མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌའི་སྲིད་བློན་མཆོག་ལ་བོད་རྒྱ་འབྲེལ་མོལ་མཐུད་ཐབས་གནང་དགོས་པའི་ཡོངས་ཁྱབ་ཞུ་ཡིག་ཕུལ།

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌའི་སྲིད་བློན་སྐུ་ཞབས་ཇ་སི་ཊན་ཊུ་རུ་ཌོ་ (Justin Trudeau) མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་བའི་འབོད་སྐུལ་བསྒྲགས་གཏམ་སྤེལ་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་གི་མགོ་འཁྲིད་ཚོར་བོད་རྒྱ་གྲོས་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་དགོས་པའི་ཞུ་ཡིག་ཅིག་ཕུལ་ཡོད་འདུག

Chinese President Xi Jinping shakes hands with Canadian Prime Minister Justin Trudeau during the G20 Summit in Hangzhou, China, on Sept. 4, 2016 Photo:REUTERS

ཡོངས་ཁྱབ་ཞུ་ཡིག་དེ་ནི་ཁེ་ན་ཌའི་དབུས་སའི་གྲོས་ཚོགས་འཐུས་མི་དང་ཤེས་ཡོན་པ། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེའི་སྐུ་ཚབ་དང་། བོད་དོན་ལས་འགུལ་བའི་ཚོགས་པ་བཅས་ཐུན་མོང་ནས་ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཕུལ་ཡོད་ཅིང་། ཞུ་ཡིག་དེའི་ནང་། བོད་མི་དང་ཁེ་ན་ཌར་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་འདས་པའི་ལོ་མང་རིང་ནས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་གཙིགས་ཆེར་འཛིན་མུས་རེད། འདས་ལོའི་ཕྱི་ཟླ་ ༨ པའི་ནང་ཁེ་ན་ཌའི་གྲོས་ཚོགས་འོག་མའི་དམིགས་བསལ་ཁེ་ན་ཌ་དང་རྒྱ་ནག་འབྲེལ་ལམ་ཚོགས་ཆུང་ (Special Committee on Canada-China Relations) ནང་བོད་རྒྱ་འབྲེལ་མོལ་སྐོར་གྱི་གྲོས་འཆར་ཞིག་ལ་སྤྱི་མོས་ཐོབ་ཡོད། འོན་ཀྱང་བློ་ཕམ་པ་ཞིག་ལ། འདི་ལོའི་ཕྱི་ཟླ་ ༦ པའི་ནང་གྲོས་ཚོགས་འཐུས་མི་སྐུ་ཞབས་སི་ཊི་ཧྥན་བྷེར་གྷེ་རོན་ (Stephane Bergeron) ལགས་ཀྱིས་གྲོས་འཆར་དེ་ཉིད་གྲོས་ཚོགས་འོག་མར་འདོན་སྐབས་རྒྱབ་སྐྱོར་ཐོབ་མེད། འཛམ་གླིང་གི་མགོ་འཁྲིད་རྣམས་དང་མཚུངས་པར་ཁེ་ན་ཌའི་ངོས་ནས་ཀྱང་བོད་ཀྱི་དཀའ་རྙོག་སེལ་བར་འཚེ་མེད་ཞི་བའི་གྲོས་མོལ་དགོས་པའི་བསམ་ཚུལ་འདོན་དགོས། ཞེས་བཀོད་ཡོད་འདུག

དེ་བཞིན། རྒྱལ་ཕྱི་ནང་གཉིས་སུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་མཁན་གྱི་དམངས་གཙོའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། ཁེ་ན་ཌ་ལ་བོད་རྒྱའི་དཀའ་རྙོག་སེལ་བར་འགན་ནུས་ཁྱད་པར་ཅན་ཞིག་ཡོད། ང་ཚོའི་རྒྱལ་ཁབ་ཀྱི་ས་ཁུལ་ཆུ་གྷེག་(Quebec) དང་ནུ་ན་ཝུཊ་ (Nunavut) གཉིས་ནི་དངོས་ཡོད་རང་སྐྱོང་གི་དཔེ་མཚོན་ཞིག་ཡིན་པས། དེ་ཉིད་བོད་ཀྱི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གྲོས་མོལ་གྱི་གཞི་འཛིན་ས་དང་མིག་དཔེ་བལྟ་ས་ཞིག་ཏུ་སྤྱད་ཆོག་པ་ཡིན། དེར་མཚུངས་ང་ཚོ་ལ་བཟང་སྤྱོད་ཀྱི་ཐོག་ནས་བོད་ནང་གི་གནས་སྟངས་ལ་ལྟ་ཞིབ་དང་། རྒྱལ་སྤྱིའི་ཁྲིམས་སྒྲིག་གི་ཐོག་ནས་རྒྱ་ནག་གི་བྱས་ཉེས་ལ་ཉེས་ཆད་གཅོག་རྒྱུའི་འགན་འཁྲི་ཡོད་པ་རེད། དེ་བཞིན་ང་ཚོས་ཕྱི་ལོ་ ༡༩༧༠ ནས་བཟུང་ཁེ་ན་ཌར་གསར་དུ་འབྱོར་བའི་བཙན་བྱོལ་བོད་མི་སྟོང་ཕྲག་མང་པོའི་འགན་འཁུར་བླང་དགོས་པ་ཞིག་ཡིན། ཞེས་བཀོད་འདུག

H.H the Dalai Lama laughs as he talks with Justin Trudeau before speaking to approximately 25,000 people in Toronto. (CP PHOTO/Adrian Wyld)

ཡོངས་ཁྱབ་ཀྱི་ཞུ་ཡིག་དེར་ཁེ་ན་ཌའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་མོ་བྷི་ན་ཇ་ཧྥེར་(Mobina S.B. Jaffer) ལགས་དང་། སྐུ་ཞབས་ཌེ་ནི་སི་པེ་ཊེར་སན་ (Dennis Patterson)ལགས། ཐེན་ཧའེ་ངོ་(Thanh Hai Ngo)ལགས། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་གྷེ་རི་ཨ་ནནྜ་སང་གྷ་རི་ (Gary Anandasangaree)ལགས། དེ་བཞིན་ཨོ་ཊེ་རི་ཡོ་ཡི་གྲོས་ཚོགས་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ཚུད་པའི་དབུས་སའི་གྲོས་ཚོགས་འཐུས་མི་ལས་ཐོག་ ༡༢ དང་ཟུར་པ་ ༣ བཅས་དང་། གཞན་ཡང་ཁེ་ན་ཌར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ ༣ གྱི་གནད་ཡོད་མི་སྣ་དང་། གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན། བོད་དོན་དང་ཧོང་ཀོང་། ཡུ་གུར་བཅས་ཀྱི་ཚོགས་པ། གཞན་ཡང་ཁེ་ན་ཌར་ཡོད་པའི་བོད་མིའི་ཚོགས་སྡེ་ཁག་བཅས་ཀྱིས་མཚན་རྟགས་བརྒྱབ་ཡོད་འདུག

དེ་བཞིན་ཞུ་ཡིག་དེའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བཙན་བྱོལ་བོད་གཞུང་། བོད་མི་ཁྱོན་ཡོངས་ནས་བོད་རྒྱའི་དཀའ་རྙོག་དེ་འཚེ་མེད་ཞི་བའི་ལམ་ནས་སེལ་ཐབས་དང་། རྒྱ་ནག་གཞུང་གི་འཐུས་ཚབ་དང་བོད་མིའི་འཐུས་ཚབ་དབར་གྲོས་མོལ་ཡོང་རེ་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༡༠ ལོར་བོད་རྒྱ་འབྲེལ་མོལ་ཆད་དེ་ད་བར་བསྐྱར་གསོ་ཐུབ་མེད་སྐོར་དང་། འདི་ལོའི་རང་དབང་ཁང་པའི་འཛམ་གླིང་གི་རང་དབང་སྙན་ཐོའི་ནང་བོད་དེ་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་སི་རི་ཡ་དང་གྲལ་གཅིག་ཏུ་བསྒྲིགས་ཏེ། འཛམ་གླིང་ནང་གི་རང་དབང་ཆེས་ཉུང་བའི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་ཡོད་པ་དང་། ཡང་ཞིབ་འཇུག་གི་སྙན་ཐོ་ཞིག་ནང་རྒྱ་ནག་གིས་བོད་ནང་བོད་མི་ཁྲི་ ༥ ལྷག་བཙན་བཀོལ་ངལ་རྩོལ་ལ་གཏོང་གིན་ཡོད་པ་དང་། ཆབ་སྲིད་སློབ་གསོ་བརྒྱུད་བོད་མིའི་བསམ་བློ་བཅོས་བསྒྱུར་གཏོང་ཐབས་དང་། བོད་ཀྱི་བུད་མེད་རྣམས་ལ་བཙན་གཡེམ་དང་མནར་གཅོད་བཏང་བའི་གནས་ཚུལ་ཐོན་བཞིན་པ་དེ་དག་ནི། རྒྱ་ནག་གཞུང་གིས་བོད་ནང་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་སྤེལ་བཞིན་པའི་དཔེ་མཚོན་གསར་པ་ཞིག་ཡིན་སྐོར་བརྗོད་འདུག་ལ། ད་ལྟ་༧གོང་ས་མཆོག་དགུང་གྲངས་མཐོན་པོར་ཕེབས་བཞིན་པའི་སྐབས་དང་། རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་ལྟར་༧གོང་ས་མཆོག་གི་ཡང་སྲིད་ལའང་ཐེ་བྱུས་བྱ་རྒྱུའི་བྱུས་ངན་འཐེན་བཞིན་ཡོད། བོད་ཀྱི་དཀའ་རྙོག་དེ་ཉིད་ཞི་བའི་ངང་སེལ་རྒྱུ་དེ་༧གོང་ས་མཆོག་གི་སྐུ་ཚེའི་ཧྲིལ་པོའི་ཐུགས་རེ་ཡིན་པས། ད་ལྟ་ཐུགས་རེ་དེ་སྒྲུབ་རྒྱུའི་དུས་ལ་བབས་ཡོད་སྐོར་བཀོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༧ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 5 སྔོན།

    དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་བོད་རྒྱ་ཞི་མོལ་སྐྱར་གསོ་ཐུབ་དགོས་ན་བོད་རྒྱ་གཉིས་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་རྒྱུད་ནས་བོད་རྒྱའི་དཀའ་ངལ་སེལ་དགོས་པ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་མི་རིགས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་ང་ཚོར་དགོས་པའི་དགོས་འདུན་སྟོན་ཡོད་པ་མ་རེད་དམ་།

    Reply
  2. ཨོ་རྒྱན་དཔལ་མོ says:
    ལོ་ 5 སྔོན།

    བོད་རྒྱ་ཞི་མོལ་སྐྱར་གསོ་འདི་རྒྱ་ནག་ལ་འཛམ་གླིང་རྩེད་འགྲན་གྱི་གོ་སྐབས་སྤྲད་ཡས་གཅིག་མཚུངས་རེད་ སྔོན་མ་2008 ལ་གཅིག་པ་བྱས་སོང་རྒྱ་མིས་མགོ་སྐོར་བཏང་གི་རེད་ཕན་འབྲས་གང་ཡང་ཡོད་པ་མ་རེད་ སྐུ་ཅི་ཟབ་ཟབ་བྱོས་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese