མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“ཉམས་པ་སླར་གསོ” ལ་ཁ་གཡར་ནས “ཡོད་པ་གཏོར་བཤིག་གཏོང་བ”་ཚོར་དྲི་བ་གསུམ།

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས།

བོད་མིའི་སྒྲིག་འཛུགས་ཆ་ལག་ཡོངས་ཚང་བ།།

སྲིད་སྐྱོང་རྙིང་པའི་སྐབས་སུ་གཏོར་བཤིག་བྱས།།

དེ་ཡི་ཉེས་འགན་བཀའ་སྤྱི་གཉིས་ལ་ཐུག།

ད་དུང་གཏོར་བཤིག་གཏོང་འདོད་དེ་ཅི་ཞིག།

འདི་ཟླའི་ཚེས་༩ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་ལག་སྤོལ་རྩེད་ཐང་དུ།  དྷ་རམ་ས་ལའི་ཉམས་པ་སླར་གསོ་ཞེས་པའི་གཏོར་བཤིག་པ་ཉི་ཤུས། གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་རྣམ་པ་གསུམ་པོར་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་ནི་དོན་དངོས་ལ་འགྱེལ་ཐོག་རྡོག་བརྫིས་གཏོང་བའི་བྱ་ངན་ཞིག་ཡིན་པས་རྒྱ་ཆེའི་མི་དམངས་ཀྱིས་ད་ནི་གུ་ཡངས་བཟོད་སྒོམ་བྱེད་རན་མ་རེད་སྙམ།

གལ་ཏེ་ཁྱོད་ཚོས་ཉམས་པ་སླར་གསོ་བྱེད་འདོད་ཡོད་པ་དངོས་བདེན་ཡིན་ན་གཤམ་གསལ་བདག་གི་དྲི་བ་གསུམ་ལ་ལན་འདེབས་ཁ་གསལ་བྱེད་རོགས། བྱེད་མ་ཐུབ་ན་རང་སྐྱོན་ངོས་ལེན་ཡོ་བསྲང་བྱེད་རོགས།

ཀ༽ ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་མེད་པར་བཟོ་རྩིས་ཀྱི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེ། གཅིག་ནས་ བཅའ་ཁྲིམས་ཀྱི་ལེའུ་ལྔ་པ། ཁྲིམས་བཟོའི་དབང་འཛིན་གྱི་དོན་ཚན་ང་བཞི་པ། གྲོས་བསྡུར་བཀག་སྡོམ། “ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང༌། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང༌། གྲོས་བསྡུར་བྱེད་མི་ཆོག” ཅེས་པ་དང་དངོས་སུ་འགལ་ཡོད་པར་མ་ཟད། གཉིས་ནས་ཁྲིམས་ཞིབ་པ་གསུམ་པོ་སྡེབ་གཅིག་གནས་དབྱུངས་བཏང་བ་དེ། བཅའ་ཁྲིམས་ཀྱི་སྒྲོམ་གཞི་ཀ་བ་གསུམ་པོ་མི་ཚང་བར་བཟོས་པའི་ད་ལྟའི་དཀའ་ཉོག་འདི་ཆེད་བཟོས་ནག་ཉེས་ཀྱི་འབྱུང་རྩ་མིན་པའི་སྒྲུབ་བྱེད་ཡང་དག་ཅིག་ཡོད་དམ།

ཁ༽ད་ལྟའི་བོད་མིའི་སྒྲིག་འཛུགས་སྒྲིག་གི་སྒྲོམ་གཞི་འདི་སྤྱི་འཐུས་ལྷན་ཚོགས་ཀྱི་ཀ་བ་མེད་པའི་ཐོག་འཛིན་སྐྱོང་བཀའ་ཤག་གི་ཀ་བ་ཡང་གས་ཆག་ཅན་ཏེ། སྲིད་སྐྱོང་མ་གཏོགས་བཀའ་བློན་རྣམ་པ་བདམས་ཐུབ་མེད། ད་ཁྲིམས་ཞིབ་ཁང་གི་ཀ་ཆེན་ཡང་མེད་པར་བཟོས་ན། བོད་མིའི་སྒྲིག་འཛུགས་འདི་སྲིད་སྐྱོང་མི་གཅིག་ཁེར་རྐྱང་ཅན་དུ་བསྒྱུར་བ་མ་རེད་དམ། དེ་ལྟར་བྱས་ན་གནོད་པ་ལས་ཕན་པ་ཅི་ཞིག་ཡོད།

ག༽ ཁྱོད་ཚོས་དོན་ངོ་མར་བོད་མིའི་སྒྲིག་འཛུགས་འདི་མ་ཉམས་རྒྱུན་འཛིན་ཐུབ་པ་ཞིག་གནང་འདོད་ན། ཁྲིམས་ཞིབ་པ་རྣམ་པ་མེད་པར་གཏོང་བ་འདི་གཏན་ནས་མ་ཡིན་པར་སྤྱི་འཐུས་གྲོས་ཚོགས་ཀྱི་ཀ་བ་ཡར་སློང་ཐབས་བྱེད་པ་དེ་མིན་ནམ། གལ་ཏེ་ཁྱོད་ཚོས་རེ་བ་བཞིན་ཁྲིམས་ཞིབ་པ་རྣམ་གསུམ་གྱིས་དགོངས་པ་ཞུས་པའི་དབང་དུ་བཏང་ན་ཡང་། ཁྱོད་ཚོར་དེའི་ཚབ་ལ་བཅའ་ཁྲིམས་དང་མཐུན་པའི་གསར་བསྐོའི་ཐབས་ལམ་ཅི་ཞིག་ཡོད། གལ་ཏེ་མེད་ན་ཁྱོད་ཚོས་དགོས་འདུན་དེ་ “ཉམས་པ་སླར་གསོ” རེད་དམ“ཡོད་པ་གཏོར་བཤིག་གཏོང་བ”གང་ཡིན་གསལ་པོ་རེད་དོ།།

སླར་སྨྲས་པ།

ཇི་ལྟར་སླར་གསོའི་ཐབས་ལམ་གང་ཡང་མེད། །

གང་ཡོད་མེད་པར་བཟོ་བའི་བྱུས་ངན་ཅན།།

ནང་དགྲ་འདི་ལས་ཐུ་བ་གཞན་མེད་པས།།

རྒྱ་ཆེའི་དམངས་ཀྱིས་ཚར་གཅོད་བྱེད་རན་རེད།།

མཆན། གོང་དུ་བཀོད་པའི་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༡༠ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༡༣ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 10

  1. ཐུབ་བསྟན་བྱམས་པ། says:
    ལོ་ 4 སྔོན།

    ཉམ་པ་སླར་གསོ་ཞེས་སྤྱི་ཚོགས་་ཟླ་དཀྲུགས་ཕུང་དཀྲུགས་གཏོང་མཁན་མི་ངན་ཉུང་ཤས་དེ་ཚོ་དབུ་སྟོབས་ཀྱི་རྒྱུག་ཁྱི་ངོ་མ་ཡིན་པ་ཟད་ཆོལ་ཁའི་གཞན་ཁོག་ཅན་དང་དོལ་ཚོགས་པ་རྒྱའི་རྒྱུག་ཁྱི་དག་ཡིན་པ་ཤེས་གསལ་རེད། མི་ངན་ཀླད་སྟོང་དག་གི་ད་བར་བོད་སྤྱི་ལ་ཕན་པའི་ལས་ཀ་སྣེ་གཅིག་ཀྱང་བྱེད་མྱོང་མེད་ལ་མི་ངན་དེ་ཚོ་མང་ཆེ་བར་བོད་མིའི་བཅའ་ཁྲལ་ལག་དེབ་མེད་པ་ཤེས་གསལ་རེད། ཉམ་པ་སླར་གསོ་དངོས་ཡོད་བྱེད་འདོད་ཡོད་ན། བཅའ་ཁྲིམས་དང་འགལ་ནས་འགྲོ་མཁན་མདོ་སྟོད་སྤྱི་འཐུས་དེ་ཚོ་དང་ཆོད་རྒྱུད་སྤྱི་འཐུས་དེ་ཚོར་ངོ་རྒོལ་བྱེད་དགོས། ད་ཡོད་མི་ངན་ཉུང་ཤས་དེ་ཚོའི་ནང་མང་ཆེ་བ་གསར་འབྱོར་བ་རེད་འདུག མི་ངན་དེ་ཚོ་ས་ཆ་ག་པར་ཕྱིན་ཀྱང་སྤྱི་ཚོགས་དཀྲུགས་སྡོད་མཁན་གྱི་མི་ངན་ཤ་རྟགས་རེད། གསར་འགོད་པ་རྣམས་པས་མི་ངན་དེ་རིགས་ཀྱི་གནས་སྟངས་ཤེས་པ་བྱེད་རྒྱུ་གལ་འགང་ཆེན་པོ་རེད། ཁོ་ཚོའི་དངས་ལངས་བཅའ་དངུལ་ལག་དེབ་ཡོད་མེད་དང་། སྐྱབ་བཅོལ་ལག་དེབ་སོགས་ཡོད་མེད་ཞིབ་འཇུག་ངེས་པར་དུ་བྱེད་དགོས།

    Reply
  2. བཙན་པོ་ཚང་། says:
    ལོ་ 4 སྔོན།

    ཉམས་པ་སླར་གསོ་མ་རེད། ངན་པ་སླར་གསོ་རེད། ངན་པ་སླར་གསོ་ནི་ཆུ་སྒང་དང་དོལ་ཚོགས། དེ་བཞིན་རོབ་སྦྱོར་ཨོ་སྟོབས་སོགས་ཀྱིས་གསོས་པའི་སྤང་ཕྲུག་ཁྱུ་གཅིག་རེད། དེ་ཚོའི་ཁྲོད་ན་ཤེས་ཡོན་ཡོད་པ་དང་ཁུངས་དང་ལུང་དྲངས་རྒྱུ་ཡོད་པ
    ནི་རྐང་གཅིག་མེད། ཚང་མ་ལུང་ཞེན་གྱིས་དུག་ཆུས་མྱོས་པ་དང་སྤྱིའི་ཆ་ནས་ལོ་བཅུ་ཕྲག་མང་པོར་བཙན་བྱོལ་གཞུང་ལ་ཤ་ཚ་ཏིལ་འབྲུ་ཙམ་ཡང་མེད་མཁན་རེད། ༧གོང་ས་ཆོག་གི་ཕོ་བྲང་གི་
    མདུན་དུ་མིའི་སྲོག་གཅོད་པའི་སྤོབས་པ་ཡོད་ཟེར་མཁན་དེ་ཚོ་ངོ་མ་བཙན་བྱོལ་གཞུང་ཡུན་གནས་ཀྱི་ཆེད་དུ་ཡོང་བ་ཞིག་རེད་འདུག་གས། མི་དེ་རིགས་ཀྱིས་དེ་སྔ་ཡང་ཕོ་བྲང་གི་མདུན་དུ་མཚན་ཉིད་
    དགེ་བཤེས་བཀྲོངས་པ་རེད། དེ་དུང་ཡང་དེ་འདྲ་བྱེད་སྲིད་པས་ངེས་པར་དུ་རྒྱ་གར་གྱི་ཉེན་རྟོགས་པ་ལ་རྩིས་སྤྲོད་དགོས་པ་རེད།

    Reply
  3. འཚུབ་མ་རྒོད་པོ། says:
    ལོ་ 4 སྔོན།

    “བཙན་བྱོལ་སྤྱི་ཚོགས་འདིར་བོད་ཀྱི་བཅའ་ཁྲིམས་ལ་རྒྱུས་མངའ་ཡོད་མཁན་ཉུང་ཤས་ཡོད་པའི་ཁྲོད་ཀྱི་གཅིག་་”སྟེ། ཚོགས་ཟུར་པད་འབྱུང་གི་”དང་”སྒྲའི་གོ་དོན་དེ་ཅི་ལས་ཀྱང་ནུས་པ་ཆེ་བ་གསལ་སྟོན་བྱས་སོང་། བཅའ་ཁྲིམས་ལ་རྒྱུས་མངའ་ཡོད་ན་དེ་འདྲ་ལོས་ཡིན།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 4 སྔོན།

    བཅའ་ཁྲིམས་སྲུང་སྐྱོབས་དང་འབྲེལ་བའི་དཀའ་སྙོགས་དེ་བཅའ་ཁྲིམས་ལ་འགན་ཁུར་ནས་སེལ་དགོས་པ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཞིག་ཡིན་པ་དང་། བཅའ་ཁྲིམས་ལ་འགན་མ་ཁུར་ནས་མང་གཙོ་དང་རང་དབང་ཁ་ལ་ཁྱེར་ནས་ལམ་དང་ལུགས་སྲོལ་རྒྱུད་ནས་ངོ་རྒོལ་སྐད་འབོད་ལ་སྐྱབས་བཅོལ་ཐུབ་པ་ཙམ་གྱི་ད་ལྟའི་དཀའ་སྙོགས་སེལ་རྒྱུའི་ཚབ་ཏུ་བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་ལ་ཉམས་ཆགས་མི་འགྲོ་བའི་ངེས་པ་མེད་པ་ནས་དགྲ་དགའ་གཉེན་སྡུག་ཙམ་ལས་གཞན་དུ་མ་མཐོང་། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚང་མས་ལས་འགན་དེ་ད་ལྟའི་བཅའ་ཁྲིམས་སྲུང་སྐྱོབས་དང་འབྲེལ་བའི་དཀའ་སྙོགས་སེལ་རྒྱུའི་ཐབས་ལམ་ཚོལ་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།

    Reply
  5. ཚེ་བརྟན་འགྱུར་མེད། says:
    ལོ་ 4 སྔོན།

    སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས།་ཀྱི་དགོངས་གཞིར་མོས་མཐུན་ཡོད། ་ཉམས་པ་སླར་གསོའི་གསར་འགོད་གསལ་བསྒྲགས་སུ་ལན་ཞིག་རྒྱབ་ཡོད་་པ་གནས་དོན་དང་འབྲེལ་ཆགས་ལ་སོང་ལ་སོང་ནན་གཏན་ཚུལ་དུ་འདིར་བཀོད་ཆོག་པ།

    ཉམས་པ་སླར་གསོའི་ཚོགས་པ་ཅེས་པ་ཧ་གོ་བ་དང་པོ་ཡིན་ལ་ལས་འགུལ་འདི་ཡང་མཐའ་མ་མིན་པའི་རེ་བ་ཡོད། ཁོང་རྣམ་པས་ད་རེས་ཀྱི་ལས་འགུལ་དམིགས་ཡུལ་ནི། བོད་ཀྱི་རྩ་དོན་འཐབ་རྩོད་འཐུས་ཤོར་མི་འགྲོ་བ་དང༌། ཁྲིམས་མཐུན་གྱི་མང་གཙོའི་ཀ་བ་གསུམ་གྱི་སྒྲིག་འཛུགས་སླར་གསོ་ཡོང་ཆེད། ཅེས་པ་ཡིན་འདུག ཡིན་ཀྱང་ངས་ནི་ལས་འགུལ་འདི་བུ་གླེན་པས་ཕ་ཡི་མགོ་བཅོམ་པའི་དཔེ་སྒྲུང་དང་མཐུན་ཆ་ཆེ་བ་མཐོང་བ་ང་ནོར་སྲིད། གནས་འདིར་ཕ་དེ་ཁྱེད་རྣམས་ཀྱི་དམིགས་ཡུལ་གཉིས་དེར་ངོས་འཛིན་ཡིན། རྒྱུ་མཚན་འགའ་འགོད་ལམ་ཞུ་རྒྱུ་ཡི།
    ༡) བོད་ཀྱི་རྩ་དོན་འཐབ་རྩོད་འཐུས་ཤོར་མི་འགྲོ་བ་ཅེས་ཐད། དང་པོ་རྩ་དོན་ལ་ཕན་པའི་ལས་འགུལ་༼དཔེ་ན། བོད་དང་བོད་མིའི་སླད་ཟས་བཅད་ངོ་རྒོལ་སོགས༽ཉམས་པ་སླར་གསོ་དང་དེའི་ཚོགས་མིས་ཇི་ཙམ་ཞུ་མྱོང་ཡོད་དམ། དེ་མིན་རྩ་དོན་ལ་འཐུས་ཤོར་ཉེན་ཅན་ནི་བོད་མིའི་རྡོག་རྩ་ཆིག་སྒྲིལ་གྱི་གོང་བུར་གནོད་ཚབ་ཀྱི་ལས་དེ་ཡིན། དེའི་ཕྱོགས་ལས་འགུལ་འདིའི་གནོད་ལས་ཕན་པའི་ལྷ་རྫས་ཤིག་བསྐྲུན་པ་བློ་ཟུ་བོར་གནས་པའི་མི་ཞིག་གིས་ཕལ་ཆེར་ངོས་མི་ལེན། མཐའ་གཉིས་སུ་གྱེས་པའི་ཕྱོགས་དེ་མཐུན་ཐབས་ཀྱི་འབད་བརྩོན་ག་ན་འདུག ཉམས་པ་སླར་གསོའི་ལས་གཞི་འདི་ཁྲིམས་མཐུན་དམ་འབུལ་ཞུ་ཡི་མིན་ཞུ་མཁན་སྤྱི་འཐུས་ ༢༢ ལས་ཀྱང་ཞེན་ཆགས་ཆེ་ཆེར་ཆེ་བ་འདུག སྤྱི་འཐུས་ ༢༢ རྣམ་པས་ཤ་མི་ཟ་ཡང་ཤ་ཁུ་འཐུང་ནས་གཉིས་འཁོད་ཞུ་རྒྱུའི་འབད་པ་ཞུས། ད་ཆ་ཁོང་ཚོ་ཁྲིམས་ལྟར་མིན་པའི་དམ་འབུལ་ལམ་ནས་གྲོས་ཚོགས་ཚོགས་ཐབས་ལས་ཁྲིམས་ཞིབ་གནད་ལ་དེ་སྔ་ལྟར་ལྡང་འཛིན་མེད་པའང་ཁོང་ཚོས་ཞེན་ཆགས་ལས་སྤྱི་སྨན་མེད་ཀྱང་ཕན་པ་ལོས་འོང། དེ་ན་ལས་འགུལ་འདིས་རྩ་དོན་ལ་འཐུས་ཤོར་བཏང་བའམ་གཏོང་ཉེན་མིན་འདུག་གམ། རྒྱུ་མཚན་དེ་ལས་བུ་གླེན་པའི་དཔེ་དེ་ཞུས་ཡིན། ཡིན་ཀྱང་མང་གཙོའི་ཐོབ་ཐང་རེད།
    ༢༽ དམིགས་གཉིས་པ། ཁྲིམས་མཐུན་གྱི་མང་གཙོའི་ཀ་བ་གསུམ་གྱི་སྒྲིག་འཛུགས་སླར་གསོ་ཡོང་ཆེད། ནང་ཁྱེད་རྣམ་པས་མང་གཙོ་སྤོ་ལུག་པ་ཞུས་ཀྱང་ངས་ནི་ཀ་བ་གསུམ་ནས་གཉིས་བཞུགས་ཡོད་ཐོག་གསུམ་པ་དེ་ཁྲིམས་མཐུན་ཡོང་ཐབས་སུ་འབད་བརྩོན་ཞུ་བཞིན་འདུག་ག གཞི་ནས་སྦོ་ལུག་པའི་ཚིག་དེ་གསུངས་པ་པོས་སྙན་གྲགས་ལས་འདིར་བདེན་རྒྱབ་ལྟ་བུར་བེད་སྤྱོད་ཞུས་གཤའ་ཀྱང་སྦོ་ལུག་པའི་རྐྱེན་རྩ་དེ་ཁྱེད་རྣམས་ཀྱི་ཁམས་སུ་མེད་པའི་ལས་འགུལ་འདི་གོང་གི་དམིགས་ཡུལ་དང་པོའི་འགལ་རྐྱེན་གྱི་རྒྱུ་མཚན་གཞན་ཞིག་ཡིན། རྐྱེན་རྩ་ག་རེ་གསུངས་པ་དེ་གལ་པོ་ཆེ་ལ་ནན་གཏན་ཆེད་ཞུས་ན་ཁྲིམས་ཞིབ་པ་ཆེ་བའམ་ཆུང་བ་གང་རུང་ཅེས་པ་ལས་ཚང་མ་གནས་དབྱུངས་དུས་གཅིག་ཏུ་གཏོང་རྒྱུའི་ལམ་མེད་པ་དེ་གསུངས་པ་ངས་ཀྱང་གོ་སོང། གཞི་ནས་ཁྲིམས་དཔོན་རྣམས་ཆ་ཚང་མེད་པ་བཟོས་ན་དུས་རྒྱུན་ང་ཚོས་མང་གཙོ་ཚད་ལྡན་ལ་ཀ་བ་གསུམ་དགོས་པའི་གལ་གནད་མེད་པར་བཟོས་ནས་རྐང་ཀྱོག་ཅིག་ཏུ་གྱུར་ནས་རིལ་རྒྱུའི་གནས་སུ་གྱར་བ་མ་རེད་དམ། དེ་སུས་བཟོས་རེད། བཟོ་མཁན་ཚོགས་གཙོ་པད་མ་འབྱུང་གནས་ལགས་དང་གཞན་སྤྱའི་འཐུས་ ༣༡ རྣམས་རེད། ཚོགས་གཙོ་དབུས་པས་ཁོངས་རྣམ་པས་དེ་ཙམ་ཡང་མ་ཤེས་པའམ་ཤེས་ནས་རྡོག་རོལ་དུ་བཏང་བའི་གནས་སུ་རྒྱབ་སྐྱོར་ཞུས་ན་ཁྱེད་རྣམ་པས་དམིགས་ཡུལ་གཉིས་པ་དང་འགལ་མིན་འདུག་གམ། ཚོགས་གཙོ་པད་མ་འབྱུང་གནས་དང་གཞན་རྒྱབ་སྐྱོར་བ་སྤྱི་འཐུས་རྣམ་པའི་གྲོས་ཚོགས་དང་རྒྱུན་ལས། དེ་གཉིས་ལས་བསྐོས་པའི་ཚོགས་ཆུང་རྣམས་དབང་ཚད་འདྲ་སྙམས་སུ་ཡིན་པས་ཁྲིམ་བཅོས། དོན་དུའང་དཀའ་གནད་འདི་ཕྲད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཁྲིམས་མཐུན་ངོས་ལེན་མེད་པའི་གྲོས་ཚོགས་ཀྱི་དབང་ཚད་དེ་ཚོགས་གཙོ་དབུས་པས་རྒྱུན་ལས་རྣམ་པའི་དབང་མེད་ཀྱིས་དཔྱད་ནས་གྲོས་ཚོགས་འཕར་རྒྱང་བྱས་པ་ལས་བྱུང་ཡོད།
    མདོར་བསྡུས་ན་ཁྱེད་རྣམ་པར་རྒྱབ་སྐྱོར་ཞུ་མཁན་ཡོད་པ་ལྟར་ཁོང་རྣམ་པ་ལས་མཚམས་བཞག་ནས་སླར་ཡར་ཕེབས་དགོས་པའི་རྒྱབ་སྐྱོར་ཞུ་མཁན་ཡང་གཅིག་མཚུངས་བྱུང་ཡོད། མང་གཙོའི་ལམ་ནང་མི་མང་རྒྱབ་གཉེར་གལ་ཆེན་པོ་ཡིན་ཀྱང་ད་ལྟའི་གནས་དོན་དེ་ཁྲིམས་དང་འབྲེལ་བའི་ངལ་བར་སོང་མི་མང་ནས་གནད་འཕེལ་ཞིག་ཤེས་རྒྱུ་དཀའ་གནས་དང་། དེ་ལས་ཁྲིམས་ཞིབ་པ་གོང་མ་རྣམས་སོགས་ཁྲིམས་སུ་རྒྱུས་ཤེས་ཅན་གྱི་འབྲེལ་ཡོད་རྣམས་པས་དགོངས་པར་ཡིག་ཆ་ ༣༩ དེ་འཐུས་གཙང་མིན་པའི་ལས་དོན་དུ་སླར་འཁོལ་དགོས་པའི་དགོངས་འཆར། ཡིག་ཆ་ ༣༩ འབྱུང་རྩ་གསུམ་ཆ་གཉིས་ཀྱི་རྒྱབ་གཉེར་བ་སྤྱི་འཐུས་ ༣༡ ཡོད་ཀྱང་རྗེས་སུ་ཁྲིམས་ཞིབ་པ་ལས་སུ་སླར་འཁོད་ཞུ་མཁན་བསྡོམ་སྤྱི་འཐུས་ ༢༡ བྱུང་ཡོད་འདུག་བ་ནས་ཉུང་མཐར་ ༢ གསུམ་ཆ་གཉིས་ནས་མར་འཐན་ཡིན་ན་གསུམ་ཆ་གཉིས་ལོན་མེད། སྟབས་མི་ལེགས་པ་ཞིག་ལ་གྲོས་ཚོགས་འཕར་མ་ཚོགས་ཐུབ་མེད་པས་གྲོས་ཚོགས་དབུས་སུ་བདེན་པ་དག་ཐེར་ཞུ་ལམ་བྱུང་མེད་པ་ལས་དེ་མིན་ཁྲིམས་མི་ཤེས་པའི་སྤྱི་འཐུས་ཞེན་ཆགས་ཅན་གཞན་རྣམས་དང་དེའི་གཡོ་གུལ་དུ་ཤོར་བའི་ཉམས་པ་སླར་གསོའི་ཕྱོགས་རྣམས་ལ་བསམ་ཤེས་ཡོད་ན་སྐྱོན་ངོས་ལེན་གྱི་ལམ་ཞིག་ཐོབ་ཡོད་སྲིད། དེ་བཞིན་མང་གཙོས་བཀོད་པའི་གཞུང་འཛིན་སྲིད་སྐྱོང་མཁས་དབང་བློ་སེང་ལགས་ཀྱིས་ཁྲིམས་ཞིབ་པ་རྣམས་སུ་ངོས་ལེན་གྱིས་སྲིད་སྐྱོང་གསར་པའི་དམ་འབུལ་གྲ་བསྒྲིགས་པ་སོགས་ལས་ཕམ་རླབས་ཀྱིས་ད་ལྟ་མང་གཙོའི་ཀ་བ་གསུམ་ཆ་ཚང་མ་འགྱེལ་བར་ཁྱ་ཁ་ཁྱོ་ཁེའི་ལམ་འདི་ནས་བདེ་མོ་ཐང་མ་ཞིག་གི་ཕྱོགས་སུ་འཁོད་ཐབས་སུ་ཕན་ཐོག་བྱུང་ཡོད། མང་པོ་ཞུ་ཡི་མིན། བོད་དང་བོད་མིར་བསམ་ཤེས་ཡོད་ན་ཕྱོགས་ལྷུང་མེད་པར་བདེན་པའམ་བདེན་མཐའ་ཆེ་སར་རྒྱབ་བཅོལ་ཤོག

    Reply
    • དཔའ་རྒོད། says:
      ལོ་ 4 སྔོན།

      ད་ལྟའི་དུས་འདིར་ཚང་མས་གཟབ་གཟབ་བྱས་དགོས་ས་རེད། ཕན་ཚུན་ཁ་བདེ་པོ་རེ་བཤོད་རེས་བྱས་ན་དོ་བདག་རང་ཉིད་ཡིད་ཚིམ་པ་ཞིག་ཡོང་སྲིད་ཀྱང་རྒྱལ་ཁབ་དང་མི་རིགས་ལ་ཕན་གནོད་ཅི་ཡོད་ཤེས་ཤིན་ཏུ་ནས་དཀའ།

      Reply
  6. ལྷག་དབང་། says:
    ལོ་ 4 སྔོན།

    རྡ་སའི་སིལ་སྤོལ་ཐང་ལ་ཡོད་པའི་རྒྱུག་ཁྱི་དེ་ཚོ་ལ་ཆུ་སྒང་དང་དོ་ཚོགས་གཉིས་ནས་དངུལ་འབོར་ཆེན་སྤྲད་ནས་སྤྱི་ཚོགས་དཀྲུགས་བཅུག་་བཞིན་པ་ལས་ངན་རང་རེད།་ད་རུང་མཚཽ་པདྨའི་རྒྱུག་ཁྱི་ཞིག་གི་ཁྲིམས་ཞིབ་པར་ཉན་རྡ་བཏང་འདུག་ཀྱང་ཁོ་རང་གི་རྒྱབ་ལྗོང་ལ་ལྟ་དུས་མཚོ་པདྨའི་ཆུ་སྒང་གི་ཚོགས་མི་ཡིན་པ་དུས་རྒྱུན་ཆང་རག་ལ་ངན་གོམས་ཤོར་བ་ཞིག་དང་ཆང་ཚད་མེད་བཏུང་ནས་ཐེངས་འགའ་ཤི་ལ་ཁ་ཆགས་ཟིན་རེདྲ།།ད་དུང་སྐྱེས་དམན་ངོ་མ་དེ་གཡུགས་ནས་རྒྱ་ཁམས་པའི་སྐྱེས་དམན་ཞིག་མཉམ་དུ་བསྡད་ཡོད།།།འཚོ་བརྟེན་དགུན་ཚོང་ཞིག་ལས་མེད་པས་དེའི་དངུལ་ཚང་མ་ཆང་རག་བཏུང་ནས་རྫོགས་ཟིན་པ་དང་ད་ལྟ་འུག་ཐུག་ནས་བོད་པ་མིན་པའི་སྐྱེས་དམན་དེ་ཡང་རྡ་སར་ངོ་རྒོལ་ལ་འཁྲིད་ནས་དངུལ་རག་ཐབ་བྱེད་བཞིན་པ་རེད།།་ཚང་མའི་དོག་ཟོན་གནང་

    Reply
  7. Tador18 says:
    ལོ་ 4 སྔོན།

    ངན་པ་སླར་གསོ་མཆམས་བཞག་ཚར་པ་འདྲ།

    Reply
  8. གངས་བུ། says:
    ལོ་ 4 སྔོན།

    ཉམས་པ་སླར་ལ་གསོ་བར་མ་ལགས་ཏེ།།
    ཡོད་པ་རྩ་གཏོར་གཏོང་བའི་ཇུས་ངན་ནོ།།

    Reply
  9. gendun says:
    ལོ་ 4 སྔོན།

    ངན་པ་སླར་གསོ་ཞེས་པའི་ཚོགས་མི་འདི་ཚོས་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་དང་། སྤྱི་འཐུས་རྒྱུན་ལས་ཀྱི་གསལ་བསྒྲགས། གྲོས་ཆོད་ཡིག་ཆ་ཨང་ ༡༩ པ་བཅས་དཔྱད་བསྡུར་མ་བྱས་པར་གཡམ་རྒྱུག་བྱས་ཡོད་ཤག
    བཅའ་ཁྲིམས་ལ་དོ་སྣང་མ་སྤྲད་པར་དངུལ་སྤྲད་མཁན་གྱི་གདོང་ལ་བལྟས་ནས་གཡེང་ལ་མཆོང་གི་ཡོད་ཤག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese