མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་གི་བོད་མི་བརྒྱ་ཆ་ ༩༡ ལ་འགོག་ཁབ་བརྒྱབ་ཟིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་ནས་སྲིད་སྐྱོང་གཟེངས་རྟགས་ཆེད་ད་ལྟའི་ཆར་སྔོན་རྩིས་བཀའ་འཁྲོལ་འབུམ་ ༡༠ ཡས་མས་མེད་ཀྱང་སྒྲིག་གཞི་ལྟར་སློབ་ཕྲུག་ ༢༧  ལ་གཟེངས་རྟགས་གནང་འཆར་ཡོད་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། དེ་བཞིན་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་དང་། བདེ་ལེགས་སྨན་ཁང་གི་འཛིན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་བཅས་ལྷན་བཞུགས་ཐོག འདས་པའི་ཟླ་བ་གཉིས་ལྷག་རིང་བཀའ་ཤག་སྐབས་ ༡༦ པས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་འཛིན་སྐྱོང་གི་བྱེད་སྒོ་ཁག་གི་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།

གསར་འགོད་གསལ་བསྒྲགས་སྟེང་རྒྱ་གར་དང་བལ་ཡུལ་ནང་གནས་སྡོད་བོད་མི་རྣམས་ལ་ཏོག་དབྱིབས་སྔོན་འགོག་སྨན་ཁབ་བརྒྱབ་པའི་གནས་སྟངས་སྐོར་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ད་ལྟའི་ཆར་རྒྱ་གར་ནང་ཁྱོན་ཡོངས་ནས་ཁབ་བརྒྱབ་ཟིན་པ་དེ་བརྒྱ་ཆ་ ༩༡ ཆགས་ཀྱི་ཡོད་ཅིང་། དེའི་ཁྲོད་ནས་ཁབ་གཉིས་ཀ་བརྒྱབ་པ་དེ་བརྒྱ་ཆ་ ༣༨།༥ དང་། ཁབ་གཅིག་བརྒྱབ་པ་ཟིན་པ་དེ་བརྒྱ་ཆ་ ༥༢།༦༧ ཆགས་ཀྱི་ཡོད། དེའི་ནང་སོ་སོས་ཁབ་བརྒྱབ་སྟེ་ལན་མ་སྤྲད་པ་དང་ཡང་འགའ་ཤས་ཀྱིས་ཁབ་རྩ་བ་ནས་བརྒྱབ་ཀྱི་མིན་ཟེར་མཁན་ཡོད་སྲིད་པ་དང་། ཡང་བརྒྱ་ཆ་ ༤།༥ ལྷག་ཅིག་ལོ་ ༡༨ མན་གྱི་སློབ་གྲྭའི་སློབ་ཕྲུག་ཁག་ཡོད་སྟབས། ཁྱོན་ཡོངས་ནས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཀྱི་གནས་བབ་དང་མཚུངས་པ་ལྟ་བུ་ཞིག་ཆགས་ཡོད་པ་རེད། བལ་ཡུལ་ནང་མཚོན་ན། ང་ཚོར་དཀའ་ངལ་ཕྲན་བུ་ཕྲད་པ་རེད། བོད་མིའི་སྒྲིག་འཛུགས་ངོས་ནས་གཞུང་འགའ་ཤས་ལ་འབྲེལ་བ་བྱས་ཡིན་ཏེ་དོན་ཕན་ལྡན་པ་བྱུང་མ་སོང་། དེ་ང་ཚོས་འབད་བརྩོན་མ་བྱས་པའི་རྐྱེན་གྱིས་མིན་པར་རྒྱལ་ཁབ་སོ་སོའི་སྲིད་ཇུས་དང་ལངས་ཕྱོགས། ཁབ་འདང་མི་འདང་སོགས་ཀྱི་རྐྱེན་པས་ཁབ་བཏང་ཐུབ་ཡོད་པ་མ་རེད་དེ། ཕྱིས་སུ་ཉི་ཧོང་དང་ཨ་རིའི་གཞུང་གིས་རོགས་པ་བྱས་ཏེ་ད་ལྟའི་ཆར་བལ་ཡུལ་ནང་ཁབ་ཚ་ཚ་འུར་འུར་ཐོག་རྒྱག་བཞིན་པ་རེད། ཅེས་དང་། ད་ཐེངས་བལ་གཞུང་ངོས་ནས་བོད་རིགས་དང་བལ་ཡུལ་གྱི་མི་སེར་དབར་ལ་དབྱེ་འབྱེད་མེད་པ་དང་། ལྷག་པར་དུ་བོད་མིའི་ཁྲོད་དུའང་ཡིག་ཆ་ཡོད་མེད་ཀྱི་དབྱེ་བ་མེད་པར་ཁབ་ཀྱི་མཐུན་འགྱུར་གནང་བ་དེར་ཐུགས་རྗེ་ཆེ་ཞུ་འབྲེལ། ད་ལྟའི་ཆར་བལ་ཡུལ་ནང་གི་བོད་མིའི་ཁྲོད་ནས་བརྒྱ་ཆ་ ༢༥ ལ་འགོག་ཁབ་དང་པོ་དེ་བརྒྱབ་ཟིན་པ་དང་། བརྒྱ་ཆ་ ༡༠།༥ ལ་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་སྐོར་དང་། ཏོག་དབྱིབས་འགོག་ཁབ་ཐད་ལ་དགོན་སྡེ་ཁག་དང་ཚོགས་པ་སྐྱིད་སྡུག མི་སྒེར་བཅས་ཚང་མས་མཉམ་རུབ་ཀྱི་ཐོག་ནས་རོགས་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་སྐོར་གསུངས་སོང་།

དེ་བཞིན་སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་གར་ནང་ནད་རླབས་གསུམ་པ་སླེབས་ཉེན་ཡོད་པའི་གནས་སྟངས་ལ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། དེ་ཡང་མི་རིང་བར་དབུས་ཀྱི་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་ཚོགས་མི་ཁག་ཅིག་ས་གནས་ལ་དངོས་སུ་ཕེབས་ཏེ་ས་གནས་ཀྱི་ཏོག་དབྱིབས་གནས་སྟངས་སོགས་ལ་རྟོག་ཞིབ་བྱ་རྒྱུ་ཡིན་སྐོར་དང་། དེ་བཞིན་འགོག་ཁབ་གཉིས་པའི་རྗེས་སུ་ཁབ་སྣོན་མ་རག་ཐབས་ལའང་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་དང་། གཞན་ཡང་ནད་ཡམས་ཀྱི་རྐྱེན་པས་འཚོ་བ་ལ་དཀའ་ངལ་འཕྲད་མཁན་ཚོར་རོགས་སྐྱོར་བྱ་རྒྱུའི་ཐད། ས་གནས་མགོ་འཛིན་བརྒྱུད་རྒྱ་གར་དང་བལ་ཡུལ་ནང་གྲངས་ཐོ་བསྡུས་པའི་ནང་གྲངས་ཐོ་ ༣༠༠༠༠ ཡས་མས་བྱུང་ཡོད་པ་དང་། ཚོགས་སྒེར་ནས་ཞལ་འདེབས་ཐོབ་པ་ལྟར་མི་རེར་སྒོར་ཁྲི་གཅིག་རེ་བགོ་འགྲེམ་བྱས་ཏེ་ཁྱོན་བསྡོམས་འབུམ་ ༣༠༠ ལྷག་བཏང་ཐུབ་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

དེ་ནས་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། ན་ནིང་ལོར་བོད་མི་ཚོར་རྒྱ་གར་གྱི་ས་གནས་ཁག་ལ་དགུན་ཚོང་དུ་མི་འགྲོ་རྒྱུའི་རེ་སྐུལ་ཞུས་པ་བཞིན། བོད་མི་ཚོས་རང་རང་གི་འཕྲོད་བསྟེན་དང་ལྷག་པར་ཏོག་དབྱིབས་རིམས་ནད་མི་འགོས་སླད། རང་གནས་སུ་བཞུགས་ནས་ནད་ཡམས་ཀྱི་དཀའ་ཁག་བྱུང་མེད་པ་རེད། འོན་ཀྱང་། ད་ལོར་དགུན་ཚོང་དུ་མ་འགྲོ་ཞེས་བརྗོད་མི་ཐུབ་ནའང་། རྒྱ་གར་ས་གནས་འདྲ་མིན་ལ་དགུན་ཚོང་དུ་ཕེབས་མཁན་བོད་མི་ཚོས་རང་རང་གི་འཕྲོད་བསྟེན་གལ་ཆེར་བཟུང་ནས། རྒྱུན་དུ་ནས་ཁ་རས་གྱོན་རྒྱུ་དང་། ལག་པ་སོགས་དུག་སེལ་བྱ་དགོས་པ། གལ་ཏེ་དགུན་ཚོང་ལ་འགྲོ་དགོས་བྱུང་ཚེ་མི་རྒན་པ་དང་ནད་གཞི་ཡོད་མཁན།  བྱིས་པ་བཅས་མི་འཁྲིད་རྒྱུའི་རེ་སྐུལ་ཞུས་ཡོད་པ་དང་། དགུན་ཚོང་ལ་ཕེབས་མཁན་ཚོས་ས་གནས་ནས་ཏོག་དབྱིབས་ཀྱི་ནད་གཞི་ཕོག་མིན་དང་བརྟག་བྱ་དགོས་པ་དང་།  དགུན་ཚོང་གྲུབ་ནས་རང་གནས་སུ་ལོག་སྐབས། གཞིས་ཆགས་ཁག་གི་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་གི་སྒྲིག་གཞི་དང་ལམ་སྟོན་ཁག་ལ་བརྩི་སྲུང་དང་། ས་གནས་ཁག་གི་ཟུར་བཀག་ཁང་དུ་ཟུར་བཀག་ལ་བསྡད་དགོས་སྐོར་དང་།  ཉེ་ཆར་བདེ་ལེགས་སྨན་ཁང་གིས་བོད་མི་ཚོར་ཆེད་དམིགས་ཀྱིས་ཧིན་སྒོར་འབུམ་ ༢༠ འགྲོ་གྲོན་བཏང་ནས་ད་ལྟ་འགོག་ཁབ་ ༣༠༠༠ ལག་སོན་བྱུང་ཡོད་པས། བཞུགས་སྒར་དྷ་ས་ཁུལ་གྱི་བོད་མི་ཚོར་ཏོག་དབྱིབས་འགོག་ཁབ་ཀྱི་དཀའ་ཁག་མེད་སྐོར་བརྗོད་བྱུང་།  དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས། བཙན་བྱོལ་ནང་གི་ཤེས་ཡོན་བསྟི་གནས་ཁག་ཏུ་ཚང་མས་མཉམ་རུབ་ཀྱིས་ད་བར་མ་དངུལ་འབུམ་ ༡༥༠ ལྷག་འགྲོ་གྲོན་བཏང་ནས། སློབ་གྲྭ་དང་དགོན་སྡེ་ཁག་གི་སློབ་མ་དང་དགེ་འདུན་པ་ཚོར་ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་དང་བརྟག་དཔྱད་ལ་མཁོ་བའི་ཡོ་ཆས་མང་པོ་ཞིག་མཁོ་སྤྲོད་བྱས་ཡོད་སྐོར་བརྗོད་སོང་།

སྨན་རྩིས་ཁང་གི་འགན་འཛོན་བཀྲིས་ཚེ་རིང་ལགས་ཀྱིས། ད་བར་དབུས་སྨན་རྩིས་ཁང་དང་ས་གནས་སོ་སོར་ཡོད་པའི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཚོས། ཏོག་དབྱིབས་རིམས་ནད་ཀྱི་སྔོག་འགོག་སྨན་དང་ལུས་སེམས་ནུས་གསོའི་སྨན་སོགས་བགྲོ་འགྲེམས་བྱས་ཡོད་པ་དང་། མུ་མཐུད་ཚོགས་སྡེ་ཁག་དང་དགུན་ཚོང་ལ་སྐྱོད་མཁན་ཚོར་སྔོན་འགོག་སྨན་དང་ནུས་གསོའི་སྨན་སོགས་སྦྱིན་འཆར་ཡོད་སྐོར་བརྗོད་བྱུང་།

གསར་འགོད་གསལ་བསྒྲགས་སྟེང་གསར་འགོད་པས་འདི་ལོར་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༥ ཡན་ལོངས་མཁན་སློབ་མ་ ༢༧ བྱུང་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་སློབ་མ་ཚང་མར་སྲིད་སྐྱོང་གི་གཟེངས་རྟགས་དེ་འབུལ་ཐུབ་ཀྱི་ཡོད་མེད་སོགས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས། སྲིད་སྐྱོང་གཟེངས་རྟགས་ཆེད་ད་ལྟའི་ཆར་སྔོན་རྩིས་བཀའ་འཁྲོལ་འབུམ་ ༡༠ ཡས་མས་མ་གཏོགས་མེད་ཀྱང་། སྒྲིག་གཞི་གཞིར་བཟུང་སློབ་མ་རེར་ཧིན་སྒོར་འབུམ་གཅིག་རེ་སྤྲོད་དགོས་ཀྱི་ཡོད་སྟབས་འདང་གི་མེད་པ་རེད། དེར་བརྟེན་རོགས་ཚོགས་གསར་པ་དེ་འདྲ་རག་གི་ཡོད་ན། སྔོན་རྩིས་བཀའ་འཁྲོལ་གྱི་སྒྲིག་གཞི་དོན་ཚན་ ༧ པའི་ལྔ་པ་གཞིར་བཟུང་བཀའ་འཁྲོལ་ཞུ་རྒྱུ་ཡོད་པ་རེད། དེར་བརྟེན་ད་ལྟའི་ཆར་ཁྲིམས་སྒྲིག་དང་མཐུན་གྱི་ཡོད་ན་མ་དངུལ་འབུམ་ ༡༠ ཡས་མས་ཡོད་པ་དེ་སློབ་ཕྲུག་རྣམས་ལ་བགོ་བཤའ་བརྒྱབ་རྒྱུ་དང་། གལ་ཏེ་དེ་ལྟར་མེད་ཚེ་གྲོས་ཚོགས་མ་འཚོག་བར་དུ་སྒུག་སྟེ་གཟེངས་ཐོན་སློབ་མ་རྣམས་ལ་གཟེངས་རྟགས་འབུལ་འཆར་ཡོད་སྐོར་གསུངས་སོང་།

གཞན་ཡང་། སྤྱི་འཐུས་ལྷན་ཚོགས་ཀྱི་དཀའ་རྙོག་དང་འབྲེལ་ནས་ད་བར་སྤྱི་འཐུས་ཐུང་མོང་ནས་འཛིན་སྐྱོང་བཀའ་ཤག་ལ་གནས་སྟངས་ཞི་འགྲིག་ཡོང་རྒྱུའི་རེ་སྐུལ་ཞུས་ཡོད་མེད་དྲིས་པར་སྲིད་སྐྱོང་མཆོག་ནས། ད་ལྟའི་ཆར་འཛམ་གླིང་སྤྱི་ཡོངས་ཀྱིས་རྒྱ་ནག་ལ་ལྟ་སྟངས་གང་འདྲ་ཆགས་ཡོད་མེད་དང་། གནས་སྟངས་དེའི་འོག་ནས་བོད་དོན་ཁྱབ་སྤེལ་དང་རྒྱབ་སྐྱོར་ཐོབ་རྒྱུའི་གོ་སྐབས་བཟང་པོ་ཡོད་སྟབས། བཀའ་ཤག་དང་གྲོས་ཚོགས་གཉིས་ཀ་འཚོགས་ཐུབ་ན། འཛིན་སྐྱོང་ངོས་ནས་གྲོས་ཚོགས་དང་གྲོས་ཚོགས་དབར་ལ་འབྲེལ་ལམ་འཛུགས་ཐབས་སོགས་ཀྱི་ཐད་ལ་ཤུགས་ཆེ་རུ་གཏོང་འདོད་ཡོད་སྐོར་དང་། དེ་སྔ་བརྗོད་ཟིན་པ་ལྟར་སྤྱི་འཐུས་ཐུན་མོང་ནས་བཀའ་ཤག་ལ་གནས་དོན་ཐག་གཅོད་བྱ་རྒྱུའི་འགན་བསྐུར་ཚེ་བཀའ་ཤག་ངོས་ནས་ཁྲིམས་སྒྲིག་དང་མཐུན་མིན་ལ་མ་ལྟོས་པར་དྲང་པོ་དྲང་བཞག་གི་ཐོག་ནས་ཐག་གཅོད་གནང་རྒྱུ་ཡིན་སྐོར་བརྗོད་ཡོད་ནའང་། དེ་སྔོན་བྱང་ཨ་རིའི་སྤྱི་འཐུས་གཅིག་དང་དབུས་གཙང་གི་སྤྱི་འཐུས་གཅིག་བཀའ་ཤག་ལ་བཅར་བ་ལས།  དེའི་རྗེས་ལ་དམིགས་སུ་བཀར་ནས་བཅར་མཁན་སུ་ཡང་བྱུང་མེད་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༧ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 5 སྔོན།

    བཙན་བྱོལ་མི་མང་གི་འཚོ་བའི་ལས་གཞི་ལ་གནོད་སྐྱོན་ཚབ་ཆེན་མ་ཕོག་པའི་ཆེད་སྐབས་བཅུ་བདུན་གྱི་འདམས་ཐོན་སྤྱི་འཐུས་རྣམས་ནས་བཅའ་ཁྲིམས་དགོང་དོན་སྔར་ལམ་བཞིན་ཕྱག་ལས་གནང་དགོས་པ་དེ་མི་མང་གི་སྐུ་ཚབ་ཡིན་པ་ནས་འཐུས་མིའི་ལས་འགན་ཁྱེར་ཐུབ་པའི་རེ་བ་དང་ཡིད་ཆེས་ཞུ་གི་ཡོད་།

    Reply
  2. Sonam Gyaltsen says:
    ལོ་ 5 སྔོན།

    Great ?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese