མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་སྐྱིད་སིལ་སྤོལ་ཐང་དུ་ངོ་རྒོལ་ལས་འགུལ་མགོ་འཛུགས་བྱས།

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་སའི་ཉམས་པ་སླར་གསོ་ཞེས་པའི་ལས་འགུལ་བ་ ༢༠ ཡིས་གངས་སྐྱིད་སིལ་སྤོལ་ཐང་དུ་ངོ་རྒོལ་ལས་འགུལ་མགོ་འཛུགས་བྱས་ཏེ་ཟླ་འདིའི་ཟླ་མཇུག་བར་དུ་ཟས་བཅད་ངོ་རྒོལ་བྱ་རྒྱུ་ཡིན་སྐོར་བསྒྲགས་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་ལག་སྤོལ་རྩེད་ཐང་དུ།  དྷ་རམ་ས་ལའི་ཉམས་པ་སླར་གསོ་ཞེས་པའི་ཚོགས་པ་དེའི་ལས་འགུལ་བ་ ༢༠ ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་གསུམ་ནས་ལས་མཚམས་བཞག་སྟེ་ཞབས་སྟེགས་སྟོང་པ་བཟོ་དགོས་པའི་འབོད་སྐུལ་འོག དེ་རིང་ནས་བཟུང་ཟླ་འདིའི་ཟླ་མཇུག་བར་ཉིན་གྲངས་ ༢༠ ཙམ་གྱི་རིང་། ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་སོང་བ་དང་། ལས་འགུལ་མགོ་འཛུགས་བྱེད་སྐབས་རྒྱ་གར་གྱི་ཉེན་རྟོག་པ་དང་གསང་བའི་ལས་ཁུངས་ཀྱི་ལས་བྱེད་བསླེབས་འདུག་པ་མ་ཟད། གསང་བའི་ལས་ཁུངས་ཀྱིས་ལས་འགུལ་བའི་ཁ་པར་ཨང་གྲངས་དང་པར་བཅས་བསྡུས་སོང་།

གསར་འགོད་བསྒྲགས་གཏམ་ནང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་བཅའ་ཁྲིམས་ཀྱི་དགོངས་དོན་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་ཐོག་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་བཞག་ནས་འཕོ་འགྱུར་བཏང་བ་བཞིན། ཁྲིམས་ཞིབ་བ་པ་རྣམ་པས་ཀྱང་ལས་མཚམས་བཞག འོན་ཀྱང་ཟླ་གཉིས་རྗེས་ཁྲིམས་མཐུན་གྱི་བརྒྱུད་ལམ་གང་ཡང་མ་བརྒྱུད་པར་སྔར་གྱི་ལས་གནས་སུ་ཕྱིར་ལོག་བྱས། དེའི་རྐྱེན་གྱིས་བོད་དོན་འཐབ་རྩོད་ཀྱི་གནས་བབ་ལ་དོ་ཕོག་དང་། མང་གཙོའི་ཀ་བ་གསུམ་སྦོ་ལུག་པ། བཅའ་ཁྲིམས་རིན་པོ་ཆེར་རྩིས་མེད་རྡོག་རོལ་གྱིས་གང་ཟག་གི་དབང་བསྒྱུར་དུ་སོང་ཞིང་། ནང་ཁུལ་དུ་རྣོ་ངར་ཆེ་བའི་འགལ་ཟླ་འགོ་ཚུགས་ནས་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་མུ་མཐུད་འབྱུང་བཞིན་པར་བརྟེན། འདི་ནས་མི་གྲངས་ ༩༨༦ ཡིས་མཚན་རྟགས་བརྒྱབ་པའི་སྙན་ཞུ་ཞིག་དང་། མི་གྲངས་ ༣༡༠༦ གིས་མཚན་རྟགས་བརྒྱབ་པའི་སྙན་ཞུ་ཞིག་བཅས་སྔ་རྗེས་ཕུལ་ཡོད། བཞུགས་སྒར་དྷ་ས་དང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ། ཧུན་སོར། ཀོ་ལི་གྷལ། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་སོགས་སུ་མི་མང་དྭང་བླང་གི་ཐོག་ནས་ཁྲིམས་ཞིབ་པའི་མིང་ཁུར་བ་རྣམས་ཁྲིམས་ཞིབ་ཁང་ནས་ངེས་པར་ཕྱིར་ཐོན་དགོས་པའི་འབོད་སྐུལ་གྱི་ལས་འགུལ་སྤེལ་ཡོད། ཅེས་བཀོད་འདུག

ལས་འགུལ་གྱི་དགོས་འདུན་གཙོ་བོ་ཞེས་པའི་ནང་། བོད་ཀྱི་རྩ་དོན་འཐབ་རྩོད་འཐུས་ཤོར་མི་འགྲོ་བ་དང༌། ཁྲིམས་མཐུན་གྱི་མང་གཙོའི་ཀ་བ་གསུམ་གྱི་སྒྲིག་འཛུགས་སླར་གསོ་ཡོང་ཆེད། ཁྲིམས་ཞིབ་པ་ཟུར་པ་གསུམ་ངེས་པར་དུ་ཁྲིམས་ཞིབ་ཁང་ནས་ཁ་བྲལ་ཏེ་ཁྲིམས་ཞིབ་པའི་ཞབས་སྟེགས་སྟོང་པ་བཟོ་དགོས་པ་དེ་ཡིན་ཞེས་བརྗོད་འདུག་ལ། ཁྲིམས་ཞིབ་པ་གསུམ་ནས་ལས་མཚམས་མ་བཞག་ན་ས་གནས་གང་ས་ནས་ལས་འགུལ་རྒྱ་ཇེ་ཆེར་གཏོང་འཆར་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༧ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 9

  1. ཚེ་བརྟན་འགྱུར་མེད། says:
    ལོ་ 5 སྔོན།

    ཉམས་པ་སླར་གསོའི་ཚོགས་པ་ཅེས་པ་ཧ་གོ་བ་དང་པོ་ཡིན་ལ་ལས་འགུལ་འདི་ཡང་མཐའ་མ་མིན་པའི་རེ་བ་ཡོད། ཁོང་རྣམ་པས་ད་རེས་ཀྱི་ལས་འགུལ་དམིགས་ཡུལ་ནི། བོད་ཀྱི་རྩ་དོན་འཐབ་རྩོད་འཐུས་ཤོར་མི་འགྲོ་བ་དང༌། ཁྲིམས་མཐུན་གྱི་མང་གཙོའི་ཀ་བ་གསུམ་གྱི་སྒྲིག་འཛུགས་སླར་གསོ་ཡོང་ཆེད། ཅེས་པ་ཡིན་འདུག ཡིན་ཀྱང་ངས་ནི་ལས་འགུལ་འདི་བུ་གླེན་པས་ཕ་ཡི་མགོ་བཅོམ་པའི་དཔེ་སྒྲུང་དང་མཐུན་ཆ་ཆེ་བ་མཐོང་བ་ང་ནོར་སྲིད། གནས་འདིར་ཕ་དེ་ཁྱེད་རྣམས་ཀྱི་དམིགས་ཡུལ་གཉིས་དེར་ངོས་འཛིན་ཡིན། རྒྱུ་མཚན་འགའ་འགོད་ལམ་ཞུ་རྒྱུ་ཡི།
    ༡) བོད་ཀྱི་རྩ་དོན་འཐབ་རྩོད་འཐུས་ཤོར་མི་འགྲོ་བ་ཅེས་ཐད། དང་པོ་རྩ་དོན་ལ་ཕན་པའི་ལས་འགུལ་༼དཔེ་ན། བོད་དང་བོད་མིའི་སླད་ཟས་བཅད་ངོ་རྒོལ་སོགས༽ཉམས་པ་སླར་གསོ་དང་དེའི་ཚོགས་མིས་ཇི་ཙམ་ཞུ་མྱོང་ཡོད་དམ། དེ་མིན་རྩ་དོན་ལ་འཐུས་ཤོར་ཉེན་ཅན་ནི་བོད་མིའི་རྡོག་རྩ་ཆིག་སྒྲིལ་གྱི་གོང་བུར་གནོད་ཚབ་ཀྱི་ལས་དེ་ཡིན། དེའི་ཕྱོགས་ལས་འགུལ་འདིའི་གནོད་ལས་ཕན་པའི་ལྷ་རྫས་ཤིག་བསྐྲུན་པ་བློ་ཟུ་བོར་གནས་པའི་མི་ཞིག་གིས་ཕལ་ཆེར་ངོས་མི་ལེན། མཐའ་གཉིས་སུ་གྱེས་པའི་ཕྱོགས་དེ་མཐུན་ཐབས་ཀྱི་འབད་བརྩོན་ག་ན་འདུག ཉམས་པ་སླར་གསོའི་ལས་གཞི་འདི་ཁྲིམས་མཐུན་དམ་འབུལ་ཞུ་ཡི་མིན་ཞུ་མཁན་སྤྱི་འཐུས་ ༢༢ ལས་ཀྱང་ཞེན་ཆགས་ཆེ་ཆེར་ཆེ་བ་འདུག སྤྱི་འཐུས་ ༢༢ རྣམ་པས་ཤ་མི་ཟ་ཡང་ཤ་ཁུ་འཐུང་ནས་གཉིས་འཁོད་ཞུ་རྒྱུའི་འབད་པ་ཞུས། ད་ཆ་ཁོང་ཚོ་ཁྲིམས་ལྟར་མིན་པའི་དམ་འབུལ་ལམ་ནས་གྲོས་ཚོགས་ཚོགས་ཐབས་ལས་ཁྲིམས་ཞིབ་གནད་ལ་དེ་སྔ་ལྟར་ལྡང་འཛིན་མེད་པའང་ཁོང་ཚོས་ཞེན་ཆགས་ལས་སྤྱི་སྨན་མེད་ཀྱང་ཕན་པ་ལོས་འོང། དེ་ན་ལས་འགུལ་འདིས་རྩ་དོན་ལ་འཐུས་ཤོར་བཏང་བའམ་གཏོང་ཉེན་མིན་འདུག་གམ། རྒྱུ་མཚན་དེ་ལས་བུ་གླེན་པའི་དཔེ་དེ་ཞུས་ཡིན། ཡིན་ཀྱང་མང་གཙོའི་ཐོབ་ཐང་རེད།
    ༢༽ དམིགས་གཉིས་པ། ཁྲིམས་མཐུན་གྱི་མང་གཙོའི་ཀ་བ་གསུམ་གྱི་སྒྲིག་འཛུགས་སླར་གསོ་ཡོང་ཆེད། ནང་ཁྱེད་རྣམ་པས་མང་གཙོ་སྤོ་ལུག་པ་ཞུས་ཀྱང་ངས་ནི་ཀ་བ་གསུམ་ནས་གཉིས་བཞུགས་ཡོད་ཐོག་གསུམ་པ་དེ་ཁྲིམས་མཐུན་ཡོང་ཐབས་སུ་འབད་བརྩོན་ཞུ་བཞིན་འདུག་ག གཞི་ནས་སྦོ་ལུག་པའི་ཚིག་དེ་གསུངས་པ་པོས་སྙན་གྲགས་ལས་འདིར་བདེན་རྒྱབ་ལྟ་བུར་བེད་སྤྱོད་ཞུས་གཤའ་ཀྱང་སྦོ་ལུག་པའི་རྐྱེན་རྩ་དེ་ཁྱེད་རྣམས་ཀྱི་ཁམས་སུ་མེད་པའི་ལས་འགུལ་འདི་གོང་གི་དམིགས་ཡུལ་དང་པོའི་འགལ་རྐྱེན་གྱི་རྒྱུ་མཚན་གཞན་ཞིག་ཡིན། རྐྱེན་རྩ་ག་རེ་གསུངས་པ་དེ་གལ་པོ་ཆེ་ལ་ནན་གཏན་ཆེད་ཞུས་ན་ཁྲིམས་ཞིབ་པ་ཆེ་བའམ་ཆུང་བ་གང་རུང་ཅེས་པ་ལས་ཚང་མ་གནས་དབྱུངས་དུས་གཅིག་ཏུ་གཏོང་རྒྱུའི་ལམ་མེད་པ་དེ་གསུངས་པ་ངས་ཀྱང་གོ་སོང། གཞི་ནས་ཁྲིམས་དཔོན་རྣམས་ཆ་ཚང་མེད་པ་བཟོས་ན་དུས་རྒྱུན་ང་ཚོས་མང་གཙོ་ཚད་ལྡན་ལ་ཀ་བ་གསུམ་དགོས་པའི་གལ་གནད་མེད་པར་བཟོས་ནས་རྐང་ཀྱོག་ཅིག་ཏུ་གྱུར་ནས་རིལ་རྒྱུའི་གནས་སུ་གྱར་བ་མ་རེད་དམ། དེ་སུས་བཟོས་རེད། བཟོ་མཁན་ཚོགས་གཙོ་པད་མ་འབྱུང་གནས་ལགས་དང་གཞན་སྤྱའི་འཐུས་ ༣༡ རྣམས་རེད། ཚོགས་གཙོ་དབུས་པས་ཁོངས་རྣམ་པས་དེ་ཙམ་ཡང་མ་ཤེས་པའམ་ཤེས་ནས་རྡོག་རོལ་དུ་བཏང་བའི་གནས་སུ་རྒྱབ་སྐྱོར་ཞུས་ན་ཁྱེད་རྣམ་པས་དམིགས་ཡུལ་གཉིས་པ་དང་འགལ་མིན་འདུག་གམ། ཚོགས་གཙོ་པད་མ་འབྱུང་གནས་དང་གཞན་རྒྱབ་སྐྱོར་བ་སྤྱི་འཐུས་རྣམ་པའི་གྲོས་ཚོགས་དང་རྒྱུན་ལས། དེ་གཉིས་ལས་བསྐོས་པའི་ཚོགས་ཆུང་རྣམས་དབང་ཚད་འདྲ་སྙམས་སུ་ཡིན་པས་ཁྲིམ་བཅོས། དོན་དུའང་དཀའ་གནད་འདི་ཕྲད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཁྲིམས་མཐུན་ངོས་ལེན་མེད་པའི་གྲོས་ཚོགས་ཀྱི་དབང་ཚད་དེ་ཚོགས་གཙོ་དབུས་པས་རྒྱུན་ལས་རྣམ་པའི་དབང་མེད་ཀྱིས་དཔྱད་ནས་གྲོས་ཚོགས་འཕར་རྒྱང་བྱས་པ་ལས་བྱུང་ཡོད།
    མདོར་བསྡུས་ན་ཁྱེད་རྣམ་པར་རྒྱབ་སྐྱོར་ཞུ་མཁན་ཡོད་པ་ལྟར་ཁོང་རྣམ་པ་ལས་མཚམས་བཞག་ནས་སླར་ཡར་ཕེབས་དགོས་པའི་རྒྱབ་སྐྱོར་ཞུ་མཁན་ཡང་གཅིག་མཚུངས་བྱུང་ཡོད། མང་གཙོའི་ལམ་ནང་མི་མང་རྒྱབ་གཉེར་གལ་ཆེན་པོ་ཡིན་ཀྱང་ད་ལྟའི་གནས་དོན་དེ་ཁྲིམས་དང་འབྲེལ་བའི་ངལ་བར་སོང་མི་མང་ནས་གནད་འཕེལ་ཞིག་ཤེས་རྒྱུ་དཀའ་གནས་དང་། དེ་ལས་ཁྲིམས་ཞིབ་པ་གོང་མ་རྣམས་སོགས་ཁྲིམས་སུ་རྒྱུས་ཤེས་ཅན་གྱི་འབྲེལ་ཡོད་རྣམས་པས་དགོངས་པར་ཡིག་ཆ་ ༣༩ དེ་འཐུས་གཙང་མིན་པའི་ལས་དོན་དུ་སླར་འཁོལ་དགོས་པའི་དགོངས་འཆར། ཡིག་ཆ་ ༣༩ འབྱུང་རྩ་གསུམ་ཆ་གཉིས་ཀྱི་རྒྱབ་གཉེར་བ་སྤྱི་འཐུས་ ༣༡ ཡོད་ཀྱང་རྗེས་སུ་ཁྲིམས་ཞིབ་པ་ལས་སུ་སླར་འཁོད་ཞུ་མཁན་བསྡོམ་སྤྱི་འཐུས་ ༢༡ བྱུང་ཡོད་འདུག་བ་ནས་ཉུང་མཐར་ ༢ གསུམ་ཆ་གཉིས་ནས་མར་འཐན་ཡིན་ན་གསུམ་ཆ་གཉིས་ལོན་མེད། སྟབས་མི་ལེགས་པ་ཞིག་ལ་གྲོས་ཚོགས་འཕར་མ་ཚོགས་ཐུབ་མེད་པས་གྲོས་ཚོགས་དབུས་སུ་བདེན་པ་དག་ཐེར་ཞུ་ལམ་བྱུང་མེད་པ་ལས་དེ་མིན་ཁྲིམས་མི་ཤེས་པའི་སྤྱི་འཐུས་ཞེན་ཆགས་ཅན་གཞན་རྣམས་དང་དེའི་གཡོ་གུལ་དུ་ཤོར་བའི་ཉམས་པ་སླར་གསོའི་ཕྱོགས་རྣམས་ལ་བསམ་ཤེས་ཡོད་ན་སྐྱོན་ངོས་ལེན་གྱི་ལམ་ཞིག་ཐོབ་ཡོད་སྲིད། དེ་བཞིན་མང་གཙོས་བཀོད་པའི་གཞུང་འཛིན་སྲིད་སྐྱོང་མཁས་དབང་བློ་སེང་ལགས་ཀྱིས་ཁྲིམས་ཞིབ་པ་རྣམས་སུ་ངོས་ལེན་གྱིས་སྲིད་སྐྱོང་གསར་པའི་དམ་འབུལ་གྲ་བསྒྲིགས་པ་སོགས་ལས་ཕམ་རླབས་ཀྱིས་ད་ལྟ་་་་་མང་གཙོའི་ཀ་བ་གསུམ་ཆ་ཚང་མ་འགྱེལ་བར་ཁྱ་ཁ་ཁྱོ་ཁེའི་ལམ་འདི་ནས་བདེ་མོ་ཐང་མ་ཞིག་གི་ཕྱོགས་སུ་འཁོད་ཐབས་སུ་ཕན་ཐོག་བྱུང་ཡོད། མང་པོ་ཞུ་ཡི་མིན། བོད་དང་བོད་མིར་བསམ་ཤེས་ཡོད་ན་ཕྱོགས་ལྷུང་མེད་པར་བདེན་པའམ་བདེན་མཐའ་ཆེ་སར་རྒྱབ་བཅོལ་ཤོག

    Reply
  2. Gendun says:
    ལོ་ 5 སྔོན།

    ངན་པ་སླར་གསོ་ཞེས་པའི་ཚོགས་མི་འདི་ཚོས་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་དང་། སྤྱི་འཐུས་རྒྱུན་ལས་ཀྱི་གསལ་བསྒྲགས། གྲོས་ཆོད་ཡིག་ཆ་ཨང་ ༣༩ བཅས་ལ་དཔྱད་བསྡུར་མ་བྱས་པར་གཡམ་རྒྱུག་བྱས་ཡོད་ཤག བཅའ་ཁྲིམས་ལ་དོ་སྣང་མ་སྤྲད་པར་དངུལ་སྤྲད་མཁན་གྱི་གདོང་ལ་བལྟས་ནས་གཡེང་ལ་མཆོང་གི་ཡོད་ཚོད་རེད།

    Reply
  3. རྣམ་རྒྱལ། says:
    ལོ་ 5 སྔོན།

    གླེན་པ་འདི་ཚོ་ལ་ངན་སྐུལ་བྱེད་མཁན་སུ་ཡིན་མིན་གསལ་པོ་རེད། ཡིན་ནའང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་འདི་ཁོང་ཚོའི་ཐོབ་ཐང་རེད།
    འོན་ཀྱང་དུས་བབ་ལ་ཞུ་རྒྱུར་ སྒང་གི་(འཕྲོད་བྱེད་དགའ་མ།)ཟེར་མཁན་གྱིས་མཆན་སྤེལ་སྟངས་ལྟས་ན་ཆོལ་ཁའི་བར་ལ་དཀྲུགས་ཤིང་རྒྱག་མཁན་གྱི་མི་ཞིག་རེད་ འདི་རིགས་ལ་ཡིད་གཟབ་བྱོས།

    Reply
  4. དཔའ་རྒོད says:
    ལོ་ 5 སྔོན།

    བོད་པ་ནང་ཁུལ་གཅིག་གིས་གཅིག་ལ་ངོ་རྒོལ་དང་ལས་ཤོག་སོགས་ཐེ་ཚམ་མེད་པར་བེད་སྤྱོད་བྱས་རེས་མཐོང་དུས་དཀོན་མཆོག་གསུམ་རྒྱ་ནག་མདུན་ལ་ངོ་ཚ་གི་འདུག། ཨ་ཡོ།

    Reply
  5. Gendun says:
    ལོ་ 5 སྔོན།

    ངན་པ་སླར་གསོ་ཞེས་པའི་ཚོགས་མི་འདི་ཚོས་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་དང་། སྤྱི་འཐུས་རྒྱུན་ལས་ཀྱི་གསལ་བསྒྲགས། གྲོས་ཆོད་ཡིག་ཆ་ཨང་ ༡༩ པ་བཅས་དཔྱད་བསྡུར་མ་བྱས་པར་གཡམ་རྒྱུག་བྱས་ཡོད་ཤག
    བཅའ་ཁྲིམས་ལ་དོ་སྣང་མ་སྤྲད་པར་དངུལ་སྤྲད་མཁན་གྱི་གདོང་ལ་བལྟས་ནས་གཡེང་ལ་མཆོང་གི་ཡོད་ཤག

    Reply
  6. སྐལ་བཟང says:
    ལོ་ 5 སྔོན།

    མི་འདི་དག་གིས་བོད་མིའི་སྒྲིག་འཛུགས་རྩ་བ་ནས་གཏོར་དགོས་བསམ་གི་ཡོད་པ་འདྲ།
    བོད་པ་ཚོས་གཟབ་གཟབ་གནང་རོགས།
    མི་ལ་སློབ་སྦྱོང་མེད་ན་གཞན་པའི་གཡོ་འོག་ཏུ་ཚུད་ཆོག་ཆོག་ཡོད་རེད།
    སྙིང་རྗེ

    Reply
  7. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    རྩ་བ་བོར་ནས་ཡལ་ག་ལ་འཆང་གི་ཡོད་པ་མ་རེད་དམ་།

    Reply
  8. འཕྲོད་བྱེད་དགའ་མ། says:
    ལོ་ 5 སྔོན།

    སྤྱི་ཟུར་བོང་འཇེ་སྟོབས་རྒྱལ་གྱི་ཨབ་ཕྲུག་འདི་དག་ལ་སྙིང་རྗེ། རང་གི་མིང་ཙམ་ཡང་འབྲི་མི་ཤེས་མཁན་རེད། ཉིན་ཤས་རྗེས་ལ་ངོ་ཚ་ནས་ལོག་འགྲོ་གི་རེད། དེང་སང་སྔོན་དང་བསྡུར་ན་ཧ་ཅང་ཡར་རྒྱས་དང་ཞི་འཇམ་ཆགས་འདུག དེ་སྔོན་༧གོང་ས་མཆོག་གིས་ཆོས་སྲིད་ཐུག་འགན་བཞེས་སྐབས་ཁམས་རིགས་དག་གིས་རྡ་རམ་ས་ལར་དམག་རྒྱབ་གི་ཡིན་ཟེར་ནས་འཛིགས་སྐུལ་དང་སྨྱོ་རྟགས་མང་པོ་བསྟན་ཚར་བ་རེད།

    Reply
  9. ལྷ་ཚེ། says:
    ལོ་ 5 སྔོན།

    དེ་འདྲ་ཏོག་ཙམ་བྱས་དྲག་པ་མིན་འགྲོ། ཁྲིམས་ཞིབ་ཁོང་ཚོར་ཡང་བཤད་རགྱུ་ཡོད་ཤག་རེད། ཁོང་ཚོ་ལ་རྒྱུ་མཚན་ཞིག་གི་ཐོག་ནས་སླར་ཡང་ཕེབས་པ་ཞིག་ཡིན་པ་གོ་རྒྱུ་འདུག གས་སྲིད་ཁྱེད་རང་ཚོས་ཁྲིམས་ཞིབ་པ་གསུམ་པོ་འགྲིག་གི་མིན་འདགུ་ན། སྲིད་སྐྱོང་གསར་རྙིང་རྩིས་སྤྲོད་རྩིས་ལེན་དེ་ཡང་འགྲིག་གི་ཡོད་མ་རེད། སྲིད་སྐྱོང་སྤན་པ་ཚེ་རིང་ཡང་སྲིད་སྐྱོང་ཁས་ལེན་གྱི་མེད་པ་ཡིན་ནམ། དེ་འདྲ་ངོས་འཛིན་བྱས་ཀྱི་ཡོད་ན་སྲིད་སྐྱོང་མེད། སྤྱི་འཐུས་མེད་པ་དེ་ཁྱེད་རང་ཚོས་དགོས་པ་ཡིན་ནམ། བསམ་གློ་ཡག་པོ་གཏོང།༔་། མི་མང་ལ་མགོ་སྐོར་མ་གཏང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese