མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་གཏམ་དམར་པོ།

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

དགེ་བཤེས་བློ་བཟང་དཔལ་ལྡན། ཨོ་གླིང་།

རི་རབ་ལྷུན་པོ་རླུང་གིས་སྤུར་མི་སྲིད།།
རྒྱ་མཚོ་ཆེན་པོ་མེ་ཡིས་ཚིག་མི་སྲིད།།
ཆོལ་གསུམ་བོད་མིའི་དམ་ཚིག་འཐོར་མི་སྲིད།།
བདེན་དོན་རྩོད་པའི་དཔུང་སྡེ་འཐོར་མི་སྲིད།།
ཅེས་རང་སེམས་གསོ་བའི་ཚིགས་སུ་བཅད་པ་གཅིག་གིས་མདུན་བསུས་ཏེ། འདིར་རང་གི་སྙིང་གཏམ་མདོར་བསྡུས་ཤིག་བཤད་པར་འདོད་དེ། དེ་ཡང་སྤྱི་ལོ་དུས་རབས་སྔོན་མའི་དུས་དཀྱིལ་ཙམ་ནས་རང་ས་ཡོངས་རྫོགས་དགྲ་ལག་ཏུ་ཤོར་ཞིང་། མི་རིགས་དང་རྒྱལ་ཁབ་ཀྱི་བདག་དབང་གཏན་དུ་ཡལ་ཏེ། གཞན་ཡུལ་མི་གྱར་ཐབས་མེད་ཀྱི་གནས་སྟངས་འདི་བྱུང་བ་ཡིན་ལ། འདས་པའི་ལོ་ངོ་ཇི་སྙེད་ཀྱི་རིང་ལ་གཞན་གྱི་གཉའ་གནོན་དང་མཐོང་ཆུང་། ཟུར་འབུད། སྡིག་སྨོད་སོགས་དཀའ་ངལ་གྲངས་ལས་འདས་པར་གདོང་གཏད་དེ། ས་ཆ་གཡར་མའི་སྟེང་དུ་མི་རིགས་ཀྱི་བདག་དབང་སླར་གསོ་ལ་དམིགས་པའི་སྐྱབས་བཅོལ་སྲིད་གཞུང་དང་། སློབ་གྲྭ། ཆོས་སྡེ་སོགས་ཕུགས་རྒྱང་རིང་པོར་དམིགས་པའི་བྱ་བ་རླབས་ཆེན་པོ་བསྒྲུབས་དང་སྒྲུབ་བཞིན་ཡོད་ལ། ལྟོས་འཇོག་གིས་བཤད་ན་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་ཡོད།  སྐྱབས་བཅོལ་གྱི་ལོ་རྒྱུས་ནང་ལས་དོན་རླབས་ཆེ་བ་ཧ་ཅང་མང་པོ་སྒྲུབ་པའི་ཁྲོད། ཆབ་སྲིད་དང་ཐད་ཀར་འབྲེལ་ཞིང་། མ་འོངས་པར་དམིགས་པའི་ལས་དོན་རླབས་པོ་གཅིག་ནི། དམངས་གཙོའི་ལམ་ལུགས་གསར་འཛུགས་གནང་བ་འདི་ཡིན། བོད་མི་སྐྱབས་བཅོལ་བས་རང་གི་དབུ་ཁྲིད་འོས་བསྡུས་ལམ་ནས་བསྐོ་བཞིན་པའི་གསར་འགྱུར་ཙམ་གྱིས་ཀྱང་རྒྱ་ནག་ལ་ཟུར་ཟ་ཆེན་པོ་ཞིག་ཐེབས་ཀྱི་ཡོད་ལ། སྐབས་རེ་རེ་བཞིན་བོད་མིའི་འོས་བསྡུ་ཆེན་མོ་ནི་འཛམ་གླིང་དམངས་གཙོའི་གསར་འགྱུར་ནང་གོ་བབས་ངེས་ཅན་ཞིག་ཡོད།ལྷག་པར་དུ། ད་ལྟ་འཛམ་བུ་གླིང་དུ་དམངས་གཙོའི་ལམ་ལུགས་དང་། སྲིད་དབང་སྒེར་སྡོམ་གཉིས་ཀྱི་འགལ་བ་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་གནས་སྟངས་ལ་དཔག་ན་ཡང་། ང་ཚོའི་རང་རེའི་དམངས་གཙོའི་ལམ་ལུགས་ཡང་དག་པར་སྐྱོང་བ་དང་། སྐྱབས་བཅོལ་བའི་སྒྲིག་འཛུགས་ཀྱི་ནུས་པ་སྲ་བརྟན་དུ་འཛིན་དགོས་པ་ནི། གཡོལ་ཐབས་མེད་པའི་ལས་འགན་ཆེ་ཤོས་དེ་ཡིན།

བཙན་བྱོལ་དུ་ཡོད་པའི་བསམ་ཡོད་ཆོལ་གསུམ་བོད་མི་རྣམས་ཀྱིས་ཀྱང་མགོ་རུལ་བ་སྣ་ཡིས་མ་ཚོར་བའི་བརྟུལ་ཞུགས་མི་འཛིན་པར་༧ གོང་ས་ཡིད་བཞིན་ནོར་བུ་མཆོག་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ་གཙོས་ཐབས་ཤེས་དང་ལྷག་བསམ་གྱིས་ཕྱུག་པའི་རྒན་རབས་བྱས་པ་ཅན་རྣམས་ཀྱི་བཀའ་སློབ་ལམ་སྟོན་ལ་ཤར་སྐྱོད་དང་། བཅའ་ཁྲིམས་ཀྱི་ཚིག་རིས་བཞིན་ལག་ལེན་དུ་བསྟར་ན། བཅའ་ཁྲིམས་ལ་གསལ་ཁ་མེད་པའི་དཀའ་ངལ་ཆེར་མི་འདུག་པས་རང་འདོད་ཕྱོགས་སློང་གི་དབང་གིས་གཡག་ཞར་གྱིས་རྩ་ཟོས་པ་བཞིན། རང་གི་འདོད་ཕྱོགས་དང་མཐུན་པའི་བཅའ་ཁྲིམས་ཀྱི་ཚིག་ཁ་ཤས་མ་གཏོགས་གཞན་སྣང་མེད་ཟུར་འཇོག་བྱས་ཏེ། བཅའ་ཁྲིམས་རིན་པོ་ཆེ་བསམ་བཞིན་བེད་སྤྱོད་ལོག་པར་བཏང་བའི་འཇུག་འབྲས་ལ་གནས་བབ་འདི་བྱུང་བ་རེད།

གལ་ཏེ། ལོ་སྔ་ཕྱི་འདི་གཉིས་ནང་གི་གནས་སྟངས་འདི་འདྲ་མུ་མཐུད་དེ། དམངས་གཙོའི་ལམ་ལུགས་དེ་ཕྱོགས་ཁག་དབར་གྱི་འཐབ་རྩོད་ཀྱི་ངོ་བོར་བསྒྱུར་བ་དང་། དེ་ཡང་། བསམ་ཤེས་གཏན་ནས་མེད་པའི་བླུན་རྨོངས་ཀྱི་འགལ་བར་གྱུར་ཏེ། ༧གོང་ས་ཐམས་ཅད་མཁྱེན་པས་སྐུ་ངལ་དཔག་མེད་ཀྱིས་བཙུགས་པའི་སྒྲིག་འཛུགས་དང་། ལམ་ལུགས་ལེགས་པོ་འདི་ཐལ་བར་འགྱུར་བའི་རྒྱུ་བྱས་ན། མི་རིགས་འདིའི་ལོ་རྒྱུས་ཀྱི་ཉེས་ཅན་པ་ནི། བསམ་བཞིན་ཉོག་དཀྲུགས་པའི་བྱེད་པོ་ཁྱོད་རྣམས་ལས་མ་འདས་ཤིང་། དགྲ་བོས་ཞི་དྲག་སྐྱ་མ་དགུ་དྲིལ་གྱིས་གཏོར་མ་ནུས་པ་དེ། ཁྱེད་ཚོས་བདེ་བླག་ངང་གཏོར་བ་ཡིན་པས། ལོ་རྒྱུས་ཀྱི་ཐལ་བ་ནག་པོ་དེ་ཁྱོད་རང་ཚོའི་མིག་ནང་དུ་འདེབས་པར་གདོན་མི་ཟ་ལ། ད་ལྟའི་ཆར་བོད་མི་རིགས་ལ་ཡོད་པའི་རེ་བའི་སྐྱ་རེངས་ཉག་གཅིག་དེ་ཁྱོད་ཚོས་བསྒྲིབས་པ་ཡིན་པས། རྐྱེན་འདི་ལ་བརྟེན་ནས་མི་རིགས་འདིའི་ལོ་རྒྱུས་ཀྱི་རྫོགས་ཚིག་ནག་པོ་འབྲི་བའི་བྱེད་པོའང་ཁྱོད་ཚོར་འགྱུར་སྲིད་ན། ད་ལྟ་བསམ་བཞིན་དུ་བོད་མིའི་སྒྲིག་འཛུགས་ཁ་འཐོར་དུ་གཏོང་བའི་བྱ་བ་དངོས་སུ་སྒྲུབ་མཁན་རྣམས་དང་། དེ་ལ་རྒྱབ་སྐྱོར་གྱི་དཀྲུགས་ཤིང་རིམ་པར་རྒྱག་མཁན་ཚོ་ནི། མི་རིགས་འདི་གསོད་ངེས་ཀྱི་ལག་དམར་ཤན་པར་བརྩིས་ནའང་འགྲིག་ཚོད་དུ་མཐོང་། གང་ལྟར། མི་འགྱངས་པར་བདམས་ཐོན་སྤྱི་འཐུས་སོགས་ཀྱིས་སླར་ཡང་ཚོགས་འདུ་བསྡུ་རྒྱུ་ཡིན་རབས་འདུག་ན། སྐབས་འདི་དང་འབྲེལ་ནས། མི་རིགས་དང་། ལོ་རྒྱུས། བདག་དབང་། འགན་འཁྲི། ངོ་ཚ། ལ་རྒྱ་ཞེས་པའི་ཚིག་འདི་དག་ལ་བསམ་བློ་བཏང་སྟེ། ནང་བཀྲ་ཤིས་པ་དང་། ཕྱི་དོན་འགྲུབ་པ་ཞིག་ཡོང་བའི་རེ་བ་ཞུ།།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

སྐར་མ ༤༨ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༢༡ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༢༣ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 6

  1. པ་རྡོར། says:
    ལོ་ 4 སྔོན།

    འོ་ཡ། ད་ཞབས་འདྲེན་དཔག་ཏུ་མེད་པ་ཞུས་ཟིན་སོང་། མི་ཡིས་ཆེད་དུ་བཟོས་པའི་རྙོག་དྲ་དེ་༸གོང་ས་མཆོག་གི་ཐུགས་དགོངས་དཀྲུག་རྒྱུ་བཟོས་སོང་། ད་ལྟའི་བོད་མིའི་འགོ་འཁྲིད་རྣམས་ཐབས་རྡུགས་རེད། རྙོག་དྲ་འདི་ལྟ་བུ་ཞིག་མེད་པ་བཟོ་ཐུབ་པའི་གདེང་ཚོད་དང་འཇོན་ཐང་མེད་ན། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གང་བྱ་རྒྱུ་ཡིན་ནམ། གྲྭ་པའི་མིང་འཁྱེར་དང་ཆོལ་ཁའི་མིང་འཁྱེར་ནས་བོད་མི་ནང་འཁུལ་དཀྲུག་མཁན་དང་༸གོང་ས་མཆོག་ཐུགས་མི་བདེ་བ་བཟོ་མཁན་ཚོར་ལས་རྒྱུ་འབྲས་ཀྱིས་འཕྱུགས་མི་ཡོང་ངོ་།། དེ་ངེས་གཏན་ཡིན། ཁྱེད་རྣམས་ཀྱི་འབྱུང་རྒྱུའི་མི་ཚེའི་ནང་ལྟོས་ཤིག་ཨང་། སྙིང་རེ་རྗེ། གཞུང་ཆེན་བཀའ་པོད་ལ་སྦྱངས་ནས་སྐྱེ་བོ་སོ་ཐར་ཐ་མལ་པ་ཞིག་གི་ལས་ལས་ཀྱང་ཐབས་རྡུགས་པའི་ལས་བྱེད་མཁན་གྱི་མགོ་རིལ་རྣམས་ལ་ཆོས་སྐྱོང་གི་བཀའ་ཆད་ཕོག་རྒྱུ་ཡིན་པ་གཏན་འཁེལ་ལོ།། ཞབས་འདྲེན་པ་ཚོ། ཆོལ་ཁའི་མིང་འཁྱེར་ནས་ཆོལ་ཁ་དེ་ཡི་མི་མང་མང་ཆེ་བའི་བསམ་ཚུལ་ལ་བརྩི་འཇོག་མི་ཞུ་མཁན་གྱི་སྤྱི་འཐུས་བསམ་མེད་པ་རྣམས་འཁྲབ་རྒྱུ་མཚམས་འཇོག་ན་ཡག་ཡོང་། དེ་མིན་ཆོལ་ཁ་དེ་ཡི་མི་རྣམས་ནས་ལན་འདེབས་ཡོང་རྒྱུ་ཡིན།

    བོད་མིའི་འགོ་གཙོ་རྣམས་ནས་ཀྱང་ཁ་ལ་ཀུ་རུ་ཁ་བརྒྱབ་ནས་བསྡད་རྒྱུའི་དུས་ཚོད་རྫོགས་ཟིན་པ་རེད། ཁྱེད་རྣམས་ནས་བོད་མིར་འཁྲིད་པའི་ལས་འགན་རྣམས་བསྒྲུབ་ཐུབ་ཀྱི་མེད་པ་དགོངས་པ་ཞུས་ན་ལེགས་སམ། མི་གཞན་ཞིག་གི་ས་ཆ་བཀག་ནས་བོད་མི་རིགས་ཀྱི་མ་འོངས་མདུན་ལམ་རྨེག་མེད་དུ་གཏོང་བཞིན་པ་རྣམས་ལའང་ལྟོས་མེད་དུ་བཞུགས་ན་ཞབས་འདྲེན་རེད། ཁྱེད་རྣམས་ལའང་ལས་རྒྱུ་འབྲས་ཀྱིས་དེད་ཡོང་བ་ངེས་གཏན་ཡིན་ནོ།།

    Reply
  2. ཚེ་བརྟན་འགྱུར་མེད། says:
    ལོ་ 4 སྔོན།

    འདེམས་ཐོན་སྤྱི་འཐུས་རྣམ་པས་༧གོང་ས་མཆོག་ནས་ལམ་སྟོན་བཀའ་སློབ་གང་གནང་ཐོག་ཤར་བསྐྱོད་ཞུ་རྒྱུའི་སྤྱི་མོས་སྙན་ཞུ་ཕུལ། སྐོར་ལ་གནས་དོན་གཉིས་ཐོག་ནས་བསམ་ཞིབ་གནང་རྒྱུ་ཡོད། དབུས་གཙང་དང་མདོ་སྨད། དེ་བཞིན་བྱང་ཨ་རི། ཡུ་རོབ། ཤར་ཨེ་ཞི་ཡའི་སྤྱི་འཐུས་བཅས་སྤྱི་འཐུས་ ༢༥ ནས་གཉིས་ལས་གཞན་ཚང་མས་རྩ་ཁྲིམས་རིན་པོ་ཆེ་དང་དེ་ལས་འབྱུང་བའི་བཅའ་ཁྲིམས་དགོངས་དོན་ལྟར་དམ་འབུལ་ཞུས། ད་རེས་ཀྱང་བོད་མི་རིགས་ཀྱི་རྒྱལ་ཁ་དང་། བདེ་དོན་དུ་བསམ་ཞིབ་སོགས་ལས་ཁོ་རང་ཚོ་བཅའ་ཁྲིམས་དགོངས་དོན་ལྟར་གནས་ཡོད་ནའང་རྙོག་ཁྲ་ལས་གྲོལ་ཐབས་དེ་གཙོ་བཟུང་གིས་སྤྱི་འཐུས་ཁྲིམས་མཐུན་དམ་འབུལ་ཞུ་འདོད་མེད་མཁན་ཚོའི་རེ་འདོད་ལྟར་གྱིས་༧གོང་ས་མཆོག་གིས་ལམ་སྟོན་ཞུ་རྒྱུར་མོས་འཆམ་ཞུས་རེད་སྙམ།
    གཉིས་པ། མདོ་སྟོད་མི་མང་དང་ཆོས་ལུགས་ཁོངས་ཀྱི་སྤྱི་འཐུས་ཚོས་ཁུངས་སོ་སོའི་མི་དམངས་ཀྱི་ཐུགས་རེ་ལྟར་བོད་རྒྱལ་ཁབ་དང་མི་མང་ཆེད་ཞབས་འདེགས་ཞུ་རྒྱུ་ལས་ལྡོག་པའི་ལས་བྱས།་ཞབས་འདྲེན་ཞུས། དེའི་རྐྱེན་ལས་ཁོ་ཚོར་ཚད་ལྡན་མི་དམངས་ཀྱི་རྒྱབ་སྐྱོར་མ་ཐོབ། ཁ་སྐྱེངས། བྱ་ལམ་གཞན་མེད་པས་ད་ཆ་ཁོ་རང་ཚོས་བྱ་ངན་དེ་གཡོལ་ཐབས་ཆེད་༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོང་གང་གནང་དུ་ཤར་བསྐྱོད་ཞུ་རྒྱུ་དེ་མ་བྱ་ཐབས་མེད་དུ་གྱུར་བ་ལས་དེ་མིན་ཡག་རྟག་མི་མཐོང་། ༸གོང་ས་མཆོག་གིས་ལམ་སྟོན་ལྟར་ཞུ་རྒྱུ་ཡིན་ན་བཅའ་ཁྲིམས་དགོངས་དོན་ལྟར་ཞུ་མ་ཐུབ་པ་གང་གིས་མཆིར། བཅའ་ཁྲིམས་དེ་༸གོང་ས་མཆོག་གིས་ ། རིང་ནས་སྙིང་དུ་བརྣགས་པའི་འདོད་བའི་དོན་། དེ་ཡིན་པའི་མཆིར།།

    Reply
  3. བློ་བཟང་། says:
    ལོ་ 4 སྔོན།

    དྲ་གྲོགས་དོན་འགྲུབ་ལགས། དགེ་བཤེས་སྨྱོན་པ་ཡིན་པ་ཙམ་ལ་ཧ་ལས་དོན་མེད། ཁོང་སྨྱོན་པ་ཙམ་ཡིན། ཞེན་སྣང་ཆེ་ཤོས་དེ་ཆོལ་ཞེན་སྨྱོན་པ་དེ་ཚོ་མིན་ནམ།

    Reply
  4. དོན་འགྲུབ says:
    ལོ་ 4 སྔོན།

    དགེ་བཤེས་སྨྱོན་པ་ལགས།བཅའ་ཁྲིམས་བསྒྱུར་བཅོས་བཏང་ཚང་ཡང་ཟམ་གདོང་བླ་མས་བཅའ་ཁྲིམས་རྙིང་པ་འགྲེལ་བཤད་རྒྱག་ནས་སྤྱི་ཚོགས་འཁྲུལ་རྐྱེན་ཐེབས་པ་རེད།དེ་ནས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་ཟིན་ན་ཡང་རང་འགུལ་ཡང་བསྐྱར་ཡར་ཡོང་ནས་ཁྲིམས་ཁང་གོ་གནས་འཁྲེགས་བཟུང་བྱེད་བཞིན་པ་ལ་བརྟེན་ད་ཅག་འདི་འདྲ་བྱུང་བ་རེད་དོ།

    Reply
  5. ཚེ་བརྟན་འགྱུར་མེད། says:
    ལོ་ 4 སྔོན།

    དགེ་བཤེས་བློ་བཟང་དཔལ་ལྡན། ཨོ་གླིང་། ནས་སེམས་གཏམ་དམར་པོའི་གཏམ་དེའི་སུ་ལ་གནང་བའི་ཡུལ་དེ་ཁ་གསལ་མིན་འདུག་ཀྱང་ཉམས་ཞིབ་ན་བཅའ་ཁྲིམས་དང་འགལ་མཁན་སྤྱི་འཐུས་་ ༢༢ དེར་ཡིན་པ་གསལ་པོ་འདུག ད་དུང་གསལ་བཤད་ཕྲན་བུ་ཞུས་ན་རྒྱུན་རིང་ཞིག་ནང་རྒྱ་དམར་པོས་ལུས་ངག་ཡིད་གསུམ་བྱ་སྤྱོད་གང་ལའང་སོ་སོའི་འདོད་མོས་ཀྱིས་སྒེར་སྤྱོད་ཀྱི་རང་དབང་མེད་ཐོག་ཁོ་རང་ཚོའི་རྣམ་རྟོགས་ལས་བྱུང་བའི་བསམ་ཞིབ་ལའང་མནར་སྤྱོད་འཇིག་རྟེན་ནང་བྱུང་མ་མྱོང་བ་ཞུས་ན་ནི་ད་ལྟ་རྒྱ་མིས་བོད་མི་རིགས་སུ་བཏང་དང་གཏོང་བཞིན་པ་མ་ཚད་། མནར་སྤྱོད་དེ་དག་རང་ལུས་སུ་མྱོང་མཁན་གྱི་སྐྱེ་བོ་ད་སྐབས་ཀྱི་རང་རེའི་གྲོས་ཚོགས་རྙོགས་ཁྲ་བཟོ་མཁན་གྱི་ནང་མང་པོ་ཡོད་འདུག་པ་ཚོས་བསྡད་ས་བྱུང་ན་སྐྱོང་སའི་དཔེ་ལས་རྒྱ་དམར་པོའི་དགོས་དོན་བསམ་བཞིན་དུའམ་བསམ་མེད་ལས་སྒྲུན་བཞིན་པའི་དགོངས་ཚུལ་ལྟ་བུའང་ངས་དོན་གོ་གིན།

    དགོངས་ཚུལ་ཡག་པོ་དང་བཅའ་ཁྲིམས་ལམ་དུ་གནང་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཅའ་ཁྲིམས་ལྟར་ལག་ལེན་འཁེལ་རྒྱུ་ནི་དབང་མེད་་ཀྱི་དབང་། སྟོབས་མེད་ཀྱི་སྟོབས། ནོར་མེད་ཀྱི་ནོར་། ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་གྱི་གོང་བུ་དང་བོད་ཆོལ་གསུམ་ལ་སྐྱིད་པའི་ཉི་མའི་འབྱུང་རྩ་དེ་ཡང་ཡིན། རྙོག་ཁྲ་འདི་བཅའ་ཁྲིམས་དགོངས་དོན་ནམ་ལམ་ནས་སེལ་མ་ཐུབ་པའི་རྐྱེན་རྩའི་ནང་ཆོས་འཐུས་ཚོས་གལ་འགངས་ཆེ་བའི་ཞབས་འདེགས་སམ་ཞབས་འདྲེན་ཆེན་པོ་ཞིག་ཞུས་ཡོད། དེ་ཡང་གྲོས་ཚོགས་འཚོགས་སྐྱོང་ཐུབ་དང་མ་ཐུབ་ཀྱི་དོན་རྩ་གསུམ་ཆ་གཉིས་དེར་ཡིན་ཚོད། གལ་སྲིད་ཆོལ་ཁའི་ཆོལ་སྲིད་འཁྲབ་ནའང་ཆོས་འཐུས་ཚོས་མེ་འབར་པ་ལ་ཤིང་རྒྱབ་མེད་ན་ཆུ་རྒྱབ་མི་དགོས་པར་མེ་རང་བཞིོན་མེད་པ་འགྲོ་རྒྱུ་རེད། དེར་བརྟེན་ཆོས་འཐུས་མི་དགོས་ཞུ་མཁན་བོད་མི་མང་མང་པོ་ཞིག་ཡོད་པ་དང་། འགའ་རེས་བསྒྱུར་བཅོས་དཔེ་ན་། ཆོས་འཐུས་གྲོས་ཚོགས་ལམ་ནས་མེད་པ་ཞུ་མ་ཐུབ་ན་ཆོས་ལུགས་ཚང་མའི་ནང་དད་མོས་ཞུ་མཁན་བོད་ཆོས་གསུམ་གྱི་མི་མང་ཡོད་སྟབས་ཆོལ་གསུམ་ཀ་ནས་ཆོས་འཐུས་རེ་རེ་འདེམས་རྒྱུ་བྱུང་ན་དགེ་མཚན་ཆེ་གནས་ཀྱི་དགོངས་འཆར་ཡོད། སྐུ་ཉིད་དངོས་སུ་ཆོས་འཐུས་དང་འབྲེལ་ཆེ་གནས་ལ་སོང་གནད་དོན་ཐད་དགོངས་ཞིབ་ཕེབས་ཐུབ་ན་རན་ཆེ་བ་དང་ཕན་ཆེ་ལགས་ཀྱང་དཔེ་ཆའི་ནང་དུ་མེད་ནའང་ཐུགས་ལ་མེད་པ་ག་ནས་ཡིན།།

    Reply
  6. བོད་མི་ says:
    ལོ་ 4 སྔོན།

    འདི་ལོ་ཕྱི་ཟླ་དགུ་པའི་ཚེས་ ༢༧ ཉིན་སྤྱི་འཐུས་རྣམ་པ་ལྷན་ཚོགས་གནང་གི་ཡོད་པ་དེ་བཞིན་གང་འདྲ་ཞིག་ཡོང་ངམ་སྙམས་པའི་སེམས་འཚབས་བྱེད་བཞིན་ཡོད། དེ་ཡང་སྤྱི་འཐུས་གསར་པ་འདམས་འཐོན་བྱུང་བ་ནས་ད་བར་ཟླ་བ་ལྔ་ཙམ་སོང་ན་ཡང་ཞི་མོལ་ཞི་མཐུན་མ་བྱུང་བར་ལུས་ནས་བཀའ་ཤག་གི་བཀའ་བློན་གསར་པ་རྣམ་པ་སྐོ་བཞག་གནང་མ་ཐུབ་སོགས་ཀྱི་སྐུ་ངལ་དང་བོད་མི་རྣམས་ལ་སེམས་འཚབས་དང་བློ་འཕམ་ཆེན་པོ་བཟོ་གནང་སོང་བ་དང་། གཉིས་ནས་རྒྱ་དམར་མནར་གཅོད་པར་གཏམ་བཟང་གི་གོ་སྐབས་བྱུང་ནས་བོད་ནང་གི་སྤུན་ཟླ་ཚོར་བློ་འཕམ་ཡོང་བའི་སྐད་ངན་སྒྲོགས་པ་སོགས་ཀྱི་གོ་སྐབས་སྤྲད་གནང་སོང་བ་སོགས་གང་ལྟར་བོད་དོན་ལ་ཕན་པའི་གནང་ཕྱོགས་བྱུང་མ་སོང་། གལ་སྲིད་བོད་མི་མང་གི་སྤྱི་འཐུས་ཡིན་ན་མིང་དོན་མཚུངས་པའི་གནང་ཕྱོགས་དགོས་ཀྱི་འདུག་པས་ཐུགས་བསམ་རྣམ་དག་བཞེས་ནས་སྤྱི་མཐུན་གྱི་མཛད་འཁུར་བཞེས་རོགས་ཞུ་རྒྱུ་རེད། རྩ་བར་ལས་དོནགང་ཡིན་ན་ཡང་མང་མོས་ཐོག་ཐག་བཅད་དེ་ལས་དོན་ལ་འཐུས་ཤོར་མེད་པ་གནང་རྒྱུ་སྤྱི་སྒེར་གང་གི་དོན་ཡིན་ན་ཡང་གལ་ཆེན་པོ་ཡིན་པ་སྨོས་མེད་རེད། དེ་མིན་དབུ་ཁྲེག་པོའི་ཐོག་ནས་ཨོར་ཏོམ་གནང་ནས་སྤྱི་དོན་ལ་ཁྱད་གསོད་སྣང་མེད་ཀྱི་མཛད་དོན་དེ་འདྲ་གནང་ན་ཕྱིའི་བསྟན་དགྲ་ལས་ལྷག་པའི་གནང་སྟངས་ངན་པ་་བརྟེན་དགྲ་ལས་བྱེད་སྟངས་ངན་ན་ཐུགས་བསམ་ཡག་པོ་བཞེས་དགོས་འདུག་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese