མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་ཕྱག་དེབ་དང་མི་ཚེའི་འགྱུར་ལྡོག

བོད་ཀྱི་དུས་བབ།
༢༠༢༡/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp

——གོང་ས་མཆོག་གི་ཕྱག་དཔེ་”བདེ་སྐྱིད་བསྐྲུན་ཐབས”་དང་ཧོང་ཀོང་གི་གློག་བརྙན་འཁྲབ་སྟོན་མ་ཁེད་རེའེ་ཁྲན་གྱི་མི་ཚེའི་འགྱུར་ལྡོག།

Karrie Tan, actor, theatre director and playwright, learned from the Dalai Lama’s book The Art of Happiness how to forgive an ex-boyfriend and her best friend for whom he left Tan. Photo: Karrie Tan Hui-lei

ངས་ཕྱག་དཔེ་དེ་བཀླགས་པའི་དུས་ནི་ལོ་ཉི་ཤུའི་ཡར་སྔོན་ཞིག་ཡིན་ཚོད་ཡོད། སྐབས་དེར་ངའི་མི་ཚེ་ནི་བཟོད་བརླག་མི་ནུས་བའི་སྡུག་བསྔལ་ཆེན་པོ་ཞིག་གི་འོག་ལྷུང་ཡོད།  ངའི་དགའ་བོ་དང་ངའི་གྲོགས་མོ་ཡག་ཤོས་གཉིས་བར་ཕོ་མོའི་འབྲེལ་བ་བྱུང་བ་དང་། དེ་ནི་ཡ་ང་ཞིང་ཞེ་མེར་ལ་གཡོ་འཕྲུལ་དང་རྫུན་ལས་རྫོགས་རྒྱུ་མེད་པ་ཞིག་རེད།  ཅི་ཡིན་ཞེ་ན། ཕར་ཕྱོགས་ཀྱི་མི་དེས་རང་ཉིད་ལ་བརྩེ་བ་ཡོད་པར་ཡིད་ཆེས་ཆེན་པོ་བྱས་རྗེས། གཞི་ནས་ཡོད་ཚད་རྫུན་དང་ཕྲ་མའི་ལས་ཤ་སྟག་ཡིན་པ་ཧ་གོ་བྱུང་། དུས་དེར་ང་ནི་ཁོའི་ཐོག་འཚིག་པ་ཟ་ནས་འབར་ལ་ཁད་བྱེད་པ་དང་།  བརྩེ་དུང་ལ་བཅིངས་བའི་ཡིད་ཆེས་ཟབ་མོ་དེའང་ག་ས་གང་ནས་གས་ཏེ་དུམ་བུ་མང་པོར་གྱེས་སོང་།

སྐབས་དེ་འདྲ་ཞིག་ལ། ངས་༧གོང་ས་མཆོག་གི་ཕྱག་དཔེ་དེ་མཐོང་དུས་ཁ་བྱང་གི་ཁྲོད་ནས་ཐོག་མར”བདེ་སྐྱིད”ཅེས་པའི་ཚིག་འབྲུ་དེ་ལ་དོ་སྣང་བྱུང་། ང་ནི་སེམས་སྡུག་བྱེད་རྒྱུ་མ་གཏོགས་ལས་རྒྱུ་གང་ཡང་མ་རྙེད་པར་ལུས་ཡོད་སྟབས། ངའི་སེམས་ལ་འདི་ནི་ང་རང་གི་མི་ཚེའི་ནང་གང་འདོད་པ་དེ་རང་རེད་སྙམ་ནས་ཕྱག་དཔེ་དེ་ཡར་ལག་ཏུ་བླངས་ནས་བཀླགས་མགོ་བརྩམས་པ་ཡིན། ཞི་བདེའི་ཚོར་བ་ཞིག་གིས་ངའི་སེམས་ཁམས་ཡོངས་སུ་ཁྱབ། སྐབས་དེར་ངའི་ནང་ཆོས་ཀྱི་སྐོར་ནས་དེ་ཙམ་མང་པོ་མི་ཤེས། ནང་ཆོས་ཀྱི་ནང་དོན་རེ་འགའ་ང་ཚོའི་གློག་བརྙན་བཟོ་སྐྲུན་ཀྱི་ལས་གཞིའི་ནང་སྟབས་འཁེལ་སྟབས། ངས་ཆེད་དུ་ནང་ཆོས་ཀྱི་མི་སྣ་འཁྲབ་སྟོན་ཐད་ཞིབ་འཇུག་དང་རྟོག་དཔྱོད་གང་འཚམས་བྱས་པ་ཡིན།  ༧གོང་ས་མཆོག་གིས་ཕྱག་དཔེ་ཡང་བཀླགས། ཁོང་གི་བཟོད་སྒོམ་དང་གུ་ཡངས་གཏོང་ཐབས་སྐོར་གྱི་གསུང་དེས་ང་ལ་སེམས་གཏིང་ནས་ཡིད་སྨོན་སྐྱེས་སུ་བཅུགས།

ལེའུ་རེ་རེ་གཅིག་འཕྲོར་གཅིག་མུ་མཐུད་ཀློག་སྐབས་ཚོར་སྣང་ངོ་མཚར་བ་ཞིག་སྐྱེས་བྱུང་། ཁྱད་པར་དུ་བཟོད་པའི་ལེའུ་དེའི་ནང་ཁཱོའུ་ཁྲཱར་གྱིས་”གལ་སྲིད་རང་ཉིད་ཀྱི་གྲོགས་པོ་རྣམས་གཞན་ཞིག་གིས་གསོད་པའི་སྦྱོར་བ་དངོས་སུ་རྩོམ་བཞིན་པའི་སྐབས་ཇི་ལྟར་དེ་ལ་བཟོད་སྒོམ་བྱ་དགོས་ཞེས”་དྲིས་པ་ན། ༧གོང་ས་མཆོག་གིས་ “གཞན་ལ་དྲག་ཤུགས་ཀྱི་ལས་རྩོམ་མཁན་ལའང་རྒྱུ་མཚན་ཞིག་ཡོད་ངེས་རེད། གང་ཡིན་ཟེར་ན། ང་ཚོ་ཚང་མ་མི་འདྲ་བའི་ཁྱད་པར་ཡོད་པ་མ་རེད།” ཅེས་ལན་གནང་འདུག

The cover of the Dalai Lama’s book.

དེ་ནི་གློག་བརྙན་འཁྲབ་སྟོན་མ་ཞིག་ལ་སྦྱར་ནའང་གཅིག་མཚུངས་རེད། ཕ་རོལ་བོ་དེའི་གཤིས་རྒྱུད་དང་ཅི་ཙམ་གྱིས་ཐག་ཉེ་སར་བཅར་ཏེ་བལྟས་ན་མི་འདྲ་བའི་ཆ་ཅི་ཡང་མི་རྙེད་པ་མ་ཟད། ད་གཟོད་དེ་ལས་ལྡོག་ཏེ་གཅིག་མཚུངས་ཀྱི་ཆ་རྣམས་རྙེད་པར་འགྱུར་རོ།། རྒྱུ་མཚན་ང་ཚོ་ཚང་མ་མི་འདྲ་བའི་ཁྱད་པར་ཡོད་པ་མ་རེད། ང་ཚོས་གཅིག་མཚུངས་ངང་བདེ་སྐྱིད་ཀྱི་དཔལ་ལ་སྙེག་བཞིན་ཡོད།  ཚབས་ཆེ་བའི་ངན་ལས་དེ་འདྲ་གཞན་ཐོག་ཏུ་ང་ཚོས་རྩོམ་པའི་སྐབས་རེ་འགའ་ཡོད་སྲིད་ཀྱང་དེ་འདྲ་བྱེད་མཁན་དེ་ནི་ང་ཚོ་རང་ཉིད་ངོ་མ་དེ་ནམ་གཞར་ཡང་མ་རེད།

གཞན་རང་ལ་དགའ་འདོད་ཀྱི་བློ་དེ་མི་ཚང་མའི་ཞེ་ཕུག་ཏུ་བཅིངས་ཡོད་པར་ཁྱེད་ཀྱིས་ངོས་ལེན་བྱས་ཚེ་ད་གཟོད་ནོར་འཁྲུལ་ཞེས་པ་དང་བཟོད་སྒོམ་བྱ་ཐབས་བྲལ་བའི་རྙོག་འཛིངས་ཞེས་པ་དེ་དག་རེ་རེའི་གོ་བ་ཡང་ཁྱེད་ཀྱི་རྒྱུད་ལ་ཇེ་ཟབ་ཏུ་འགྱུར་ངེས། དེབ་འདི་ཀློག་སྐབས་སུ་ཐ་ན་ངས་རང་ཉིད་ཀྱི་དགའ་བོ་ཟུར་བ་དང་གྲོགས་མོ་གཉིས་ཡིད་ལ་འཁོར་ཡོང་བའི་སྐབས་ཡིན་ནའང་འདྲ།  ཁོང་གཉིས་ཀྱི་གནས་སྟངས་དེའི་འོག་ཏུ་རང་ཉིད་ཕར་བསྡད་དེ་བལྟས་བས་ན་ད་གཟོད་ཁོང་གཉིས་ལ་མི་ཚེ་ལྷན་གཅིག་སྐྱེལ་འདོད་ཀྱི་རེ་བ་ཡོད་པ་ཙམ་དང་།  ང་ཚོ་ཚང་མ་མཉམ་འདུས་ཀྱི་གནས་སྟངས་དེའི་འོག་ནས་ཁོང་གཉིས་ཕྱིར་འདོན་བྱེད་མ་ཤེས་པ་ཙམ་ལས་ཅི་ཡང་མེད་པའི་ངེས་ཤེས་ཟབ་མོ་དེ་ང་ལ་ཐོབ།

ལོ་ངོ་གཉིས་ཀྱི་རྗེས་ངའི་མི་ཚེའི་ནང་སྐྱེས་པ་གཞན་ཞིག་སླེབས་བྱུང་། གང་མཚམས་ཤིག་ནས་ངེད་གཉིས་ཀྱི་འབྲེལ་ལམ་སྟེང་དུའང་རྙོག་དྲ་སླེབས་སོང་། སྐབས་དེར་ངས་ཡིད་ལ་རྙོག་དྲ་དེ་ཁོང་མི་ངན་པ་ཞིག་ཡིན་པའི་སྟབས་ཀྱིས་བྱུང་བ་མ་ཡིན་པ་ཧ་གོ་བྱུང་། རང་ཉིད་ཁོང་གི་གོ་སར་བསྡད་ནས་བལྟས་པ་ན་ད་གཟོད་ངེད་གཉིས་ནི་རིན་ཐང་མི་འདྲ་བ་རེ་ཡོད་པའི་མི་མི་འདྲ་བ་གཉིས་ཡིན་པ་ཚོར་སོང་། དེར་བརྟེན་ངེད་གཉིས་གཟའ་ཚང་ཁ་བྲལ་ཏུ་སོང་ནས་ཡུན་རིང་འགོར་རུང་ད་དུང་མུ་མཐུད་གྲོགས་པོའི་ངོ་བོར་གནས་ཐུབ་ཡོད།

ང་ནི་བུ་ཕྲུག་གསུམ་གྱི་ཨ་མ་ཞིག་ཡིན་ཞིང་ངའི་བུ་མོ་ཆེ་བ་ད་ལོར་ལོ་ན་དགུར་སོན་ཡོད། ཉིན་ཞིག་ངའི་བུ་མོས་ང་ལ་དྲི་བ་ཞིག་དྲིས་མྱོང་། “གལ་སྲིད་མི་ཚེའི་དམིགས་ཡུལ་ནི་བདེ་སྐྱིད་འཚོལ་རྒྱུ་དེ་ཡིན་ཞེས་ཁྱེད་ཀྱིས་ཁས་ལེན་པ་ཡིན་ན་ངའི་སེམས་ལ་སྡུག་འཇོག་དོན་ཅི་ཡིན་ཟེར།” ངས་མོ་ལ་”ཇི་ལྟར་སྡུག་འཇོག་གི་འདུག”་ཅེས་དྲིས་པ་ན། ངས་རྒྱུན་དུ་མོ་ལ་རྩེད་ཆས་རིགས་རྩེད་མཚམས་འཇོག་དགོས་ལབ་བྱུང་ཟེར། ངས་མོ་ལ་རྩེད་ཆས་ལ་རོལ་བ་ནི་སྣང་བ་སྐྱིད་པོ་ཙམ་གྱི་ཆེད་ཡིན་པ་དང་བདེ་སྐྱིད་ངོ་མ་ནི་རྒྱུན་དུ་སེམས་བཟང་པོ་དང་སེམས་ཞི་བདེར་གནས་ནས་ཡོང་རྒྱུ་ཞིག་ཡིན་ཚུལ་འགྲེལ་བཤད་བརྒྱབ་པ་ཡིན།

མཆན། གློག་བརྙན་འཁྲབ་སྟོན་མ་ཁེད་རེའེ་ཁྲན་ནི་ཧོང་ཀོང་གི་ཆེད་ལས་གློག་བརྙན་འཁྲབ་སྟོན་ཁང་ (Hong Kong Repertory Theatre)གི་སྣེ་འཁྲིད་འཁྲབ་སྟོན་པ་ཞིག་དང་། འཁྲབ་གཞུང་རྩོམ་པ་པོ་ཞིག་ཡིན་འདུག་ལ། ཕྱི་ལོ་ ༡༩༩༨ ལོར་༧གོང་ས་མཆོག་གིས་སེམས་ཁམས་རིག་པ་བ་ Howard C. Cutler དང་ལྷན་དུ་བརྩམས་གནང་མཛད་པའི་ཕྱག་དེབ་གྲགས་ཅན་(The Art of Happiness )གྱིས་ཁོང་མོའི་མི་ཚེ་ལ་འགྱུར་ལྡོག་ཆེན་པོ་ཐེབས་ཡོད་འདུག

གཅན་ཟླ་འོད་ཀྱིས་རྒྱ་ནག་ལྷོ་ཕྱོགས་ཞོགས་པའི་ཚགས་པར་ལས་བཏུས་ཏེ་བསྒྱུར།

མ་རྩོམ་གྱི་འབྲེལ་ཐགhttps://www.scmp.com/magazines/post-magazine/short-reads/article/3146067/how-book-buddhist-approach-happiness-taught

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

ཆུ་ཚོད་ ༣ སྔོན་ལ།
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

ཆུ་ཚོད་ ༥ སྔོན་ལ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

ཆུ་ཚོད་ ༢༣ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

༢༠༢༦/༠༩/༢༢
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

༢༠༢༦/༠༩/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese