མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁུ་ནུ་རྫོང་གི་རི་ཉིལ་དོན་རྐྱེན་ཁྲོད་ད་དུང་འགྲུལ་བ་ ༡༥ ཙམ་རྙེད་མི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ཅལ་མངའ་སྡེའི་ཁུ་ནུ་རྫོང་གི་ཆ་ར་གྲོང་ཚོ་(Chaura village)ཉེ་འགྲམ་དུ་རི་ཉིལ་དོན་རྐྱེན་བྱུང་རྗེས་མི་ ༡༣ བསྐྱབས་ཐུབ་ཡོད་ཀྱང་ད་དུང་མི་གྲངས་ ༡༥ ཙམ་ཞིག་གར་ཡོད་ཆ་མེད་དུ་གྱུར་ཏེ་འཚོལ་བཞིན་པའི་སྒང་ཡིན་འདུག

Kinnaur Landslide, Himachal Pradesh (Photo: ANI)

ཁེ་ཉིན་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ཁུ་ནུ་རྫོང་ཁོངས་སུ་རི་ཉིལ་བ་དང་རྦབ་རྡོ་འགྲིལ་ནས་སྤྱི་སྤྱོད་རླངས་འཁོར་དང་དོ་སྐྱེལ་རླངས་འཁོར་སོགས་ས་འོག་ཏུ་ཤོར་ཡོད་པ་མ་ཟད། མི་ ༡༣ རྐྱེན་འདས་དང་། ཚོད་དཔག་བྱས་ན་མི་ ༥༠ ལྷག་ས་འོག་ཏུ་མནན་ནས་ཛ་དྲག་མྱུར་སྐྱོབ་བྱེད་བཞིན་ཡོད་པ་ལྟར། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། དེ་རིང་འགྲུལ་བ་ ༡༥ ཡི་ཕུང་པོ་རྙེད་དེ་ད་བར་ཕུང་པོ་ ༣༠ རག་པ་དང་།  མི་ ༡༣ བསྐྱབས་ཐུབ་ཡོད་ཀྱང་། ད་དུང་མི་ ༡༥ ཡི་རྙེད་ཐུབ་མེད་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཧི་མ་ཅལ་མངའ་སྡེའི་ཁུ་ནུ་རྫོང་ (Kinnaur)གི་ཆ་ར་གྲོང་ཚོ་(Chaura village)ཉེ་འགྲམ་དུ་གློ་བུར་རི་ཉིལ་དང་རྦབ་རྡོ་འགྲིལ་ཏེ། གཞུང་ལམ་གྱི་སྤྱི་སྤྱོད་རླངས་འཁོར་དང་དོལ་སྐྱེལ་རླངས་འཁོར་སོགས་རླངས་འཁོར་ཁ་ཤས་ས་འོག་ཏུ་མནན། རྐྱེན་ངན་བྱུང་རྗེས་ཀང་ར་རྫོང་གི་རང་བྱུང་གོད་ཆག་སྲུང་སྐྱོབ་ལས་ཁུངས་ཀྱི་དཔོན་རིགས་དང་ཉེན་རྟོག་པ། མྱུར་སྐྱོབ་རླངས་འཁོར་བཅས་ཆེད་གཏོང་གིས་མྱུར་སྐྱོབ་བྱས་ཡོད་ཀྱང་། ཆར་ཞོད་ཆེ་བ་དང་སྨུག་པ་འཐིབས་རྐྱེན་ཐད་འཕུར་གནམ་གྲུ་ ༤ བཏང་ཡོད་ཀྱང་ཡུལ་དངོས་སུ་བསླེབས་ཐུབ་མེད་འདུག

ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྗེ་རམ་ཐཱ་ཀོར་(Jairam Thakur)མཆོག་གིས། མངའ་སྡེ་གཞུང་ནས་གནོད་འཚེ་ཕོག་པའི་ནང་མི་རེ་རེ་ལ་ཧིན་སྒོར་འབུམ་ ༤ དང་རྨས་སྐྱོན་ཚབས་ཆེན་ཕོག་པའི་མི་དེ་ལ་ཧིན་སྒོར་ཁྲི་ ༥ གནང་རྒྱུ་དང་། རྨས་སྐྱོན་ཆུང་རིགས་ཕོག་མཁན་ལ་རིན་མེད་སྨན་བཅོས་གནང་ཡིན་པ་མ་ཟད། གཞུང་གི་སྤྱི་སྤྱོད་རླངས་འཁོར་ནང་རྐྱེན་འདས་ཕྱིན་པའི་ནང་མི་ལ་ཧིན་སྒོར་འབུམ་ ༡ གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་འདུག

ཡང་ཁོང་གིས། ས་ཁུལ་དེར་ (Geological Survey) ས་གཤིས་རིག་པའི་ལྟ་ཞིབ་བྱ་ཡི་ཡིན་སྐོར་བརྗོད་འདུག སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བས། ངས་ཕ་བོང་ཟགས་པ་མཐོང་ཡོད་ཀྱང་ཕྱི་དྲགས་པས། རླངས་འཁོར་ནས་མཆོངས་ཏེ་རྨས་སྐྱོན་འགའ་ཕོག་ཡོད། ཅེས་བརྗོད་འདུག ད་ལྟ་བར་དུ་ས་རུད་བྱུང་ནས་མི་ ༤༠ ལྷག་ཕ་བོང་གི་འོག་ཏུ་མནན་ཡོད་པའི་ཞེད་སྣང་བྱེད་ཀྱི་ཡོད་པ་རེད། དེ་ཡང་མྱུར་སྐྱོབ་རོགས་སྐྱོར་ཕྱིན་ཏེ་མི་ ༡༥ ཕུང་པོ་རྙེད་ཡོད་འདུག མངའ་སྡེའི་གཞུང་ནས་ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ (Helicopter) ཐད་འཕུར་གནམ་གྲུ་ ༤ ཉེན་སྐྱོབ་ཀྱི་ཆེད་དུ་བཏང་ཡོད་ཀྱང་། གནམ་གཤིས་ཡག་པོ་མེད་པའི་རྐྱེན་གྱིས་གོད་ཆག་བྱུང་བའི་ས་ཁུལ་དུ་འབྱོར་ཐུབ་མི་འདུག

འདི་ལྟར་ཕྱི་ཟླ་ ༧ པའི་ནང་ནས་བཟུང་རྒྱ་གར་བྱང་ཤར་ཁུལ་དུ་ཆར་དུས་བསླེབས་རྐྱེན་ཆར་པ་འབབ་ཡུན་རིང་པོ་ཡིན་པ་མ་ཟད། རི་ཁུལ་གྱི་མངའ་སྡེ་རྣམས་ལ་རི་ཉིལ་དང་ས་རུད་ཀྱི་ཆག་སྒོ་བསྟུད་མར་ཡོང་བཞིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་ཁུ་ནུ་རྫོང་གི་ (Batseri village) གྲོང་གསེབ་ཏུ་ས་རུད་དང་རྦབ་རྡོ་འགྲིལ་ཏེ་མི་ ༩ རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་། དྲྭ་ཐོག་གནས་ཚུལ་ལོག་སྤེལ་གྱི་ཉེན་ཁ།

ཆུ་ཚོད་ ༦ སྔོན་ལ།
༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤
Mobile App

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་ངོ་རྒོལ་བྱས། ༢༠༢༥།༡༢།༡༩ དུས་བབ་ཀྱི་པར།
Mobile App

བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཏེ་མཚན་རྟགས་བསྡུ་བཞིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
Chinese Ambassador Chen Pays Farewell Call on Prime Minister Karki. diplomatnepal.com
Mobile App

བལ་ནང་བོད་མི་སྐྱབས་བཅོལ་བའི་ལས་འགུལ་སོགས་ལ་དམ་དྲག་བྱེད་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

 དགུང་གྲངས་ ༡༣༠ སྐོར་བཞུགས་རྒྱུའི་གསུངས་ལ་མཇལ་ཐབས།

༢༠༢༥/༡༢/༡༩
Chinese Embassy at Delhi
Mobile App

རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དྷ་རམ་ས་ལར་ཡོང་ནས་སོ་ཉུལ་བྱས་འདུག

༢༠༢༥/༡༢/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese