མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་བོད་མིའི་ས་གནས་ཆེ་ཁག་ཏུ་ཏོག་དབྱིབས་འགོག་ཁབ་རྒྱག་ཚར་གྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་འདིའི་ནང་རྒྱ་གར་གྱི་བོད་མིའི་ཁྲོད་གསར་དུ་ཏོག་དབྱིབས་ནད་པ་ ༡༧༨ ཐོན་པའི་ཁྲོད་སྐྱེས་པ་ ༩༠ དང་བུད་མེད་༨༨ ཡོད་པ་དང་མི་ ༣ རྐྱེན་འདས་སུ་ཕྱིན་ཡོད་འདུག

CTA COVID-19 Emergency Relief Committee’s 70th press conference

ཨ་རིའི་གཞུང་གི་རོགས་རམ་འོག་ཟླ་འདིའི་ཕྱི་ཚེས་ ༡༩ ནས་བཟུང་བལ་ཡུལ་ནང་གི་བོད་མི་ཚོར་ཨ་རིའི་ཇོན་སན་ (Johnson & Johnson)ཞེས་པའི་ཏོག་དབྱིབས་འགོག་ཁབ་རྒྱག་བཞིན་ཡོད་པ་ལྟར། ད་ལྟའི་ཆར་བལ་ཡུལ་ནང་གི་བོད་མི་མང་ཤོས་གནས་སྡོད་ཀྱི་ས་ཆ་མཆོད་འཇོར་དང་འཕགས་ཤིང་སོགས་གཙོ་བོར་གྱུར་བའི་སྦོག་ར་ཁུལ་གྱི་གཞིས་ཆགས་ཁག་ནང་མང་ཆེ་བར་འགོག་ཁབ་རྒྱག་ཚར་གྱི་ཡོད་པ་དང་། དེ་བཞིན་ཤར་ཁུམ་བུ་སོགས་སུའང་འགོག་ཁབ་རྒྱག་པའི་ལས་མགོ་རྩོམ་གྱི་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད། བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་ཡི་མཆོད་འཇོར་ས་གནས་མགོ་འཛིན་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་སུ་ས་གནས་ཀྱི་འགོག་ཁབ་གནས་སྟངས་སྐོར་དྲིས་པར་ཁོང་གིས། ཟླ་འདིའི་ཕྱི་ཚེས་ ༡༩ ཙམ་ནས་བལ་ཡུལ་གྱི་བོད་མི་སེར་སྐྱ་གྲངས་སུམ་སྟོང་མ་ཟིན་ཙམ་ལ་མཆོད་འཇོར་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་རྒྱབ་གཉེར་ཡིག་ཆ་གནང་ཡོད་པ་དང་། མང་པོ་ཞིག་ལ་ཐད་ཀར་དཔྱ་ཁྲལ་ལག་དེབ་ཀྱི་ཐོག་ནས་བལ་ཡུལ་གཞུང་གི་ཏོག་དབྱིབས་འགོག་ཁབ་ཐོབ་ཡོད་པ་དང་། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཟུར་དུ་བོད་མི་གྲངས་ ༩༡༠ དང་ཚེས་ ༢༧ ཉིན་མི་གྲངས་ ༧༨༠ ལ་ཨ་རིའི་ཇོན་སན་ (Johnson & Johnson) ཏོག་དབྱིབས་འགོག་ཁབ་བརྒྱབ་ཡོད་པ་དང་། ཨ་རིའི་སྨན་ཁབ་དེ་ཐེངས་གཅིག་མ་གཏོགས་རྒྱག་དགོས་ཀྱི་མེད་སྐོར་དང་། ད་ལན་བོད་མིར་དམིགས་བསལ་གྱི་རོགས་སྐྱོར་ཐོབ་པ་དེ་སྤྱིར་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་འོག་བྱུང་བ་ཡིན་སྐོར་བརྗོད་བྱུང་།

དེ་རིང་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ལས་དོན་ཚོགས་ཆུང་ལ་ཞལ་པར་བརྒྱུད་འབྲེལ་བ་ཞུས་ཏེ། བལ་ཡུལ་གྱི་བོད་མི་སྤྱི་ཡོངས་ཀྱི་འགོག་ཁབ་ཐོབ་པའི་གནས་སྟངས་ག་འདྲ་ཡིན་མིན་བཀའ་འདྲི་ཞུས་པར་ད་ལྟའི་ཆར་དབུས་ལ་གནས་ཚུལ་ཞིབ་ཕྲ་འབུལ་འབྱོར་བྱུང་མེད་སྐོར་བརྗོད་བྱུང་ལ། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གྱི་ཚོགས་ཆུང་གི་གསལ་བསྒྲགས་སྐབས་བལ་ཡུལ་ནང་དུ་བརྒྱ་ཆ་ ༩།༤༤ ལ་འགོག་ཁབ་དང་པོ་ཐོབ་ཡོད་པ་དང་བརྒྱ་ཆ་ ༡༢།༩༤ ལ་འགོག་ཁབ་གཉིས་པ་ཐོབ་སྐོར་བརྗོད་འདུག དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༧༠ པའི་ཐོག བདུན་འདིའི་ནང་རྒྱ་གར་ནང་གསར་དུ་ཏོག་དབྱིབས་ནད་པ་ ༡༧༨ བྱུང་ཡོད་པ་དང་། དེའི་ཁྲོད་སྐྱེས་པ་ ༩༠ དང་བུད་མེད་༨༨ ཡོད་འདུག བོད་མི་ ༣ རྐྱེན་འདས་སུ་ཕྱིན་ཡོད་འདུག

བལ་ཡུལ་གཞུང་གིས་རྒྱ་གར་གྱི་འགོག་ཁབ་(Astrazeneca)དང་རྒྱ་ནག་གི་འགོག་ཁབ་(Vero Cell)གཉིས་རྒྱག་མུས་ཡིན་ཡང་འགོག་ཁབ་མ་རག་པའི་དཀའ་ངལ་འཕྲད་མུས་ཡིན་འདུག ཁ་སང་འདི་གའི་གསར་འགོད་པས བལ་ཡུལ་དུ་གནས་སྡོད་བོད་མི་ཞིག་དང་ལྷན་དུ་ཁ་བརྡ་བྱེད་སྐབས། བལ་ཡུལ་ནང་ཏོག་དབྱིབས་འགོག་ཁབ་རག་རྒྱུ་ཁག་པོ་ཆགས་ཡོད་པ་དང་དམིགས་བསལ་བལ་ཡུལ་གྱི་ཡུལ་མི་རང་ལ་འདང་ངེས་ཤིག་རག་གི་མེད་དུས་བོད་མི་ཚོར་རག་ཁག་པོ་ཆགས་འདུག ཅེས་བརྗོདབྱུང་།  བལ་ཡུལ་གཞུང་གིས་ཏོག་དབྱིབས་འགོག་ཁབ་འདང་ངེས་གྲ་སྒྲིག་མ་ཐུབ་པའི་དཀའ་ངལ་འོག རྒྱ་དཀར་ནག་གཉིས་ཀྱི་ལག་ནས་འགོག་ཁབ་ཀྱི་རོགས་སྐྱོར་བླངས་ཏེ་ནང་ཁུལ་ཆབ་སྲིད་དང་མི་མང་གི་འཕྲོད་བསྟེན་སོགས་ཀྱི་ཐོག་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨
དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་བསྐོངས། ༢༠༢༦།༡།༢༨ དུས་བབ་ཀྱི་པར།
Mobile App

དབུས་འོས་བསྡུ་ལས་ཁང་གིས་མི་གཅིག་ལ་ཉེས་ཆད་དང་མི་གཉིས་ལ་ཉེན་བརྡ་བཏང་འདུག

༢༠༢༦/༠༡/༢༨
Mobile App

མཚོ་ངོགས་ཀྱི་དམ་བཅའ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese