མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་ཚབ་པ་དབྱིན་ཡུལ་གྲོས་ཚོགས་གོང་འོག་ནང་འཛུལ་མི་ཆོག་པའི་ཐག་གཅོད་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཡུལ་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཙོ་རྣམ་པ་གཉིས་ཀྱིས་དབུས་པའི་གྲོས་ཚོགས་འཐུས་མི་མང་པོས་རྒྱ་ནག་གཞུང་ནས་དཔལ་འབྱོར་ཉེས་ཆད་ཕྱིར་འཐེན་མ་བྱས་བར་དུ་དབྱིན་ཡུལ་གྱི་རྒྱ་ནག་གཞུང་ཚབ་པ་གྲོས་ཚོགས་ཁང་དུ་འཛུལ་མི་ཆོག་པའི་ཐག་གཅོད་གནང་འདུག

China’s ambassador to Britain Zheng Zeguang was barred from the country’s parliament in Westminster over Chinese sanctions on British lawmakers. Photo: AP

དེ་རིང་ཕྱི་ཚེས་ ༡༥ ཉིན། དབྱིན་ཡུལ་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་(All Party Group on China) ཀྱིས་གྲོས་ཚོགས་ཁང་གི་ཐོག་ཁང་དུ་གོ་སྒྲིག་བྱ་གཏན་འཁེལ་བའི་དབྱར་དུས་ཀྱི་འདུ་འཛོམས་སྟེང་། དབྱིན་ཡུལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཀྲིན་ཙེ་ཀང་ (Zheng Zeguang) ཟེར་བ་དེ་གཏམ་བཤད་བྱ་བར་མགྲོན་འབོད་གནང་ཡོད་པར་བརྟེན། དབྱིན་ཡུལ་གྱི་གྲོས་ཚོགས་གོང་འོག་གི་ཚོགས་གཙོ་གཉིས་ཀྱིས་གཙོས་གྲོས་ཚོགས་འཐུས་མི་མང་པོས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མིའི་ཐོག་བཀལ་བའི་དཔལ་འབྱོར་ཉེས་ཆད་དག་ཕྱིར་འཐེན་མ་བྱས་བར་དུ། རྒྱ་ནག་གི་གཞུང་ཚབ་པ་གྲོས་ཚོགས་ཁང་ནང་འཛུལ་མི་ཆོག་པ་དང་། ད་ལན་གྱི་འདུ་འཛོམས་དེ་གྲོས་ཚོགས་ཀྱི་འཁོར་ཡུག་ནང་འཚོག་མི་ཆོག་པའི་བཀའ་བཏང་ཡོད་འདུག

དབྱིན་ཡུལ་གྱི་གསར་ཁང་གྲགས་ཅན་ཊེ་ལེ་གྷ་རབ་ (The Telegraph) ཀྱིས་དེ་འབྲེལ་གནས་ཚུལ་ཐོག་མར་སྤེལ་བའི་ནང་། དབྱིན་ཡུལ་གྱི་སྲིད་དོན་ཚོགས་པ་ཁྱད་མེད་ཀྱི་གྲོས་ཚོགས་འཐུས་མིས་རྒྱ་ནག་ལས་དོན་ཚོགས་ཆུང་གི་མགྲོན་འབོད་དེར་གྲོས་ཚོགས་འཐུས་མི་མི་ཉུང་བས་དགག་བྱ་ཤུགས་ཆེན་བྱས་པ་མ་ཟད། གྲོས་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ལ་ལས་རིམ་དེ་ཉིད་ཕྱིར་འཐེན་དགོས་པའི་རེ་སྐུལ་འཕྲིན་ཡིག་བསྐུར་ཡོད་པ་ལྟར། མཐའ་མཇུག་དེར་གྲོས་ཚོགས་གོང་འོག་གི་ཚོགས་གཙོ་རྣམ་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་རྒྱ་ནག་གི་གཞུང་ཚབ་པ་གྲོས་ཚོགས་ཁང་ནང་ཡོང་རྒྱུར་བཀག་སྡོམ་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་ཅིང་། གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ལིན་ཛི་ཧོ་ཡལ་ (Lindsay Hoyle)ལགས་ཀྱིས་ཊེ་ལེ་གྷ་རབ་གསར་ཁང་ལ། ངས་དུས་རྒྱུན་འཛམ་གླིང་ས་ཕྱོགས་འདྲ་མིན་གྱི་གཞུང་ཚབ་དང་ཚོགས་འདུ་ཚོགས་ཏེ་རྒྱལ་ཁབ་དང་གྲོས་ཚོགས་ཕན་ཚུན་དབར་གྱི་ཕུགས་རྒྱང་རིང་པོའི་འབྲེལ་བ་འཛུགས་ཐབས་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གིས་ང་ཚོའི་གྲོས་ཚོགས་འཐུས་མི་སྐོར་ཞིག་ལ་དཔལ་འབྱོར་ཉེས་ཆད་བཀལ་ཡོད་པའི་སྐབས་འདིར། ངས་རྒྱ་ནག་གི་གཞུང་ཚབ་ང་ཚོའི་གྲོས་ཚོགས་ཁང་དང་ང་ཚོའི་བྱ་བ་སྒྲུབ་སར་སླེབས་རྒྱུ་དེ་རན་འཚམ་ཞིག་ལ་མཐོང་གི་མི་འདུག ཅེས་དང་། གལ་ཏེ་རྒྱ་ནག་གཞུང་གིས་དཔལ་འབྱོར་ཉེས་ཆད་དེ་དག་རྩིས་མེད་བཏང་ཟིན་ན། རྒྱ་ནག་གཞུང་ཚབ་པ་གྲོས་ཚོགས་ཁང་ནང་སླེབས་རྒྱུར་དཀའ་ངལ་གང་ཡང་མེད། ངས་འདུ་འཛོམས་དེ་མི་ཆོག་ཟེར་གྱི་མེད། རྒྱ་ནག་གི་དཔལ་འབྱོར་ཉེས་ཆད་དེ་དག་ཕྱིར་འཐེན་མ་བྱེད་བར་དུ་འདུ་འཛོམས་དེ་གྲོས་ཚོགས་ཁང་ནང་འཚོག་མི་ཆོག་ཟེར་གྱི་ཡོད། ཅེས་བརྗོད་ཡོད་འདུག

Sir Lindsay Hoyle asked China to reconsider the sanctions against MPs and peers. Photo: PA MEDIA

གྲོས་ཚོགས་གོང་མའི་མགྲིན་ཚབ་པ་ཞིག་གིས། གྲོས་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ཀྱིས་འདུ་འཛོམས་དེ་གྲོས་ཚོགས་ནང་འཚོག་མི་ཆོག་པའི་ཐག་གཅོད་གནང་ཡོད་སྐོར་གསལ་བཤད་བྱས་ཡོད་འདུག་ལ། དབྱིན་ཡུལ་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་ད་ཐེངས་ཀྱི་གནད་དོན་དེར་ཐག་གཅོད་ཅི་བྱེད་ཀྱི་དབང་ཚད་དེ་གྲོས་ཚོགས་ལ་ཡོད་པའི་གསལ་བཤད་བྱས་རྗེས་ཚོགས་གཙོ་རྣམ་གཉིས་ཀྱིས་ཐག་གཅོད་གནང་བ་ཞིག་ཡིན་འདུག ཚོགས་གཙོ་རྣམ་གཉིས་ཀྱི་ཐག་གཅོད་དེར་རྒྱ་ནག་གཞུང་ཚབ་ཁང་གིས། དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་རེ་ཟུང་གིས་སྒེར་གྱི་ཆབ་སྲིད་ཁེ་ཕན་ཆེད་དུ། རྒྱ་ནག་དང་དབྱིན་ཡུལ་དབར་གྱི་རྒྱུན་ལྡན་གྱི་འབྲེལ་ལམ་ལ་འགོག་རྐྱེན་བཟོ་བའི་སྡར་མའི་བྱ་སྤྱོད་ནོར་འཁྲུལ་ཅན་དེ་ནི། ཡུལ་གཉིས་ཀྱི་མི་མང་འདོད་པ་དང་འགལ་ཞིང་མང་ཚོགས་ཀྱི་ཁེ་ཕན་ལ་གནོན་གཞིར་གྱུར་ཡོད། ཅེས་བརྗོད་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༢ ནང་དབྱིན་ཡུལ་དང་། ཨ་རི། ཁེ་ན་ཌ། ཡུ་རོབ་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་ནས། རྒྱ་ནག་གཞུང་གིས་ཤར་ཊུར་ཀི་སི་ཐན་ (ཤིན་ཅང་) ཁུལ་གྱི་ཡུ་གུར་གཙོས་པའི་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་ངོས་འཛིན་འོག ཤར་ཊུར་ཀི་སི་ཐན་གྱི་ཆེས་མཐོའི་མགོ་འཁྲིད་བཞི་དང་ལས་ཁུངས་ཤིག་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་ཅིང་། ཉིན་ཤས་རྗེས་རྒྱ་ནག་གཞུང་གིས་དེར་ཡ་ལན་གྱི་ཚུལ་དུ་ནུབ་གླིང་གི་རྒྱལ་ཁབ་བཞིའི་གྲོས་ཚོགས་འཐུས་མི་དང་ཤེས་ཡོན་པ།  ཞིབ་འཇུག་པ། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ཅིག་ལ་དེར་མཚུངས་ཀྱི་དཔལ་འབྱོར་ཉེས་ཆད་བཅད་ཡོད་པ་རེད།

Iain Duncan Smith, Nusrat Ghani and Tom Tugendhat have been banned from entering China. Photo: GETTY IMAGES

རྒྱ་ནག་གཞུང་གིས་དབྱིན་ཡུལ་གྱི་གྲོས་ཚོགས་གོང་འོག་གི་འཐུས་མི་དང་ཤེས་ཡོན་པ་བཅས་མི་སྒེར་ ༩ ལ་དཔལ་འབྱོར་ཉེས་ཆད་བཅད་པ་ལྟར། ཁོང་རྣམས་རྒྱ་ནག་དང་། ཧོང་ཀོང་། ཨོ་མན་(Macau) བཅས་ནང་འཛུལ་ཆོག་གི་མེད་ཅིང་། ས་ཁུལ་དེ་དག་ནང་ཡོད་པའི་སྒེར་གྱི་མཁར་དབང་རྣམས་གཞུང་བཞེས་བྱས་ཡོད་པ་རེད། རྒྱ་ནག་གཞུང་གི་ཉེས་ཆད་ཕོག་པའི་མི་སྒེར་རྣམས་ནི། རྒྱ་ནག་ལ་ཁ་གཏད་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ (Inter-Parliamentray (Alliance of China) ཚོགས་མི་ཡིན་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨི་ཡན་ཌན་ཁེན་སི་མི་ཐི་ (Iain Duncan Smith) དང་། ལྕམ་ན་སི་རཌ་གྷ་ནི་ (Nusrat Ghani)། སྐུ་ཞབས་ཊིམ་ལའོ་ཊན་ (Tim Loughton)། སྐུ་ལྕམ་བྷ་རོ་ནེ་སི་ཁེ་ནི་ཌི་ (Baroness Kennedy)། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌེ་ཝིཌ་ཨལ་ཊོན་ (David Alton) བཅས་དང་། རྒྱ་ནག་ཞིབ་འཇུག་ཚོགས་པ་ (China Research Group) ཞེས་པ་གསར་འཛུགས་དང་སྣེ་ཁྲིད་གནང་མཁན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཊོམ་ཊུ་གྷན་ཌ་ཏི་ (Tom Tugendhat) དང་སྐུ་ཞབས་ནིལ་ཨོ་བྷེ་རན་ (Neil O’Brien) རྣམ་གཉིས་བཅས་དང་། དེ་བཞིན་ཡུ་གུར་མང་ཚོགས་རྣམས་ཀྱི་གནས་སྟངས་ལ་ཞིབ་འཇུག་བྱེད་པའི་ཚོགས་པ་ Uighur Tribunal གྱི་ཚོགས་གཙོ་ཁྲིམས་རྩོད་པ་ཇོ་ཧྥེ་རི་ནའེ་སི་ (Geoffrey Nice QC) དང་། ཡུ་གུར་སྐོར་ལ་ཞིབ་འཇུག་བྱེད་མཁན་སྐུ་ཞབས་ཇོ་སི་མི་ཐི་ཧྥིན་ལེ་ (Jo Smith Finley) བཅས་ཡོད་པ་རེད།

Iain Duncan Smith, Nusrat Ghani and Tom Tugendhat have been banned from entering China. Photo: GETTY IMAGES

བདུན་ཕྲག་སྔོན་མར་རྒྱ་ནག་གི་ཉེས་ཆད་ཕོག་པའི་གྲོས་ཚོགས་འོག་མའི་འཐུས་མི་ལྔ་ཐུན་མོང་གིས་གྲོས་ཚོགས་ཀྱི་ཚོགས་གཙོ་ལ་རྒྱ་ནག་གི་གཞུང་ཚབ་གྲོས་ཚོགས་ཁང་ནང་ཡོང་རྒྱུར་བློ་འཚབ་ཡོད་པའི་རེ་སྐུལ་འཕྲིན་ཡིག་ཅིག་བསྐུར་བའི་ནང་། རྒྱ་ནག་གཞུང་གིས་བཀལ་བའི་ཉེས་ཆད་དེ་ནི་འཐུས་མི་སྒེར་ལ་བཀལ་བ་ཞིག་མིན་པར། དབྱིན་ཡུལ་གྱི་གྲོས་ཚོགས་དང་། གྲོས་ཚོགས་འཐུས་མི་ཐམས་ཅད། གྲོས་ཚོགས་ཀྱི་ཆེ་མཐོང་བཅས་པར་བཀལ་བ་ཞིག་ཡིན་སྐོར་དང་། ད་ལན་གྱི་རྒྱ་ནག་གི་གཞུང་ཚབ་པ་གྲོས་ཚོགས་ཁང་དུ་གདན་དྲངས་ཏེ་རྒྱ་ནག་གི་ཉེས་ཆད་དེ་དག་ཡིན་ལུགས་ཚུལ་མཐུན་ཡིན་པ་ར་སྤྲོད་བྱ་རྒྱུ་མེད་པ་དང་། རྒྱ་ནག་གིས་གྲོས་ཚོགས་འཐུས་མི་རྣམས་ཀྱི་རང་དབང་ལ་ཚད་བཀག་བཟོ་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གི་འཐུས་ཚབ་དེ་རང་དབང་གི་ཐོག་ནས་གྲོས་ཚོགས་ཁང་ནང་སླེབས་ཏེ། གྲོས་ཚོགས་ཀྱི་མཐུན་རྐྱེན་དག་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཀྱི་ལག་ཆར་བཀོལ་དུ་འཇུག་རྒྱུ་དེ་ནི་བསམ་མི་ཕོད་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སི་ཇོན་སོན་མཆོག་གིས་ཀྱང་། བརྙས་བཅོས་རིགས་ལ་ཁ་གཏད་ཀྱི་སྐྱོན་བརྗོད་བྱེད་པ་ནི་གཞི་རྩའི་སྨྲ་བརྗོད་རང་དབང་ཡིན་པས། ངོས་ཀྱིས་དེར་ནམ་ཡང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞེས་བརྗོད་འདུག་ལ། གྲོས་ཚོགས་འཐུས་མི་སྐུ་ཞབས་ཨི་ལན་ལགས་ཀྱིས་ཚོགས་གཙོ་རྣམས་གཉིས་ཀྱི་ཐག་གཅོད་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འདུ་འཛོམས་དེ་ཉིད་ཐོག་མ་ཉིད་ནས་འཛམ་གླིང་གི་གྲོས་ཚོགས་ཀྱི་ཕྱིས་མོར་གྲགས་པའི་དབྱིན་ཡུལ་གྱི་གྲོས་ཚོགས་ཁང་ནང་འཚོག་རྒྱུའི་འཆར་གཞི་འཐེན་མི་ཉན་སྐོར་དང་། ཡང་དུས་རྒྱུན་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་སྐུ་ཞབས་ཊིམ་ལའོ་ཊན་ལགས་ཀྱིས་རང་གི་ཊི་ཝི་ཊར་དྲ་ལམ་སྟེང་། གལ་ཏེ་མི་རིགས་རྩ་མེད་གཏོང་མཁན་གྱི་རྒྱ་ནང་གཞུང་གིས་དམངས་གཙོའི་རྒྱལ་ཁབ་ཅིག་གི་གྲོས་ཚོགས་འཐུས་མི་རྣམས་ཀྱི་སྨྲ་བརྗོད་རང་དབང་འགོག་ཐུབ་ཀྱི་ཡོད་སྙམ་པ་ཡིན་ན་དེར་མཇུག་འབྲས་ཡོད་ངེས་རེད། ད་ལྟ་བུར་མཚོན་ན་མཇུག་འབྲས་ནི་རྒྱ་ནག་གཞུང་ལ་འཛམ་གླིང་གི་གྲོས་ཚོགས་ཀྱི་ཨ་མར་འབོད་པའི་དབྱིན་ཇིའི་གྲོས་ཚོགས་ནང་སྡིངས་ཆ་མི་སྤྲོད་རྒྱུ་དེ་རེད། ཅེས་གསུངས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༣ པའི་ནང་དབྱིན་ཇིའི་གཞུང་གིས་ཨ་རི་སོགས་དང་མཉམ་འབྲེལ་བྱས་ཏེ་རྒྱ་ནག་ལ་དཔལ་འབྱོར་གྱི་ཉེས་ཆད་བཀལ་བ་དེ་ནི། ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་གཞུང་གིས་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་དམངས་གཙོ་དོན་གཉེར་བའི་གཞོན་སྐྱེས་སྟོང་ཕྲག་མང་པོ་གམར་གསོད་བཏང་བའི་དོན་རྐྱེན་དེར་ཡལ་ན་གྱི་ཚུལ་དུ། དབྱིན་གཞུང་གིས་རྒྱ་ནག་ཐོག་དཔལ་འབྱོར་ཉེས་ཆད་བཀལ་བའི་རྗེས་ཀྱི་ཐོག་མ་དེ་ཆགས་ཀྱི་ཡོད་ཅིང་། འདས་པའི་ལོ་ཤས་ནང་དབྱིན་ཡུལ་དང་། ཡུ་རོབ་མཐུན་ཚོགས། ཁེ་ན་ཌ། ཨ་རི་བཅས་ནུབ་གླིང་རྒྱལ་ཁབ་དང་། ཨོ་གླིང་གིས་མཚོན་པའི་འཛམ་གླིང་དམངས་གཙོའི་སྟོབས་ཆེན་རྒྱལ་ཁབ་ཁྲོད་དུ། དངུལ་ཤུགས་གཉིས་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་མི་འདོད་པའི་རྣམ་པ་ཤུགས་ཆེར་ཐོན་བཞིན་པ་ལྟར། འདི་ལོར་རྒྱ་ནག་གི་མགོ་འཁྲིད་ཚོར་དཔལ་འབྱོར་ཉེས་ཆད་བཅད་པའི་ཐོག ད་དུང་དབྱིན་ཡུལ་དང་། ཨ་རི། ཁེ་ན་ཌ། ནེ་ཐར་ལེན་ཌི (Netherlands)། ལི་ཐུ་ནི་ཡ (Lithuania) བཅས་ཀྱི་གྲོས་ཚོགས་ཀྱིས་རྒྱ་ནག་གིས་ཤར་ཊུར་ཀི་སི་ཐན་ཁུལ་དུ་མི་རིགས་རྩ་མེད་ཀྱི་སྲིད་ཇུས་སྤེལ་བཞིན་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༢ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༦ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese