མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་མ་ཧཱ་ར་ཤི་ཊའི་ཆུ་ལོག་ཐད་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོ་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་མ་ཧཱ་ར་ཤི་ཊའི་ནང་ཆུ་ལོག་གི་གོད་ཆག་བྱུང་བར་ངལ་སེལ་རོགས་དངུལ་དང་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོའི་གསུང་འཕྲིན་སྩལ་ཡོད་འདུག

ཉེ་བའི་ཉིན་འགའི་རིང་རྒྱ་གར་གྱི་མངའ་སྡེ་མ་ཧཱ་ར་ཤི་ཊའི་ (Maharashtra) ཁུལ་དུ་ཆུ་ལོག་གི་གོད་ཆག་བྱུང་སྟེ་མི་མང་གི་འཚོ་བར་བརྡབ་གསིག་བཟོས་ཡོད་པར་༧གོང་ས་མཆོག་གིས་འབྲེལ་ཡོད་མངའ་སྡེ་བློན་ཆེན་བྷ་ལ་སཱ་ཧེ་བྷི་ (Uddhav Balasaheb Thackeray) ལ་གདུང་སེམས་མཉམ་སྐྱེད་ཀྱི་གསུང་འཕྲིན་ཞིག་སྩལ་བའི་ནང་། མ་ཧཱ་ར་ཤི་ཊའི་ཁུལ་དུ་ཆུ་ལོག་གི་གོད་ཆག་ཚབས་ཆེན་ཐེབས་པའི་རྐྱེན་གྱིས་དགའ་གཉེན་སྤུན་མཆེད་སོགས་ཀྱི་ཚེ་སྲོག་ཤོར་བར་ངོས་རང་བློ་ཕམ་བྱུང་། ཆར་ཞོད་ཆེ་བའི་རྐྱེན་གྱིས་ཆུ་ལོག་གི་གོད་ཆག་བྱུང་བར་མངའ་སྡེའི་གཞུང་ནས་མི་མང་ལ་རོགས་སྐྱོར་གང་ཐུབ་གནང་གི་ཡོད་པ་ངོས་ནས་ཤེས་ཀྱི་ཡོད། མ་ཧཱ་ར་ཤི་ཊའི་མི་མང་རྣམས་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་མཚོན་ཆེད་དུ་ངོས་ནས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པར་ཞལ་འདེབས་གནང་དགོས་པའི་རེ་སྐུལ་ཞུས་ཡོད། ཅེས་གསུངས།

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ནས་འབྲེལ་ཡོད་མངའ་སྡེ་བློན་ཆེན་ལ་ཆུ་ལོག་གི་སྐོར་ནས་བཀའ་མོལ་བྱུང་བ་བཞིན། མ་ཧཱ་ར་ཤི་ཊའི་ཆུ་ལོག་གི་གོད་ཆག་ཐད་དབུས་གཞུང་ནས་རོགས་སྐྱོར་གང་ཐུབ་གནང་རྒྱུའི་ཁས་ལེན་ཞུས་ཡོད་སྐོར་བརྗོད་ཡོད་པ་དང་། དེ་བཞིན་མངའ་སྡེ་བློན་ཆེན་བྷ་ལ་སཱ་ཧེ་བྷི་ལགས་ཀྱིས། སང་ཉིན་ཕྱི་ཚེས་ ༢༧ ཉིན་གྱི་སྐྱེས་སྐར་ཚབ་ཏུ་རོགས་སྐྱོར་ཐེབས་རྩ་ཞིག་བཙུགས་ཏེ། ད་ལྟའི་ཆུ་ལོག་དང་ཏོག་དབྱིབས་ཀྱི་གནས་སྐབས་འདིར། ང་ཚོས་སྤྱི་ཚོགས་ཀྱི་འགན་ཁུར་ཏེ་ཕན་ཚུན་ལ་རོགས་སྐྱོར་བྱ་དགོས་པས། ངའི་སྐྱེས་སྐར་གྱི་རོགས་སྐྱོར་ཐེབས་རྩར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་མ་ཟད། མངའ་སྡེ་མི་མང་ཡོངས་ནས་སྲིད་བློན་ཁོང་གི་སྐྱེས་སྐར་སྲུང་གཙི་མི་ཆོག་པ་དང་མི་གཅིག་ཀྱང་སྐྱེས་སྐར་འཚམས་རྟགས་སོགས་སྐྱེལ་བར་ཡོང་མི་ཆོག་པའི་འབོད་སྐུལ་ཞུས་ཡོད་འདུག

དེ་རིང་རྒྱ་གར་གྱི་སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཉིན་གསུམ་གྱི་རིང་རྒྱ་གར་གྱི་མངའ་སྡེ་མ་ཧཱ་ར་ཤི་ཊའི་ཁུལ་དུ་ཆར་ཞོད་ཆེན་པོ་བབས་པའི་རྐྱེན་གྱིས་གྲོང་ཁྱེར་པོ་ནེ་ (Pune) དང་ ཀོན་ཁན་(Konkan) ས་ཕྱོགས་སུ་ཆུ་ལོག་དང་ས་རུད་སོགས་ཀྱི་རྐྱེན་ངན་འཕྲད་ཡོད་འདུག  ད་ལྟའི་ཆར་ཆུ་ལོག་གི་རྐྱེན་གྱིས་ཡུལ་མི་ ༢༥༡ ཙམ་རྐྱེན་འདས་སུ་ཕྱིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་ནང་མི་རིགས་ཕན་ཚུན་འཆམ་མཐུན་ཧ་ཅང་ཡག་པོ་རེད་དེ་ལྟ་བུའི་མིག་ལྟོས་བཟང་པོ་ཡོད་པ་མུ་མཐུད་ཡར་རྒྱས་གཏོང་དགོས་ཞེས་གསུངས།

༢༠༢༥/༠༨/༡༦
CTA celebrated the 79th Indian Independence day with a note of gratitude and good wishes. Photo; tibetimes 2025/8/15
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་ཆེ་ཞུས་སོང་།

༢༠༢༥/༠༨/༡༥
Mobile App

ཞི་ཅིན་ཕིན་གྱི་པེ་ཏེ་ཧིའི་དུས་སྐབས།

༢༠༢༥/༠༨/༡༥
Former Miss Tibet Tenzin Paldon in an undated photo (Photo/Instagram)
Mobile App

བོད་ནང་ཆོས་ལུགས་དད་མོས་དང་གསར་འགོད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

༢༠༢༥/༠༨/༡༤
སྲིད་སྐྱོང་མཆོག་གིས་ལྡི་ལི་བསམ་ཡས་གླིང་བོད་ཁྱིམ་སློབ་གྲྭའི་གཟིགས་སྐོར་གནང་། ༢༠༢༥།༠༨།༡༣ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ལྡི་ལི་བསམ་ཡས་གླིང་གི་བོད་མི་ཚོས་ས་ཆ་རྣམས་ཁྲིམས་མཐུན་དེབ་སྐྱེལ་ཚགས་ཚུད་གནང་དགོས་སྐོར་ལམ་སྟོན་གནང་།

༢༠༢༥/༠༨/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese