མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དྭགས་བྱང་ཐང་གི་འབྲོག་ཁུལ་དུ་ཕེབས།

བོད་ཀྱི་དུས་བབ།
༢༠༢༡/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་ཡོད་པ་ལྟར་དེ་རིང་སྲིད་སྐྱོང་མཆོག་ལ་དྭགས་བྱང་ཐང་ཁུལ་གྱི་ཧན་ལེ་དང་། མ་ཁྱུ། སུམ་མདོ་སོགས་ཀྱི་བོད་རིགས་འབྲོག་པའི་གནས་སྟངས་ལ་གཟིགས་ཞིབ་གནང་བར་ཕེབས་ཡོད་འདུག

ཁ་སང་སྲིད་སྐྱོང་མཆོག་གི་སྐོར་སྐྱོད་ཀྱི་ཉིན་བདུན་པ་དེར་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་དང་ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ཕུན་ཚོགས་ལགས། རྒྱ་གར་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། རྒྱ་གར་ས་གནས་རྫོང་དཔོན། དེ་བཞིན་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ (Ladakh Hill Council) ཀྱི་སྡེ་དཔོན། ཁྲིམས་རྩོད་པ་བཀྲ་ཤིས་རྒྱལ་མཚན་ལགས་སོགས་ས་གནས་ཀྱི་གནད་ཡོད་མི་སྣར་མཇལ་འཕྲད་གནང་སྟེ། ས་གནས་བོད་མིའི་གནས་སྟངས་དང་བདེ་སྡུག་སོགས་གླེང་སློང་གནང་བ་དང་འབྲེལ། ཆོས་དང་རིག་གཞུང་གི་འབྲེལ་བ་དམ་པོ་ཡོད་པའི་བོད་མི་ཚོར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་དང་གནས་མུས་ཡིན་པར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

ཕྱི་ཚེས་ ༢༢ ཉིན་སྲིད་སྐྱོང་མཆོག་ནས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་གཞིས་གྲོང་ཁག་ཏུ་གཟིགས་སྐོར་གནང་སྐབས་ཐོག་མར་བོད་དམག་ཚེ་འདས་དཔའ་བོ་ཉི་མ་བསྟན་འཛིན་ལགས་ཀྱི་ཤུལ་ལུས་ནང་མི་ཚོར་ཆེད་དུ་ཐུག་འཕྲད་གནང་ཡོད་འདུག་ལ། དེ་བཞིན། ཟླ་འདིའི་ཚེས ༢༡ ཉིན་སྲིད་སྐྱོང་མཆོག་གིས་ཉེ་སྔོན་ར་ལུག་ལ་འཆི་སྐྱོན་ཆེན་པོ་བྱུང་སའི་ལ་དྭགས་འདུད་གཅིག་ཁུལ་གྱི་ཁྱིམ་ཚང་ ༨ ཀྱི་ནང་ཕེབས་ཏེ། སྒོ་ཕྱུགས་ལ་ནད་ཡམས་ཀྱི་དཀའ་ཁག་འཕྲད་སྐབས། ས་གནས་གཞུང་གིས་སྨན་བཅོས་མཐུན་རྐྱེན་སྦྱར་བ་དང་། འཆི་སྐྱོན་ཕྱིན་པའི་ར་ལུག་ལ་གུན་གསབ་གནང་འཆར་ཡོད་ལ། མ་འོངས་པར་སྒོ་ཕྱུགས་ལ་ནད་ཡམས་ཀྱིས་གནོད་སྐྱོན་མི་ཐེབས་པའི་ཆེད་དུ་གྲ་སྒྲིག་གང་ལེགས་དགོས་པའི་ལམ་སྟོན་གནང་བ་དང་འབྲེལ། མི་སྒེར་དང་ཚོགས་སྡེ་ཁག་ནས་ཞལ་འདེབས་ཕོན་ཆེན་གནང་བར་སྲིད་སྐྱོང་མཆོག་ནས་ཐུགས་རྗེ་ཆེ་ཞུས་ཡོད་འདུག

སྐབས་དེར་འབྲོག་པའི་ཡུལ་དངོས་སུ་སོང་ནས་བརྙན་བླངས་བ་དང་འབྲོག་མིའི་དཀའ་ངལ་བརྒྱུད་ལམ་དུ་སྤེལ་ཏེ། འཛམ་གླིང་གི་ཕྱོགས་མཐའ་གང་ས་ནས་ཁྱོན་ཧིན་སྒོར་འབུམ་ ༣༠ ལྷག་བསྡུ་སློང་གནང་མཁན་བོད་རིགས་བུ་མོ་སྒྲོལ་མ་ལྷ་མོ་ལགས་ལའང་སྲིད་སྐྱོང་མཆོག་ནས་ཐུག་འཕྲད་གནང་སྟེ། ཁོང་མོའི་སྤྱི་ཚོགས་ཞབས་ཕྱི་རླབས་ཆེན་གནང་བཞིན་པར་བསྔགས་བརྗོད་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་སྲིད་སྐྱོང་མཆོག་གི་གཟིགས་སྐོར་ཉིན་དང་པོ་ནས་བཟུང་ས་གནས་བོད་ཀྱི་སྨན་རྩིས་ཁང་དང་བོད་ཁྱིམ། བོད་ཁྱིམ་རྒན་གསོ་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་ཁྲིམས་ཞིབ་ཁང་། དེ་བཞིན་ས་གནས་ཀྱི་དགོན་པ་ཁྲིག་རྩེ་དགོན་སོགས་སུ་གཟིགས་སྐོར་གནས་གཟིགས་སུ་ཕེབས་ཡོད་པ་དང་། གཞུང་འབྲེལ་མཛད་རིམ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་མི་མང་གི་འཐུས་མི་རྣམ་པ་དང་། སླེ་ཚོང་རིགས་ཚོགས་པ་དང་། རྟ་པ་ཚོགས་པ། གླང་འཁོར་ཚོགས་པ་བཅས་ལ་ཐུགས་འཕྲད་གནང་རྒྱུ་དང་། ཚེས་ ༢༩ ཉིན་གྱི་སྔ་དྲོར་ཕྱིར་དྷ་རམ་ས་ལར་ཕེབས་ཐོན་གནང་འཆར་ཡོད་འདུག

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese