ནང་མཚན་ཡོད་མཁན་གྱི་གྲོང་མི་ཞིག་ནས་ཕེབས། གྲགས་པ་ཆེ་བའི་ཨ་རི་ཊཕསེ་ Tufts གཙུག་ལག་སློབ་གཉེར་ཁང་ནས་ཐོན་གནང་བ་སོགས་ཁྱད་མཚན་མང་དག་ཞུ་རྒྱུ་ཡོད་ངེས།
སྐྱབས་བཅོལ་དུ་རང་གཞུང་གི་ཤེས་ཡོན་གྱིས་གསོ་སྐྱོང་བྱུང་པའི་རྒན་པ་ངའི་མི་ཐོག་ནས་བར་མ་ཁྱེད་ལྟ་བུའི་དགོངས་གཞིའི་ནང་ཆོལ་ཁ་དང་དགོངས་ཚུལ་ཁྲེགས་ཞན་ཅན་རྣམས་བློ་ཕམ་གྱི་གནས་ཞིག་རེད་མིན་འདུག་གས། རྒྱུ་མཚན་ལྡན་པའི་ཞན་ཡིན་ན་འཐུས་ཀྱང་དེ་མིན་བོད་སྤྱི་བ་དེ་ཕར་བཞག་ན་ཆོལ་འཐུས་ཤིག་ལས་སྤྱི་བའི་མི་དཔེ་ན་སྲིད་སྐྱོང་ལྟ་བུ་འཁོད་ཐབས་འདུག་གམ།
ད་ལྟའི་ཁྲིམས་ཞིབ་པ་རྣམས་ངོས་བཞེས་སུ་ཆོལ་གསུམ་མི་དམངས་ནས་འོས་འདེམས་ཞུས་པ་དང་བོད་ཆོལ་གསུམ་ཁོངས་མདོ་སྟོད་ནས་ཡིན་པ་སྲིད་སྐྱོང་བློ་སེང་ལགས་གཙོ་བོ་ཞིག་ཡིན་མིན་འདུག་གམ། སྲིད་སྐྱོང་སྤེན་ཚེ་ལགས་ཀྱང་ཆོལ་གསུམ་མི་མང་མང་བས་འོས་ལོན་པའི་སྲིད་སྐྱོང་ཞིག་རེད། ང་དང་ཁྱེད་ལྟ་བུ་རྣམས་ཤོར་བ་རེད།
མཐར་མདུན་སྐྱོད་དེ་རྒྱ་ཆེ་ས་བོད་ཆོལ་གསུམ་གྱི་ཁེ་ཕན་ལ་དགོངས་ནས་མདུན་སྐྱེད་གནང་ཕེབས་ཤོག བོད་མི་སྐྱབས་བཅོལ་བའི་འདོད་དོན་འགྲུབ་ཐབས་སུ་ཞན་ཆའི་ད་གནས་ཀྱི་གོམ་གྲོད་དེ་གྲོས་ཚོགས་ཚུགས་མ་ཐུབ་པའི་ངལ་བ་དེ་རེད། དེའི་རྐྱེན་རྩ་གཙོ་བོ་དེ་མདོ་སྟོད་མི་མང་དང་ཆོས་ལུགས་ནས་འོས་འདེམས་ཞུས་པའི་སྤྱི་འཐུས་རྣམ་པ་རེད་ལ་དེའི་གསོ་བྱེད་ཀྱང་ཁོངས་རྣམ་ལས་གཞན་སུར་མཆིས། དེར་བརྟེན་སྔོན་མའང་ཞུས་ཡོད་ལ་ད་དུའང་མདོ་སྨད་མི་མང་གིས་གུས་བཀུར་ཡོད་པའི་བཀའ་ཁྲི་དང་སྲིད་སྐྱོང་ཟུར་པ། བཀའ་བློན་དང་སྤྱི་འཐུས་ཟུར་པ། མཁས་པ། གཞུང་དང་སྤྱི་ཚོགས་ཞབས་ཞུ་བ་ཟུར་པ་རྣམ་པ་སོགས་ཚང་མས་ཁྲིམས་མཐུན་འགྲིག་འཇགས་གནང་ཐབས་ཅེས་ངས་འདིར་འབོད་སྐུལ་ཞུས་པ་ལས་ལྷག་པ་བོད་མི་ཚང་མས་དེ་ལྟར་དགོངས་བཞིན་ངང་ད་ཆ་ཉིན་ནས་བདུནདང་བདུན་ནས་ཟླ་བ། ཟླ་བ་གཅིག་ནས་གཉིས།་གསུམ་སོགས་སུ་སེམས་ངལ་ཆེན་པོའི་ཐོག་འགྲོ་འདུག་ལགས་པ།།
There is nothing new in this article by Youdon. It is simply a play of words twisted here and there to reveal a fresh agenda in disguise. I doubt if she herself wrote it or has even the capability to do so. Nonetheless, one thing is absolutely crystal clear – i.e. her and her faction’s obsessive attachment to Chitue Kub-Gyag only. PATHETIC! Obviously, fear and worries have now started intruding into their spirit as the Election Commissioner may very likely declare the 17th Chitue election – NULL & VOID soon, since time is running out. Currently this may be the ONLY best option at our disposal. CTA may also continue to perform way better under this new Sikyong, if the Assembly (Chitue Lhentsok) remains shut down for sometime longer until further viable time. (Editor: Excuse me for not being able to write in Tibetan due to font issues with my computer).
དབུ་དཀར་གཡུ་སྒྲོན་གྱིས་བསམ་ཚུལ་དེ་མ་འགྲིགས་པ་མི་འདུག། ད་སུ་ནོར་བཤད་ས་མེད། དང་པོ་གྲོས་ཚོགས་ཡོད་པ་བཟོ་དགོས།ཁྱེད་རང་གིས་སྣེ་ཁྲིད་ནས་བདམས་ཐོན་སྤྱི་འཐུས་ཚོས་གྲོས་མོལ་བྱས།
འོས་བསྡུས་དང་ཚོགས་དྲུང་ལས་ཁུངས་གཉིས་དང་གྲོས་མོལ་བྱས། ད་ཁྱེད་རང་ཚོས་གཅིག་བྱས་ཤོག་དང་། ནང་ཁུལ་ལ་ཞེ་བོ་གཅིག་བྱེད་མ་བསྡད། དང་པོ་གྲོས་ཚོགས་ཚོགས་འཚོགས་ཐུབ་པ་བྱོས་དང་། དེ་ནས་ལམ་ཡོད་རེད།
Opinions are important part of democracy if someone’s thought is reviewed positively. Rejecting with preoccupied agenda is not healthy democracy rather it is a high risk of social disturbance and indication of prolong resentment. At present there is no Kashag and the reality has to accept. Kasahg is the cabinet which means a group of ministers with high portfolios who sets policy. Having a President or exile prime minister does not technically define Kashag. During the Fifth Dalai Lama, he appointed Desi but there was no Kashag. The Kashag terms born in Tibet when Seventh Dalai Lama created Kashag and a group of minister with high portfolios where assigned special responsibility. We cannot assumed we have Kashag today and the President’s thought alone cannot describe Kashag. In fact, the President, represents the political head of Tibet but not Kashag if there are no ministers just as Pro-tem Speaker Dawa Tsering cannot represent the Speaker of 17th Legislative Assembly today. Technically or legally the 22 Chithues have legal right to fight to defend Resolution 39 as it cannot be nullified by any power except Legislative Assembly. As long as Resolution 39 exist, we have no legally appointed Tibetan Supreme Justice Commissioner. Of course, there are arguments, the impeachment proceeding was not followed accordingly and article 5 of the Charter has the right to nullify the impeachment resolution. However, the TSJC failed on time to maintain article 5 and even today, formally they could not nullify resolution 39, by using the Article 5 or Suo-moto power because they already agreed during the Court hearing of Sharchok Khugta that the Charter does not provide Suo-moto. In reality and legally, there are no Kashag, no Legislative Assembly and no appointed TSJC. There are lots of explanations and everyone claimed legal expertise define what suit them. But no one can run away from the reality.
དབུ་དཀར་གཡུ་སྒྲོན་ཟེར་པ་ནི། སྐད་གྲགས་ཆེ་པའི་མགོ་གཉིས་མ་དེ་མ་རེད་དམ། མོས་མགོ་གཉིས་མའི་སྐད་ཆ་བཤད་དོན་ནི། མ་འོངས་པའི་རྨི་ལམ་གྱི་ཆེད་རེད། སྐལ་རྡོར་སྤུན་སྲིང་གཉིས་ནས་རྨི་ལམ་གཏོང་རྒྱུ་ད་རུང་མཚམས་བཞག་མེད། མོ་ལྟ་བུར་རང་ཁེ་དོན་གཉེར་ལས་སྤྱི་སེམས་ཤིག་མེད་པ་ག་བར་དྲིས་ན་ཤེས་གསལ་རེད།
ང་ལ་མཚོན་ན་མོ་ལ་གུས་བརྩི་བྱེད་མཁན་ཞིག་ཡིན། རྒྱུན་པར་གྲོས་ཚོགས་སྐབས་ཆ་ཉུང་ཙམ་རེ་ལས་མི་བཤད་ཀྱང་བཤད་སྐབས་སྤྱི་ཚོགས་ལ་ཕན་པ་ཤོད་མཁན་ཞིག་ཡིན་པའི་ཆ་ནས་ཡིན། ད་ཐེངས་བསམ་ཚུལ་དེ་དེ་འདྲའི་གཟུ་བོར་གནས་པ་ཞིག་ཏུ་མཐོང་མ་སོང་། ང་ཚོའི་ཁ་དཔེ་ཞིག་ཏུ། “རྗེ་བླ་མའི་སྐུ་ལུས་དྲང་རུང་། མགོ་ཞྭ་མོའི་དབུ་རྩེ་གཡོན་འདུག་ཡོད་གི། ཟེར་བ་ལས་གཞན་ཅི་ཡང་མེད།
གོང་དུ་གཉིས་སྨན་གྱི་ཐབས་ལམ་དགོས་གལ་གསུང་སོང་། དོན་ངོ་མ་ཁོ་རང་ཚོའི་སེམས་ལ་གང་ཡོད་པ་དེ་བྱེད་དགོས་པ་གསུང་འདུག ཧ་ཧ་ཧ་ཧ་ཧ།
འབྱུང་རྐྱེན་དེ་ལྟར་ལགས་ཀྱང་དེ་ཉིད་ཁྲིམས་དང་མཐུན་མིན་ལ་བསྟུན་ནས་བདེན་པ་ཞིག་འཚོལ་དང་རྩ་བ་གཅོད་པའི་དཔའ་བོ་ཡིན་
དེ་མིན་དབུ་ལམ་ནི་གཉིས་ཆར་མོས་མཐུན་འཐོབ་པ་ཞིག་དགོས་ལགས་སྙམ།།
མདུན་སྐྱོད་ཀྱི་ལམ་ཞིག་འཚོལ་དགོས་ན་དང་བཅའ་ཁྲིམས་དོན་ཚན་༥༤ དང་དོན་ཚན་ ༦༣ གི་ནང་གསེས བཞི་པ་གཉིས་མ་ནོར་བ་གནང་དགོས་།
གོང་གི་བསོད་ནམས་ཀྱི་མཆན་ལ་རྒྱབ་སྐྱོར་ཞུ། ངོ་མ་སྐྱེ་དམན་ངོ་ཚ་མེད་མཁན་ཞིག་རེད་འདུག འབྲོང་བསད་པས་མ་ཚད། རྔ་མས་དར་ཆ་བསླངས། ཞེས་པའི་ཁ་དཔེ་ལྟར། ངོ་ཚ་ཞེ་ཁྲེལ་མེད་པའི་ལས་ཀ་བྱས་རྗེས་དབུ་མའི་ལམ་འཚོལ་དགོས་པའི་དོན་གང་ཡིན་ནམ། ཁྱོད་ཚོ་མ་རབས་ཐ་ཤལ་གྱི་རིགས་འགའ་ཞིག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་གང་ན་འཁྲིད་ན་འགྲིག་གི་ཡོད་བསམ་གྱི་འདུག་གམ། དངོས་གནས་བོད་མི་ལ་ཚོར་བ་དང་༸གོང་ས་མཆོག་ལ་དད་སེམས་ཡོད་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བཞིན་གོམ་པ་སྤོ་དགོས། དེ་མིན་དགོངས་པ་ཞུས་ཏེ་གཞན་ལ་གོ་སྐབས་སྤྲོད་དགོས། ཁྱོད་ཚོས་ཤེས་དགོས་པ་ཞིག་ལ། ང་ཚོ་དུས་རབས་ཉེར་གཅིག་པའི་བོད་མི་ཡིན་པས་ཁྱོད་ལྟ་བུ་མི་ཐེབས་ཆག་འགའ་ཞིག་གིས་མགོ་སྐོར་གཏོང་མི་ཐུབ། ཁ་ནས་༸གོང་ས་མཆོག་ལ་དད་གུས་ཡོད་མདོག་བྱས་ཀྱང་། དོན་ངོ་མ་ཁྱོད་འདྲ་བའི་མི་འགའ་ཤས་ཀྱིས་གང་བྱེད་ཀྱི་འདུག་པ་ཤེས་ཀྱི་ཡོད་དམ། དེ་ཡིས་བོད་མིའི་སྤྱི་ཚོགས་འདིར་བརྡབ་གསིག་ཇི་ཙམ་བཟོ་ཡི་ཡོད་པ་ཤེས་ཀྱི་ཡོད་དམ།
རེད་རེད་་་་གཡུ་ངཀར་ཚང་་་ ད་སྦྱོར་བརྡར་མང་ཙམ་བྱས་ནས་་་ སྐྱེས་བ་མང་པོའི་རྗེས་རང་ཡུལ་བོད་དུ་ལོག་དུས་ཕན་ཐོགས་ཡོད་པ་གནང་ཡས་རེད།། དབུས་བོད་མིའི་བསྒྲིགས་འཛུགས་ལ་སྲིད་སྐྱོང་་་ ཡོད་ལ་་་་ རྒྱལ་ཚབ་མེད་པས་རེད་་་ ད་སྔ་མོའི་ལུགས་སྲོལ་་་ སྲིད་སྐྱོང་ govt chief ་་་ or prime minister བེད་སྤྱོད་གནང་ན་་་་ཨ་ནི་་་ རྒྱབ་ཚབ་་་་ ཞེས་་བེད་སྤྱོད་་ གནང་དགོས་པ་རེད༼་ president་་ རྒྱལ་ཚབ་་་་་ བྱས་ཙང་་་ ཀ་བ་་་ འདི་་་ ཧ་ཅང་གི་གལ་ཆེ་་་་་ ཀ་བ་འདི་ཡོད་ན་་་་ བཀའ་ཤག་ལས་དོན་འཐུས་ཤོར་ལས་་་ སྐྱབས་ནས་་་ སླར་སྤྱི་འཐུས་ཚོགས་ཐུབ་པ་་་ ཡོང་ངེས་རེད་་་ ཨ་ནི་་་ ཆོས་ལུགས་་་ སྤྱི་འཐུས་་་ ཞེས་པ་་་ ནི་་་ མ་འོངས་པར་བོད་མི་དམངས་ལ་་་ ཟིང་ལངས་ཆོལ་ཁག་གྱེས་རྒྱུའི་སྤྱི་འཐུས་ཆགས་འགྲོ་བའི་་་ ཡོད་པས་་་ ད་ལྟ་ནས་་་ གཟབ་དགོས་པ་རེད་་་ འཛམ་གླིང་ནང་་་ དཀའ་རྙོག་ཆེ་ཤོས་དེ་ཆོས་ལུགས་་་ ཆགས་འགྲོ་བ་བརྟེན་་་ མང་གཙོར་ཚད་མཐོ་ཉམས་མྱོང་ཡོད་མཁན་རྒྱལ་ཁབ་ནང་་་ ལུགས་འདི་བཞག་མེད་པ་རེད་་་་ བོད་རྒྱལ་ཡོངས་ཆོས་ལུགས་ལྷན་ཚོགས་ཞེས་་་ངེས་པར་དུ་་་་ དགོས་པ་རེད་་་ དེའི་ནང་་ མཐུན་མོང་དང་་་ མཐུན་མོང་མ་ཡིན་པའི་ཆོས་ལུགས་དབུ་བླ་་་་ཆ་ཚང་ཚུད་དགོས་པ་་་ རེད་་་ ཆོས་ལུགས་འགོ་དཔོན་ལ་་་ དབུ་བླ་་་ ཞེས་དགོས་པ་རེད་་་ དབུ་ཁྲིད་་་ ལབ་ཀྱི་མ་རེད་་་ ཡ་་་ བསླབ་སྦྱང་ཡག་པོ་གནང་ཤོག་ཨང་་་
ཁྲིམས་ཞིབ་རྣམས་རང་སྣང་གར་ཤར་བྱས་ནས་ཕེབས་པ་ཞིག་མིན་པ་གནས་སྟངས་མང་པོ་ཞིག་གི་རྐྱེན་བྱས་ནས་སླར་ཡང་ཕེབས་པ་ཞིག་ཡིན་འདུག ཁྱེད་རང་ཚོས་གསུངས་ཡས་ལ་གནས་ཚུལ་འདི་ཅི་ཡང་མ་བཤད་ཀྱི་མེད་པ་དེས་མི་མང་ལ་མགོ་རྨོངས་བཅུག་གི་འདུག ག་རེ་བཤད་ཀྱི་ཡོང་ཀྱང་རྒྱུ་མཚན་ཚང་མ་ཉིན་མ་དང་བྱས་ནས་གསལ་བཤད་བྱང་དང་འདི་ནས་གནས་ཚུལ་ངོ་མ་ཕྱོགས་གང་ནས་ལྷག་གི་ཡོད་མེད་ཧ་གོ དེ་མིན་ཁྱེད་ཀྱི་གསུངས་པ་རྣམས་ཧང་སང་རྒྱུ་གང་ཡང་མི་འདུག གསལ་བཤད་གཙང་མ་་་་ལྡོག་ལྡོག་མི་ཡིན་པར་་་་་་་གཅིག་གཅིག་གཉིས་གཉིས་བྱས་ནས་གསལ་བཤད་གནང་དང་འདི་ནང་གསལ་པོ་ཆག་འགྲོ་རྒྱུ་རེད། དེ་མིན་ཁྱེད་རང་ཚོའི་ལང་ཕྱོགས་དེ་ལ་རྒྱུར་བ་གཅིག་ཀྱང་མི་འདུག་ ཐུགས་རྗེ་གཟིགས་མི་མང་ལ་མགོ་རྨོངས་མ་བཅུག་རོག
ད་རྡོ་འཐུས་རྣམས་ཨུ་ཐུག་ཐབས་ཟད། སྐྱ་ཟད་སྔོ་སྡུག སློང་མོ་རྒྱག་པའི་མཚམས་ལ་སླེབས་གྲབས་ཡོད་པ་འདྲ། ཨ་རོགས་ཁམས་པའི་རང་མདོག་དེ་མ་གཏོགས་མེད་པ
དབུ་དཀར་ཚང་གཡུ་སྒྲོན་ལགས། ཁྱེད་རང་ཚོ་སྤྱི་ཚོགས་དྲྭ་བའི་ནང་ལ་སྤྱི་སེམས་ཆེ་པོ་དང་ལྷག་བསམ་ཡོད་འདོག་འདོག་བྱས་སྟེ་བཏོན་ཡོང་གི་འདུག ངོ་མ་སྤྱི་དོན་ལ་བཞུགས་དུས་ཁྱེད་རང་ཚོ་ལས་ཐབས་སྐྱོ་བ་མི་འདུག སྤྱི་ཚོགས་དཀྲུགས་བསྡད་མཁན་ཡང་ཁྱེད་རང་ཚོ་རེད་འདུག ཨ་ཞེ། མང་པོ་བཤད་མ་འདུག དབུས་འོས་བསྡུ་ལྷན་ཁང་ནས་ཁྱེད་རང་ཚོ་མི་ 22 ལ་སྤྱི་ཚོགས་ལྷིང་འཇག་དང་དཀའ་རྙོག་སེལ་ཐབས་བྱེད་པའི་ཡོང་ཁྱབ་བཀའ་རྒྱ་ཞིག་གནང་འདུག་པ་དེ་ལ་བརྩི་བཀུར་གནང་རོགས། དེ་མ་གཏོགས་གཞན་ཡར་བཤད་མར་བཤད། ཕར་བཤད་ཚུལ་བཤད་མང་པོ་བྱས་ནས་ཕན་ཐོགས་མི་འདུག ང་ཚོ་མི་མང་མགོ་ཚོས་པོ་མེད་ཡང་བོད་གཞུང་གི་བཀའ་དང་ཁྲིམས་སྒྲིག་རྩི་དགོས་པ་དེ་ཁྱེད་རང་ཚོ་སྤྱི་མི་དང་ང་ཚོ་མི་མང་ཀུན་གྱི་འགན་རེད། དེ་ལ་མ་རྩི་མཁན་སུ་ཡོད་ན་དེ་ལ་རྩི་བཀུར་མེད། ངོས་ལེན་ཡང་ནམ་ཡང་མེད་དོ།།