མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕོ་ལེ་བསམ་འཕེལ་གླིང་གི་བོད་མི་གཙང་མའི་དུད་ཁྱིམ་བཅུ་ཡིས་རྒྱ་ནག་གཞུང་གི་སྐྱོབ་གསོ་བླངས་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་བལ་མཐའ་མཚམས་ཀྱི་ཡུལ་མི་དང་བོད་རིགས་ཁྲོད་རྒྱ་ནག་གཞུང་གི་སྐྱོབ་གསོ་ལེན་མཁན་ཡོད་ཀྱང་ཕོ་ལེ་བསམ་འཕེལ་གླིང་གི་བོད་པ་གཙང་མའི་དུད་ཁྱིམ་ ༡༠ དེས་རྒྱ་གཞུང་གི་སྐྱོབ་གསོ་ལེན་མྱོང་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

Pholey Samphel-Ling Tibetan Settlement in Nepal. Image:Gelek Choephel

རྒྱ་ནག་གཞུང་གིས་བོད་བལ་ས་མཚམས་ཁག་གཙོ་བོར་གྱུར་བའི་བལ་ཡུལ་ནང་སྐྱོབ་གསོའི་རིགས་མང་པོ་སྤྲོད་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༦ པའི་ཟླ་མཇུག་ཙམ་དུ་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་ས་མཚམས་དང་རྒྱ་མཚོའི་ཚན་པས། བལ་ཡུལ་ཤར་རྒྱུད་ཀྱི་མཐའ་འཁོབ་ཞིང་ཆེན་ཏབ་ལེ་ཇུང་ (Taplejung) གི་ཁོངས་གཏོགས་ཝ་ལུང་ཁུལ་གྱི་མི་མང་ལ་སྐམ་ཟས་རིགས་ཀྱི་རོགས་སྐྱོར་སྤྲད་ཡོད་པ་དང་། སྐབས་དེར་ཕོ་ལེ་བསམ་འཕེལ་གླིང་བོད་མིའི་གཞིས་ཆགས་ཀྱི་ཁྱིམ་ཚང་འགའ་ཤས་ནས་ཀྱང་སྐྱོབ་གསོ་དེ་བླངས་ཡོད་པའི་གནས་ཚུལ་ས་གནས་གཞིས་མི་ཞིག་གིས། བོད་མི་མང་སྤྱི་འཐུས་ཤིག་བརྒྱུད་དེ་འདི་གར་མཁོ་སྤྲོད་གནང་བྱུང་། སྤྱིར་བཏང་ཕོ་ལེ་བསམ་འཕེལ་གླིང་གཞིས་ཆགས་ཁུལ་དུ་བོད་རིགས་གཙང་མའི་དུད་ཁྱིམ་ ༡༠ དང་ཡུལ་མིའི་དུད་ཁྱིམ་ ༥ བཅས་ཁྱོན་དུད་ཁྱིམ་ ༡༥ ཙམ་ཡོད་འདུག

ཕྱིས་སུ་ཕོ་ལེ་བསམ་འཕེལ་གླིང་རང་བདེན་ཚོགས་ཆུང་གི་ཚོགས་མི་དགེ་ལེགས་ཆོས་འཕེལ་ལགས་ནས་ས་གནས་བོད་མིའི་འཐུས་ཚབ་བཅུས་མིང་རྟགས་བཀོད་པའི་ཡི་གེ་དང་བཅས་ཡིག་ངག་གཉིས་ཐོག་ནས་འདི་གར་གནས་ཚུལ་དེའི་སྐོར་ལ་འགྲེལ་བཤད་གནང་བ་ལྟར། དེ་རིང་འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་རྒྱ་ནག་གཞུང་གི་སྐྱོབ་གསོ་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། རྒྱ་ནག་གཞུང་གིས་སྐྱོབ་གསོ་དེ་བལ་ཡུལ་གྱི་ཝ་ལུང་དང་། ཡང་དམག དགུན་ས་སོགས་ལ་སྤྲད་ཡོད་པ་ལས་བོད་མིའི་གཞིས་ཆགས་ལ་སྤྲད་ཡོད་པ་མ་རེད། སྤྲོད་ས་དེ་ཚོའང་བལ་ཡུལ་གྱི་མི་སེར་རང་ཆགས་ཀྱི་ཡོད་པ་རེད། ཕོ་ལེ་བསམ་འཕེལ་གླིང་ནང་བོད་མི་གཙང་མའི་ཁྱིམ་ཚང་ ༡༠ མ་གཏོགས་མེད་ཅིང་། གཞན་རྣམས་བལ་ཡུལ་གྱི་ཡུལ་མི་ཡིན་སྟབས་ཁོ་ཚོས་སྐྱོབ་གསོ་དེ་བླངས་ཡོད་པ་རེད། ཅེས་བརྗོད་བྱུང་ལ། བོད་མིའི་སྒྲིག་འཛུགས་ལའང་དེ་བཞིན་འགྲེལ་བརྗོད་ཞུས་ཡོད་འདུག

འདི་གར་ཐོག་མར་གནས་ཚུལ་དེ་མཁོ་སྤྲོད་གནང་མཁན་གཞིས་མི་དེས། རྒྱ་ནག་གཞུང་གིས་སྐྱོབ་གསོ་ལེན་མཁན་གྱི་མིང་གཞུང་ཞིག་བསྡུས་ཡོད་སྐོར་བརྗོད་པ་ལྟར། དགེ་ལེགས་ཆོས་འཕེལ་ལགས་སུ་ཐོ་གཞུང་དེ་རག་ཐབས་ཡོད་མེད་དྲིས་པར་ཁོང་གིས། ང་ཚོར་མིང་གཞུང་དགོས་ལབ་མཁན་བྱུང་མེད་ལ། ང་ཚོས་ཀྱང་མིང་གཞུང་སྤྲད་མེད་ཅེས་བརྗོད་བྱུང་། ཡང་ཁོང་གིས་ཡང་དམག་དང་དགུན་ས་ཁུལ་དུ། བལ་ཡུལ་གྱི་ཡུལ་མི་དང་གཉེན་སྒྲིག་བྱེད་མཁན་གྱི་བོད་རིགས་བུད་མེད་དེ་འདྲ་ཁ་ཤས་ཡོད་པ་དང་། ཁོ་ཚོའི་ཕྲུ་གུ་རྣམས་བོད་པའི་སློབ་གྲྭར་འཇུག་ཆེད་ཁོ་ཚོར་ལག་དེབ་ལྗང་ཁུ་སྤྲད་ཡོད་པ་རེད། འོན་ཀྱང་ཁོ་ཚོ་ཕོ་ལེ་བསམ་འཕེལ་གླིང་གི་གཞིས་མིའི་ཁོངས་སུ་ཚུད་ཀྱི་མེད་པར་བལ་ཡུལ་གྱི་མི་སེར་ཆགས་ཀྱི་ཡོད་སྟབས། རྒྱ་ནག་གི་སྐྱོབ་གསོ་དེ་བླངས་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

སྔོན་ཆད་བོད་མི་རྣམས་ཡུལ་དེར་གསར་དུ་འབྱོར་སྐབས་བསམ་འཕེལ་གླིང་གཞིས་ཆགས་དེ་ཝ་ལུང་ནང་ཆགས་ཡོད་ནའང་། ཕྱི་ལོ་ ༡༩༦༧ ལོར་ཝ་ལུང་ནས་མི་རྐྱང་འགྲོ་ན་ཉིན་གཉིས་དང་། ཁལ་མ་དེད་ན་ཉིན་གསུམ་ཙམ་འགོར་བའི་ཕོ་ལེ་ཞེས་པའི་ས་དེར་གནས་སྤོས་བྱས་ཡོད་འདུག་ལ། སྐྱེས་པ་ཚོ་དབྱར་ཁ་བོད་ནང་ཚོང་རྒྱག་པར་འགྲོ་བ་དང་རི་འཛེག་པ་ཚོའི་ཅ་ལག་དབོར་འདྲེན་བྱེད་པ་སོགས་ཀྱི་ཚོང་ལས་ཙག་ཙིག་གཉེར་ནས་སྡོད་ཀྱི་ཡོད་འདུག

དེ་སྔ་ཡང་དམག་དང་དགུན་ས། ཐུགས་དམ་བཅས་ནང་བོད་མི་གཙང་མ་གནས་སྡོད་བྱེད་མཁན་ཡོད་ཀྱང་། རིམ་པས་ཁོ་ཚོ་ཡང་རྒྱ་གར་དང་བལ་ཡུལ་གྱི་རྒྱལ་ས་སོགས་ལ་གནས་སྤོས་བྱས་ཏེ། ད་ལྟའི་ཆར་ས་ཁུལ་དེ་དག་ནང་བོད་པ་གཙང་མ་གཅིག་རྐྱང་མེད་འདུག

འབྲེལ་ཡོད་གསར་འགྱུར། https://tibettimes.net/2021/07/02/213676/

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese