མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡུང་རྡེག་མནར་གཅོད་འོག་རྫ་དབོན་པོའི་བུད་མེད་ཅིག་ལ་ནད་གཞི་ལྕི་མོ་ཕོག་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མུ་མཐུད་དུ་རྫ་སྨད་དབོན་པོ་ཁུལ་དུ་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་པ་མ་ཟད་ཁུལ་དེའི་བོད་མི་ཚོ་སྐད་འཕྲིན་ཚོགས་པ་ཁག་ནས་ཕྱིར་འབུད་དགོས་པའི་བཙན་བཀའ་བཏང་ཡོད་འདུག

Dza Wonpo. Photo:Tibet Time’s Source(Tibet)

དེ་རིང་འདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་ ༡༤ ཉིན་རྒྱ་ནག་གཞུང་གིས་རྫ་སྨད་དབོན་པོ་ཁུལ་གྱི་བོད་མི་ཚོ་ཕ་སྐད་ཚོགས་པ་དང་། མཎི་དུང་སྒྲུབ་ཚོགས་པ་སོགས་སྐད་འཕྲིན་ཚོགས་པ་ཁག་གི་ནང་དུ་མཉམ་ཞུགས་བྱ་མི་ཆོག་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། རྗེས་མ་སྲིད་གཞུང་གིས་ཞིབ་འཇུག་བྱེད་དུས་སྐད་འཕྲིན་ཚོགས་པའི་ཁོངས་སུ་ཁུལ་དེའི་བོད་མི་ཡོད་ཚེ་འཛིན་བཟུང་བཀག་ཉར་བྱ་རྒྱུ་དང་ཁ་པར་སོགས་བཙན་འཕྲོག་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

 ཡང་གནས་ཚུལ་མཁོ་སྤྲོད་པས། ཉེ་སྔོན་རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་པ་དང་། ཕྱི་རྒྱལ་དུ་ཡོད་པའི་བོད་མི་རྣམས་ལ་འབྲེལ་འདྲིས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་བོད་རིགས་བུད་མེད་སྐལ་སྒྲོན་ཞེས་པ་ལ་བཀག་ཉར་ཁང་དུ་ནད་གཞི་ལྕི་མོ་ཞིག་ཕོག་སྟེ་སེར་ཤུལ་རྫོང་གི་སྨན་ཁང་དུ་བསྟེན་གཏུགས་བྱས་ནས་དྲག་སྐྱེད་བྱུང་མེད་ཀྱང་། སྨན་ཁང་གཞན་དུ་བསྟེན་གཏུགས་བྱ་རྒྱུའི་ཆོག་མཆན་སྤྲད་མེད་འདུག དེ་བཞིན་རྫ་སྨད་དབོན་པོ་ནས་སྔ་གཞུག་ཏུ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རྣམས་ལ་ཉིན་ལྟར་འདྲི་རྩད་ཚ་ནན་བྱས་པ་དང་ཆབ་སྲིད་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། ཉིན་རེའི་ཟ་མ་དང་གྱོན་ཆས་སོགས་ཡག་པོ་མ་སྤྲད་པར་མནར་གཅོད་གཏོང་བཞིན་ཡོད་སྐོར་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༥ ནས་ ༢༩ བར་དུ། རྒྱ་ནག་གཞུང་གིས་རྫ་དབོན་པོ་སྡེ་བའི་ཁྱིམ་ཚང་རེ་རེ་དང་མི་སྒེར་གྱི་ཁ་པར་སོགས་ཀྱི་ནང་སྔོག་བཤེར་ནན་པོ་བྱས་པ་བརྒྱུད། ༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཉར་ཚགས་བྱས་པ་དང་། ཕྱི་ལོག་གི་བོད་མི་རྣམས་ལ་འབྲེལ་འདྲིས་བྱས་པའི་ཉེས་མིང་འོག བསྐྱར་དུ་བོད་མི་ ༥༣ ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཕྱི་ཟླ ༨ ཚེས་ ༢༢ ནས་བཟུང་སྔ་གཞུག་ཏུ་ཉེས་མིང་དེའི་འོག རྫ་སྨད་དབོན་པོ་སྡེ་དགོན་གཉིས་ནས་དགེ་འདུན་པ་ ༡༩ དང་བུད་མེད་བཞི་ཚུད་པའི་མི་སྐྱ་ ༤༠ མ་ཟིན་ཞིག་བཅས་སེར་སྐྱ་ ༦༠ ཡས་མས་ཤིག་སེར་ཤུལ་རྫོང་དུ་བཙན་འཁྲིད་བྱས་ཡོད་པ་ལྟར། དེ་རིང་བར་དུ་རྫ་སྨད་དབོན་པོ་སྡེ་དགོན་གཉིས་ནས་ཁྱོན་སྐྱ་སེར་གྲངས་ ༡༢༡ ཙམ་ཞིག་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག་ལ། རྒྱ་ནག་གཞུང་གིས་མུ་མཐུད་དུ་རྫ་དབོན་པོ་དགོན་སྡེ་གཉིས་སུ་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་འདུག

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

ཆུ་ཚོད་ ༩ སྔོན་ལ།
THE MONK AND THE GUN (དྲ་རྒྱའི་པར།)
Featured Blogger

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

ཆུ་ཚོད་ ༡༣ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese