མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་ཞིག་འཛིན་བཟུང་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp

མགོ་ལོག་དར་ལོག་རྫོང་གི་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབ་པའི་གནད་དོན་དང་འབྲེལ་ནས་སློབ་གྲྭ་དེའི་དགེ་རྒན་རིན་ཆེན་སྐྱིད་ཞུ་བ་ཞིག་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་བཙན་འཁྲིད་བྱས་ཏེ་ད་ལྟའི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་འདུག

A Tibetan teacher named Rinchen Kyi was arrested in Tibet.(Photo from Source in Tibet)

དེ་རིང་འདི་གའི་གསར་འགོད་པར་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གིས་བཅད་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་གི་སེང་འབྲུག་སྟག་རྩེ་སློབ་གྲྭ་རུ། ལོ་མང་རིང་དགེ་རྒན་གྱི་ཕྱག་ལས་གནང་མྱོང་བའི་བོད་རིགས་བུད་མེད་རིན་ཆེན་སྐྱིད་ལགས་ཞུ་བ་ཞིག་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ལ་ངོ་ལོག་བྱས་འདུག་ཟེར་བའི་ཉེས་མིང་འོག ཟླ་འདིའི་ཕྱི་ཚེས་ ༡ ཉིན་འཛིན་བཟུང་བྱས་ཏེ་ཟི་ལིང་དུ་འཁྲིད་ནས་ཉིན་གྲངས་ ༨ འགྲོ་བཞིན་ཡོད་ནའང་། ད་ལྟ་ཁོང་མོ་གང་དུ་ཡོད་དང་། འཕྲོད་བསྟེན་གནས་སྟངས་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

Rinchen Kyi
(Photo from Source in Tibet)

གནས་ཚུལ་མཁོ་སྤྲོད་པས་འདི་གའི་གསར་འགོད་པར། ཟླ་འདིའི་ཕྱི་ཚེས་ ༡  ཉིན་རིན་ཆེན་སྐྱིད་ལགས་དར་ལག་རྫོང་གི་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ་ཟི་ལིང་དུ་འཁྲིད་ཡོད་པ་དང་།  ཕྱི་ཟླ་ ༧ ཚེས་ ༨ ཉིན་སེང་འབྲུག་སྟག་རྩེ་སློབ་གྲྭ་དངོས་སུ་སྒོ་བརྒྱབ་པ་ནས་བཟུང་། དགེ་རྒན་རིན་ཆེན་སྐྱིད་ལགས་ཀྱིས་སྔ་དགོང་གི་ཟས་མ་ཟོས་པར་ཉིན་གྲངས་བཅུ་གྲངས་ཤིག་ཕྱིན་ཏེ་གཟུགས་པོའི་གནས་སྟངས་ཧ་ཅང་ཞན་པོ་ཆགས་ཡོད་པར་བརྟེན། ཁོང་མོའི་ཕ་མ་དང་སྤུན་མཆེད་སོགས་ཀྱིས་སེམས་ཁུར་བྱས་ནས་སྨན་ཁང་དུ་འཁྲིད་ཐབས་བྱས་ཡོད་ཀྱང་། འགྲོ་རོགས་བྱས་མེད་པ་དང་། ཕྱིས་སུ་ས་གནས་ཉེན་རྟོག་པ་ཡོང་ནས་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་གཡོགས་ཏེ། ས་གནས་སྨན་ཁང་ཞིག་ཏུ་བཙན་འཁྲིད་བྱས་ནས་ཉིན་གྲངས་ ༢ རིང་བཀག་ཉར་བྱས་རྗེས། ཟི་ལིང་གི་ཞིང་ཆེན་སྨན་ཁང་དུ་འཇོག་རྒྱུ་ཡིན་ཟེར་ནས་འཁྲིད་ཕྱིན་ཡོད་འདུག འོན་ཀྱང་། ད་བར་ཁོང་མོའི་གནས་ཚུལ་གང་ཡང་གོ་ཐོས་མ་ཐུབ་པར་ལྷག་ཡོད་སྐོར་བརྗོད་བྱུང་།

དགེ་རྒན་རིན་ཆེན་སྐྱིད་ལགས་ནི་རང་ལོ་ ༤༠ ཡས་མས་ཡིན་ཞིང་། དེ་སྔོན་སེང་འབྲུག་སྟག་རྩེ་སློབ་གྲྭའི་འཛིན་རིམ་གསུམ་པའི་བོད་ཡིག་དགེ་རྒན་ཞིག་ཡིན་པ་དང་། ཁོང་མོའི་ཁྱིམ་དུ་ལོ་ན་ ༡༣ ཅན་ཀྱི་བུ་མོ་ཞིག་དང་ལོ་ ༧༩ ཡིན་པའི་ཨ་མ་དང་བཟའ་ཟླ་བཅས་ཁྱོན་བཟའ་མི་ ༥ ཡོད་འདུག

ཉེ་ལམ་ཕྱི་ཟླ་ ༥ ཚེས་ ༨ ཉིན་རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེ་བཅའ་སྡོད་སློབ་གྲྭ་སྒོ་བརྒྱག་དགོས་པའི་བཀའ་བཏང་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༨ ཉིན་སློབ་གྲྭ་གསར་འཛུགས་གནང་མཁན་མཁན་པོ་ཀུན་བཟང་རྒྱལ་མཚན་ལགས་ཀྱིས་གྱེས་ཁའི་ཚོགས་འདུ་ཞིག་བསྡུས་ཏེ་སེང་འབྲུག་སྟག་རྩེ་སློབ་གྲྭ་དངོས་སུ་སྒོ་བརྒྱབས་ཡོད་པ་རེད་ལ། སེང་འབྲུག་སྟག་རྩེ་སློབ་གྲྭ་ཕྱི་ལོ་ ༡༩༩༨ ལོར་གསར་འཛུགས་གནང་ཞིང་། འདས་པའི་བགྲང་བྱ་ ༢༣ རིང་མགོ་ལག་དར་ལག་རྫོང་ཁོངས་ཀྱི་བོད་ཕྲུག་མང་པོ་སྐྱེད་བསྲིང་གིས་བོད་ཀྱི་སྐད་ཡིག་སློབ་གསོའི་ཐད་བྱས་རྗེས་མི་དམན་པ་བཞག་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨
དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་བསྐོངས། ༢༠༢༦།༡།༢༨ དུས་བབ་ཀྱི་པར།
Mobile App

དབུས་འོས་བསྡུ་ལས་ཁང་གིས་མི་གཅིག་ལ་ཉེས་ཆད་དང་མི་གཉིས་ལ་ཉེན་བརྡ་བཏང་འདུག

༢༠༢༦/༠༡/༢༨
Mobile App

མཚོ་ངོགས་ཀྱི་དམ་བཅའ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese