མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གཉིས་ལ་ཕྱི་ལོ་ ༢༠༢༡ ལོའི་ཡར་ལུང་སོ་ནམ་གཟེངས་བསྟོད་བྱ་དགའ་ཐོབ།

བོད་ཀྱི་དུས་བབ།
༢༠༢༡/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་འཚོ་རྟེན་དུ་གྱུར་བའི་ས་ཞིང་བདག་ཉར་དང་གཞོན་སྐྱེས་རྣམས་ལ་ཞིང་ལས་ཐོག་དོ་དབྱིངས་ཡོང་སླད་བོད་མི་ཞིང་པ་གཉིས་ལ་འདི་ལོའི་སོ་ནམ་གཟེངས་བསྟོད་བྱ་དགའ་ཐོབ།

Yarlung Sotang Best Farmer award 2021. Photo Source (Tibet.net)

དེ་རིང་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སོ་ནམ་དང་མཉམ་འབྲེལ་ཚན་པའི་འགན་འཛིན་དོན་འགྲུབ་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་སྐབས། ཕྱི་ལོ་ ༢༠༢༡ ལོའི་ཡར་ལུང་སོ་ནམ་གཟེངས་བསྟོད་ཀྱི་བྱ་འགའི་ཁྲོད། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༡༢ ནས་ཞིང་འབྲོག་གཉིས་ཀྱི་ལས་ལ་ཞུགས་བཞིན་པའི་བོད་མི་ ༢༤ ཡི་ཁོངས་ནས། མན་སྤར་ཕན་བདེ་གླིང་གཞིས་གཞིས་ཁོངས་བསྟན་འཛིན་འཕྲིན་ལས་ལགས་སུ་འདི་ལོ་སོ་ནམ་རྩེད་ཕུད་ཀྱི་གཟེངས་བསྟོད་དང་ཧིན་སྒོར་འབུམ་གཅིག་གི་བྱ་དགའ་ཐོབ་པ་དང་། སྦེལ་ཀོབ་བདེ་སྐྱིད་སླར་གསོའི་གཞིས་ཆགས་ཀྱི་གྲོང་མི་བློ་གྲོས་དགེ་ལེགས་སུ་ན་གཞོན་རྩེད་ཕུད་སོ་ནམ་པའི་གཟེངས་བསྟོད་དང་ཧིན་སྒོར་འབུམ་གཅིག་གི་བྱ་དགའ་ཐོབ་ཡོད་སྐོར་བརྗོད་བྱུང་།

དོན་འགྲུབ་ཚེ་རིང་ལགས་ཀྱིས་གསུངས་པ་ལྟར་ན། ཡར་ལུང་སོ་ནམ་གཟེངས་བསྟོད་བྱ་དགའ་སྤྲོད་པའི་དམིགས་ཡུལ་ནི། རང་རེའི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ཡང་དུས་ཀྱི་འགྱུར་འགྲོས་དང་བསྟུན། དེང་རབས་ཀྱི་ཕྱོགས་སུ་གོམ་པ་སྤོ་ཡི་ཡོད་པའི་གནས་སྟངས་འོག བཙན་བྱོལ་བོད་མིའི་གཞིས་ཆགགས་ཁག་གི་འཚོ་རྟེན་དུ་གྱུར་བའི་ས་ཞིང་བདག་ཉར་དང་གཞོན་སྐྱེས་རྣམས་སོ་ནམ་ཞིང་ལས་ཀྱི་སྤྲོ་སྣང་དང་འཚོ་ཐབས་སོགས་ལ་དོ་དབྱིངས་ཡོང་སླད་ཡིན་པ་རེད་ལ། ལས་གཞི་འདི་བཞིན་ཕྱི་ལོ་ ༢༠༡༩ ལོར་ནང་སྲིད་ལས་ཁུངས་ནས་དབུ་འཛུགས་ཞུས་ཡོད་འདུག

འདི་ལོའི་སོ་ནམ་གཟེངས་བསྟོད་བྱ་དགའི་ཁྲོད་ཀྱི་བོད་མི་བློ་གྲོས་དགེ་ལེགས་ལགས་ཀྱིས། ཆུང་དུས་ནས་ཞིང་ལས་ལ་ཞུགས་ཏེ། ས་ཞིང་ཁྱོན་ཨེ་ཀ་ ༦༢ ནང་ཚོང་ཁེ་ཆེ་བའི་སྟོན་འབྲས་འདེབས་ལས་དང་། སྒོ་ཕྱུགས་གསོ་སྐྱོང་གིས་ཐོན་འབབ་ཁག་ས་གནས་མཉམ་འབྲེལ་བརྒྱུད་ཕྱིར་ཚོང་གནང་གི་ཡོད་ཅིང་། ཞིང་ལས་འདེབས་འཛུགས་ཀྱི་ལས་དོན་ཡར་རྒྱས་སླད་དགོས་མཁོ་ཆེ་བའི་འཕྲུལ་ཆས་གསར་བསྐྲུན་གྱི་ལམ་ནས་གཞོན་སྐྱེས་ཚོར་མིག་དཔེ་བསྟན་དང་སྟོན་མུས་ཡིན་པ་རེད། དེ་བཞིན། བསྟན་འཛིན་འཕྲིན་ལས་ལགས་ཀྱིས་ས་ཞིང་ཁྱོན་ཨེ་ཀ་ ༡༣༨ ནང་ལོ་ཁོར་མོ་ཡུག་ལ་ཞིང་ཆུ་འདྲེན་གཏོང་གིས། སྟོན་འབྲས་སྣ་ཚོགས་འདེབས་ལས་དང་། སྒོ་ཕྱུགས་གྲངས་ ༡༡ གསོ་ཉར་གྱིས་ཡོང་འབབ་ཐོན་སྐྱེད་ཁག་ཕྱིར་ཚོང་དང་། ཞིང་ལས་ཀྱི་ལས་དོན་ལ་ཧུར་ཐག་གིས་ཡོང་འབབ་དག་གིས་ཁྱིམ་ཚང་གི་འཚོ་གནས་སྲ་བརྟན་དང་མི་གཞན་ལའང་མིག་དཔེ་སྟོན་གྱི་ཡོད་འདུག

སྤྱིར་སོ་ནམ་ཞིང་ལས་པའི་གཟེངས་བསྟོད་བྱ་དགའ་དེ་བཞིན་ལོ་རེའི་བོད་ཀྱི་མང་གཙོའི་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་སྟེང་ཕུལ་སྲོལ་ཡོད་ནའང་། འདི་ལོར་ཏོག་དབྱིབས་གཉན་རིམས་རྐྱེན་པས་གཞུང་འབྲེལ་མཛད་སྒོའི་སྟེང་ཕུལ་ཐུབ་མེད་པ་དང་། གཟེངས་བསྟོད་བྱ་དགའ་དེ་བཞིན་དབུས་ས་གཉིས་ཀྱི་འདེམས་སྒྲུག་ཚོགས་ཆུང་གིས་ཞིབ་འཇུག་གནང་བ་བརྒྱུད་ཕུལ་གྱི་ཡོད་པ་དང་། འདི་ལོར་བྱ་དགའ་ཐོབ་པའི་བོད་མི་གཉིས་ཕུད་པའི་གཞན་ཡང་ལས་གཞིའི་ནང་མཉམ་ཞུགས་གནང་མཁན་བོད་མི་གྲངས་ ༢༢ ལ་ཧིན་སྒོར་ཁྲི་གཅིག་རེའི་བྱ་དགའ་ཕུལ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༩ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༩ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༡༡ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༡༡ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese