མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྡི་ལིའི་གནད་ཡོད་མི་སྣར་མཇལ་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་རྒྱ་གར་དབུས་གཞུང་ནས་རྩིས་སྤྲོད་གཏན་འཁེལ་བའི་བོད་སློབ་ལྷག་མ་དྲུག་གི་གནས་སྟངས་ལ་རྟོག་ཞིབ་བྱས་ཏེ་རྒྱལ་ས་ལྡི་ལིར་འབྱོར་ཡོད་པ་རེད།

Sikyong Penpa Tsering of CTA pays a courtesy call on Honourable Minister of Law and Justice, Shri Kiren Rijiju. Photo (Tibet.netFB)

ཟླ་འདིའི་ཕྱི་ཚེས་ ༦ ནས་ ༡༤ བར་ཉིན་གྲངས་ ༨ རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སིམ་ལ་དང་། ཧར་སྤུར། མ་སུ་རི། རྡོར་གླིང་། ཀ་སྦུག་བཅས་ཀྱི་གཏན་སློབ་དང་། དེ་བཞིན་བོན་གཞིས་ཌོ་ལན་ཇི་དང་ལྡི་ལི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་མུས་ཡིན་པ་ལྟར། དེ་རིང་ཕྱི་ཚེས་ ༡༣ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཏེ། སྲིད་སྐྱོང་མཆོག་དང་ལྡི་ལི་དོན་གཅོད་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་གཉིས་ནས་རྒྱ་གར་དབུས་ཁྲིམས་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་ (Shri Kiren Rijiju Ji) མཆོག་དང་ཐུག་འཕྲད་གནང་ཡོད་པ་རེད།

ད་རེས་སྲིད་སྐྱོང་མཆོག་གི་ཉིན་གྲངས་ ༨ རིང་གི་མཛད་འཆར་གྱི་ཐོག་མར། ཕྱི་ཚེས་ ༦ དང་ ༧ བཅས་ཉིན་གཉིས་རིང་སིམ་ལ་ཁུལ་དུ་ཕྱོགས་ཕེབས་གནང་སྟེ། སིམ་ལ་སྦྱི་ཁྱབ་ཀྱི་ཁོངས་གཏོགས་ས་གནས་མང་ཚོགས་དང་དམིགས་བསལ་སིམ་ལ་གཏན་སློབ་ཀྱི་དགེ་ལས་ཡོངས་དང་ཐུག་འཕྲད་ཀྱིས། གཏན་སློབ་ཀྱི་གནས་སྟངས་རྒྱུས་ལོན་དང་འབྲེལ་བའི་གསུང་བཤད་གནང་ཡོད་ཅིང་། བོན་གཞིས་ཌོ་ལན་ཇིར་འཚམས་གཟིགས་སུ་ཕེབས་ཏེ། ཌོ་ལན་ཇི་སམ་བྷོ་ཊ་སློབ་གྲྭ་དང་དབུས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དང་དགོན་པའི་རིན་པོ་ཆེ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་སོགས་ལ་མཇལ་འཕྲད་ཀྱིས་གསུང་བཤད་གནང་ཡོད་ལ། བོན་གཞིས་ཌོ་ལན་ཇི་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་གཙོས་སམ་བྷོ་ཊའི་དགེ་ལས་སློབ་ཕྲུག་དང་མི་མང་ཡོངས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ཐེངས་དང་པོར་བོན་གཞིས་སུ་ཕེབས་པར་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།

ཕྱི་ཚེས་ ༨ ཉིན་སྲིད་སྐྱོང་མཆོག་གི་དབུས་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་རྣམ་གཉིས་ལྡེ་རུ་རྡུན་ཁུལ་དུ་ཕྱོགས་ཕེབས་ཀྱིས། རྒྱ་གར་དབུས་གཞུང་ནས་རྩིས་སྤྲོད་གནང་གཏན་འཁེལ་བའི་ཧར་སྤུར་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་ཡོངས་དང་ཐུག་འཕྲད་ཀྱིས། རྒྱ་གར་དབུས་གཞུང་ནས་ཧར་སྤུར་གཏན་སློབ་དེ་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་རྩིས་གནང་གཏན་འཁེལ་ཡོད་པའི་སྐོར་ནས་གསུང་བཤད་གནང་ཡོད་ལ། སྐབས་དེར་སྲིད་སྐྱོང་མཆོག་གིས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དྲུག་སྟེ། ཌལ་ཧོར་གཏན་སློབ་དང་། སིམ་ལ་གཏན་སློབ། ཧར་སྤུར་གཏན་སློབ། མ་སུ་རི་གཏན་སློབ། རྡོར་གླིང་གཏན་སློབ། ཀ་སྦུག་གཏན་སློབ་རྣམས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་དང་འབྲེལ་བའི་སྐོར་ལྡི་ལིར་དབུས་བོད་སློབ་འཛིན་ཚོགས་ཀྱི་གནད་ཡོད་མི་སྣ་དང་། དེ་བཞིན་རྒྱ་གར་དབུས་གཞུང་གི་ཤེས་རིག་ཟུང་དྲུང་སོགས་དང་མཇལ་འཕྲད་གནང་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།

གཞན་ཡང་ཕྱི་ཚེས་ ༨ ཉིན་སྲིད་སྐྱོང་མཆོག་མ་སུ་རི་བོད་ཁྱིམ་དང་ཕྱི་ཚེས་ ༩ ཉིན་སྔ་དྲོར་མ་སུ་རི་གཏན་སློབ་ཏུ་འཚམས་གཟིགས་གནང་སྟེ་གཏན་སློབ་ཀྱི་སློབ་སྤྱི་དང་རེག་ཊར་གྱིས་གཙོས་དགེ་ལས་ཡོངས་ལ་གསུང་བཤད་གནང་ཡོད་པ་དང་། ཕྱི་ཚེས་ ༡༠ དང་ ༡༡ བཅས་ཉིན་གཉིས་རིང་ཀ་སྦུག་དང་རྡོར་གླིང་དུ་ཕེབས་འབྱོར་གྱིས། ས་ཁུལ་གྱི་གཏན་སློབ་གཉིས་ཀྱི་གནས་སྟངས་རྒྱུས་དང་སྦྲགས། འབྲེལ་ཡོད་དགེ་ལས་ཚོར་ཐུག་འཕྲད་དང་གསུང་བཤད་གནང་ཡོད་པ་རེད།

ད་རེས་སྲིད་སྐྱོང་མཆོག་གི་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་དགོས་འདུན་གཙོ་བོ་ནི་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁོངས་ལྷག་སློབ་གྲྭ་དྲུག་བོད་མིའི་སྒྲིག་འཛུགས་ཀྱི་སམ་བྷོ་ཊ་བོད་སློབ་འཛིན་ཚོགས་ལ་རྩིས་སྤྲོད་གནང་གཏན་འཁེལ་བར། སློབ་གྲྭ་དེ་དག་གི་དགེ་ལས་སློབ་ཕྲུག་སོགས་རྒྱབ་ལྗོངས་ཀྱི་གནས་སྟངས་ཡོངས་ལ་རྟོག་ཞིབ་གནང་སླད་ཡིན་པ་ལྟར། དེ་རིང་སྲིད་སྐྱོང་མཆོག་རྒྱལ་ས་ལྡི་ལིར་འབྱོར་ཏེ། དེ་སྔ་ནས་བོད་སློབ་རྩིས་སྤྲོད་དང་འབྲེལ་བའི་རྒྱལ་ས་ལྡི་ལིའི་གནད་ཡོད་མི་སྣ་ཁག་དང་ཐུག་འཕྲད་རྒྱུ་ཡིན་གསུངས་པ་ལྟར་དངོས་སུ་ཐུག་འཕྲད་དབུ་འཛུགས་ཞུས་ཡོད་འདུག

 གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༨ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༢༢ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 1

  1. འབྲོང་བུ་སོག་ཚ། says:
    ལོ་ 5 སྔོན།

    དུས་བབ་སྟེང་མཆན་བཀོད་ཡ་དེ་ཧ་ཅང་གི་ལས་སླ་པོ་ཞིག་མ་རེད། ཁོ་རང་ཚོའི་འདོད་པ་ནང་བཞིན་ཞིག་མ་བྱུང་བར། དེ་རིང་ངའི་མཆན་དེ་རེ་བ་དེ་ཙམ་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese