མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སའི་ཞོ་སྟོན་གྱི་བྱེད་སྒོ་རིགས་སྤེལ་མི་ཆོག་པར་བཟོས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཞི་བས་བཅིངས་གྲོལ་བཏང་སྟེ་ལོ་ངོ་ ༧༠ འཁོར་ཟེར་བའི་མིང་འོག་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་སྟོན་པའི་སྐྱེས་རབས་དང་བོད་ཀྱི་རྣམ་ཐར་ཁག་བརྗོད་སྙིང་དུ་གྱུར་བའི་ཞོ་སྟོན་གྱི་རིག་གཞུང་འཁྲབ་སྟོན་རིགས་སྤེལ་མི་ཆོག་པའི་བཀའ་བཏང་ཡོད་འདུག

Announcement of stoping Tibetan traditional Cultural performance known as Sho Tong

དེ་རིང་ནས་སྟོན་པའི་སྐྱེས་རབས་དང་བོད་ཀྱི་རྣམ་ཐར་ཆེ་གྲས་ཁག་ཚུད་པའི་ཡུན་རིང་ལོ་རྒྱུས་ལྡན་པའི་ལྷ་སའི་ཞོ་སྟོན་དུས་ཆེན་དབུ་འཛུགས་གནང་གི་ཡོད་པ་ལྟར། ཁ་སང་ལྷ་ས་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་ཟེར་བའི་བརྡ་ཁྱབ་ཅིག་བཏང་སྟེ། རྒྱ་ནག་གིས་བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་ཟེར་བའི་དུས་ཆེན་གྱི་བྱེད་སྒོའི་བདེ་འཇགས་སོགས་ལ་འགན་ལེན་ཐུབ་ཆེད། ཕྱི་ལོ་ ༢༠༢༡ ལོའི་ལྷ་སའི་ཞོ་སྟོན་དབུ་འཛུགས་ཀྱི་མཛད་སྒོ་དང༌ལྷ་མོའི་འཁྲབ་གཞུང་གཙོས་པའི་བོད་ཀྱི་སྲོལ་རྒྱུན་རིག་རྩལ་འཁྲབ་སྟོན་དང་གོས་སྐུ་ཞལ་མཇལ་སོགས་མི་མང་འདུ་འཛོམས་ཀྱི་བྱེད་སྒོ་རིགས་ཚང་མ་མཚམས་འཇོག་བྱ་རྒྱུ་ཡིན་པ་བསྒྲགས་འདུག

ལྷ་ས་གྲོང་ཁྱེར་གྲོང་ཁྱེར་ཏོག་དབྱིབས་ནད་དུག་ལ་ཁ་གཏད་གཅོག་པའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་བརྡ་ཁྱབ་ཨང་ལྔ་བ་ཟེར་བའི་ནང་། རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ ༡༧ དང་ས་ཁུལ་དང་རྫོང་ཁག་ ༢༨ ལ་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་འབུ་གསར་བ་ཌལ་ཊ་ (Delta Variant) འགོས་ཁྱབ་བྱུང་སྟེ། རྒྱ་ནག་ཏུ་ཏོག་དབྱིབས་འགོས་ཁྱབ་ཀྱི་ཉེན་ཁ་ཆེ་བའི་ཁུལ་ ༥ དང་ཉེན་ཁ་འབྲིང་བའི་ཁུལ་ ༡༦༠ ཡོད་རབས་སོགས་བཀོད་ཡོད་ཀྱང་། རྒྱལ་ས་ལྷ་སའི་ཞོ་སྟོན་གྱི་བྱེད་སྒོ་མཚམས་འཇོག་བྱེད་དོན་ནི་བོད་ཞི་བས་བཅིངས་གྲོལ་བཏང་སྟེ་ལོ་ངོ་ ༧༠ འཁོར་ཟེར་བའི་དུས་དྲན་གྱི་བྱེད་སྒོའི་བདེ་འཇགས་འགན་ལེན་སྲུང་སྐྱོབ་ཐུབ་ཆེད་ཡིན་སྐོར་བསྒྲགས་འདུག

ཡང་ཕྱི་ཚེས་ ༣ ཉིན་བོད་ཞི་བས་བཅིངས་གྲོལ་བཏང་སྟེ་ལོ་ངོ་ ༧༠ འཁོར་བའི་དུས་དྲན་ཟེར་བའི་འོག ཕོ་བྲང་པོ་ཏ་ལའི་དོ་དམ་ལས་ཁུངས་ཟེར་བས་བརྡ་ཁྱབ་ཅིག་སྟེ་ཕོ་བྲང་པོ་ཏ་ལའི་ནང་བོད་ཞི་བས་བཅིངས་གྲོལ་བཏང་སྟེ་རིག་དངོས་འགྲེམས་བྱས་པའི་རྐྱེན་གྱིས། ཚེས་ ༣ ནས་བཟུང་པོ་ཏ་ལའི་དབྱིག་ནོར་ཁང་ཕྱི་ཕྱོགས་སུ་སྒོ་འབྱེད་བྱ་རྒྱུ་མཚམས་འཇོག་གི་གསལ་བསྒྲགས་སྤེལ་འདུག་ལ། ཉེ་བའི་ལོ་བསྟུད་མར་རྒྱ་ནག་གཞུང་གིས་ཞོ་སྟོན་སྐབས། འབྲས་སྤུངས་དགོན་པ་དང་གཙུག་ལག་ཁང་། པོ་ཏ་ལ་སོགས་སུ་དམག་མི་འབོར་ཆེན་འགྲེམས་འཇོག་གིས་བོད་མིའི་སྲོལ་རྒྱུན་དུ་གྲུབ་པའི་རིག་གཞུང་འཁྲབ་སྟོན་འདི་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད། སྟོན་པའི་སྐྱེས་རབས་དང་བོད་ཀྱི་རྣམ་ཐར་ཆེ་གྲས་ཁག་ཚུད་པའི་ཡུན་རིང་ལོ་རྒྱུས་ལྡན་པའི་ལྷ་སའི་ཞོ་སྟོན་དུས་ཆེན་དེ་རིང་ནས་དབུ་འཛུགས་གནང་གི་ཡོད་འདུག

སྤྱིར་ད་སྐབས་རྒྱ་ནག་ནང་ཌལ་ཊ་ཏོག་དབྱིབས་འགོས་ཁྱབ་འབྱུང་གི་ཡོད་པ་གསལ་བོ་ཡིན་པ་དང་། ཉེ་ལམ་ནས་རྒྱ་ནག་གི་མི་དམངས་དྲ་བ་དང་ཤིན་ཧྥ་གསར་ཁང་སོགས་ནས། རྒྱ་ནག་ནང་ངོ་བོ་འགྱུར་བའི་ཏོག་དབྱིབས་འགོས་ཁྱབ་བྱུང་བའི་གནས་ཚུལ་རིམ་པ་སྤེལ་ཏེ། འགོས་སླ་ཞིང་བཅོས་དཀའ་བའི་ཏོག་དབྱིབས་ན་ཚར་ཡིད་གཟབ་བྱ་དགོས་སྐོར་བསྒྲགས་འདུག་ལ། ཏོག་དབྱིབས་འགོས་ཁྱབ་ཀྱི་གནས་ཚུལ་དང་འབྲེལ་ནས། རྒྱ་ནག་གི་ཆཱང་ཆིན་གྲོང་སྡེའི་ཝན་ཀྲའོ་གྲོང་ཁྱེར་གྱི་གསོལ་མགྲོན་ཁང་ཞིག་ཏུ། མི་གྲངས་ ༢༠༠༠ ལྷག་ནས་སྟོན་མོ་ཞིག་ལ་མཉམ་ཞུགས་བྱེད་སྐབས། གློ་བུར་དུ་ཉེན་རྟོག་པ་འབོར་ཆེན་སྟོན་ཐོག་ཏུ་འབྱོར་ཏེ། གསོལ་མགྲོན་ཁང་སྒོ་བརྒྱབ་པ་དང་བསྟུན། དེར་ཡོད་པའི་མི་ཚང་མར་བཙན་གྱིས་བརྟག་དཔྱད་དང་འགོག་ཁབ་བརྒྱབ་བཅུག་ཡོད་པ་རེད། དེ་བཞིན། སློབ་འབྲིང་ཞིག་གི་སློབ་མ་ཡོངས་ལ་ཕ་མའི་ཆོག་མཆན་དང་སློབ་མའི་བདེ་འཇགས་ལ་འགན་སྲུང་གང་ཡང་མེད་པར་ཏོག་དབྱིབས་འགོག་ཁབ་བརྒྱབ་ཡོད་པའི་གནས་ཚུལ་རིགས་རྒྱ་རིགས་ཚོས་བརྙན་ལམ་ནས་བརྒྱུད་སྐུར་བྱས་ཏེ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པདྨ་ཚེ་བརྟན་ལགས།
Mobile App

པདྨ་ཚེ་བརྟན། བོད་བརྙན་གྱི་ཤིང་རྟའི་སྲོལ་འབྱེད།

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་ཀྱིས་སྣང་མེད་དུ་བཏང་བའི་ཉེན་བརྡ། རྒྱལ་ལོ་དོན་གྲུབ་དང་རྒྱ་ནག་གི་བཙན་འཛུལ།

༢༠༢༦/༡༡/༡༤
The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

༢༠༢༦/༡༡/༡༣
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

༢༠༢༦/༡༡/༡༣
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese